ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚེས10ཉིན་གྱི་ཕྱི་དྲོར་པེ་ཅིན་དུ་མ་དབྱིན་ཅིའུ་འཁོར་དང་བཅས་པར་ཐུག་འཕྲད་གནང་།
ཟླ4པའི་ཚེས10ཉིན་གྱི་ཕྱི་དྲོར། ཀྲུང་དབྱང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིན་དུ་མ་དབྱིན་ཅིའུ་འཁོར་དང་བཅས་པར་ཐུག་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ངོགས་གཉིས་ཀྱི་སྤུན་ཟླ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཁོངས་སུ་གཏོགས། ཀྲུང་ཧྭ་མི་རིགས་ནི་འཛམ་གླིང་སྟེང་ཆེས་རླབས་ཆེ་བའི་མི་རིགས་ཤིག་ཡིན་ལ། ལོ་རྒྱུས་ཡུན་རིང་ཞིང་འོད་སྟོང་འཚེར་བ། འགྲན་ཟླ་བྲལ་བའི་ཀྲུང་ཧྭའི་དཔལ་ཡོན་བསྐྲུན་ཡོད་པས། དེ་ནི་ཀྲུང་ཧྭའི་བུ་དང་བུ་མོ་ཚང་མའི་ང་རྒྱལ་དང་གཟི་བརྗིད་ཡིན། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ5000ལྷག་གི་ལོ་རྒྱུས་ཁྲོད་སྔ་རབས་མེས་པོ་རྣམས་ཐའེ་ཝན་དུ་གནས་སྤོར་དང་འཚོ་སྡོད་བྱས་པའི་ལོ་རྒྱུས་བཀོད་ཡོད་ལ། ངོགས་གཉིས་ཀྱི་སྤུན་ཟླས་ཐུན་མོང་ཐོག་ཕྱིའི་བཙན་འཛུལ་འགོག་རྒོལ་དང་ཐའེ་ཝན་སླར་གསོ་བྱས་པ་ཟིན་ཐོར་བཀོད་ཡོད། ཀྲུང་ཧྭ་མི་རིགས་ཀྱི་ཡུན་རིང་བའི་བགྲོད་ལམ་འདིས་མཚོ་འགག་འགྲམ་གཉིས་ནི་གཅིག་ལ་གཅིག་བརྟེན་གྱིས་ཁ་ཕྲལ་དུ་གཏོང་མི་རུང་བའི་ལོ་རྒྱུས་དང་། ངོགས་གཉིས་ཀྱི་སྤུན་ཟླའི་བརྩེ་བ་ནམ་ཡང་གཅིག་ཏུ་སྦྲེལ་བའི་ལོ་རྒྱུས་དོན་དངོས་བརྩམས་ཡོད།
ཟླ4པའི་ཚེས10ཉིན་གྱི་ཕྱི་དྲོར། ཀྲུང་དབྱང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིན་དུ་མ་དབྱིན་ཅིའུ་འཁོར་དང་བཅས་པར་ཐུག་འཕྲད་གནང་།
ངོགས་གཉིས་ཀྱི་སྤུན་ཟླ་ནི་ཚང་མ་ཀྲུང་གོ་པ་ཡིན་པས། འགལ་བ་ཅི་ཡིན་ཡང་ཐག་གཅོད་མི་ཐུབ་པ་མེད་པ་དང་། གནད་དོན་ཅི་བྱུང་ཡང་གྲོས་མོལ་བྱས་མི་ཆོག་མེད་ལ། སྟོབས་ཤུགས་གང་གིས་ཀྱང་ང་ཚོ་ཁ་ཕྲལ་ཏུ་གཏོང་མི་ཐུབ། མཚོ་འགག་འགྲམ་གཉིས་ཀྱི་བར་ཐག་གིས་ངོགས་གཉིས་ཀྱི་སྤུན་ཟླའི་ཤ་ཁྲག་གི་བརྩེ་བ་གཅོད་མི་ཐུབ། ལམ་ལུགས་མི་འདྲ་བ་དེས་ངོགས་གཉིས་རྒྱལ་ཁབ་གཅིག་ལ་གཏོགས་པ་དང་མི་རིགས་གཅིག་ཡིན་པའི་དོན་དངོས་ལ་འགྱུར་ལྡོག་གཏོང་མི་ཐུབ། ཕྱི་ཕྱོགས་ཀྱི་ཐེ་གཏོགས་ཀྱིས་ཁྱིམ་གཞིས་ཆེན་མོ་ལྷན་འཛོམས་ཀྱི་ལོ་རྒྱུས་ཁ་ཕྱོགས་ཆེན་མོར་བཀག་འགོག་བྱེད་མི་ནུས། ངོགས་གཉིས་ཀྱི་སྤུན་ཟླས་ནམ་ཡིན་ཡང་གཅིག་ཤུལ་གཅིག་འཛིན་དང་སེམས་ཤུགས་གཅིག་སྒྲིལ། སོ་སྲུང་རོགས་རེས་བྱས་ཡོད།
ན་གཞོན་ནི་རྒྱལ་ཁབ་ཀྱི་རེ་བ་དང་མི་རིགས་ཀྱི་མ་འོངས་པ་ཡིན། ངོགས་གཉིས་ཀྱི་ན་གཞོན་འབྲེལ་བ་བཟང་ན་ངོགས་གཉིས་ཀྱི་མ་འོངས་པར་མདུན་ལམ་ཡག་པོ་ལྡན། ངོགས་གཉིས་ཀྱི་ན་གཞོན་གྱིས་ཀྲུང་གོ་པའི་སྤོབས་པ་དང་ལ་རྒྱ། གཏིང་ཤུགས་བཅས་ཇེ་ཆེར་བཏང་ནས་ཐུན་མོང་ཐོག་ཀྲུང་ཧྭ་མི་རིགས་ཀྱི་ཡུན་རིང་བདེ་སྐྱིད་བསྐྲུན་དགོས་ལ། ཀྲུང་ཧྭ་མི་རིགས་ཀྱི་རྔམ་བརྗིད་ལྡན་པའི་ལོ་རྒྱུས་བསྟུད་མར་རྩོམ་དགོས།
ཟླ4པའི་ཚེས10ཉིན་གྱི་ཕྱི་དྲོར། ཀྲུང་དབྱང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིན་དུ་མ་དབྱིན་ཅིའུ་འཁོར་དང་བཅས་པར་ཐུག་འཕྲད་གནང་།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ངོགས་གཉིས་ཀྱི་སྤུན་ཟླ་ལ་ཐུན་མོང་གི་ཁྲག་རྒྱུན་དང་ཐུན་མོང་གི་རིག་གནས། ཐུན་མོང་གི་ལོ་རྒྱུས་ཡོད་པ་དང་། ལྷག་པར་དུ་ང་ཚོར་མི་རིགས་ལ་ཐུན་མོང་འགན་འཁྲི་དང་མ་འོངས་པར་ཐུན་མོང་གི་རེ་གཞག་ཡོད་པ་ནི་ཤིན་ཏུ་གལ་ཆེན་ཡིན། ང་ཚོས་ཀྲུང་ཧྭ་མི་རིགས་སྤྱི་ཡོངས་ཀྱི་ཁེ་ཕན་དང་ཡུན་རིང་གི་འཕེལ་རྒྱས་ཐད་ནས་ངོགས་གཉིས་ཀྱི་འབྲེལ་བའི་ཁྱོན་ཡོངས་ལ་དམ་འཛིན་བྱེད་དགོས།
གཅིག ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཁྱིམ་གཞིས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས། ཀྲུང་ཧྭ་མི་རིགས་དང་ཀྲུང་ཧྭ་དཔལ་ཡོན་ལ་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་བརྒྱུད་དེ་དཀའ་སྡུག་དང་ཉམས་སེད་སྣ་ཚོགས་བརྒྱུད་ཡོད་ལ། འོན་ཀྱང་སྟོབས་ཤུགས་ལ་འཛད་མཐའ་མེད་པ་དང་རྒྱུན་ཆད་མེད་པའི་གནད་འགག་ནི་ཀྲུང་ཧྭ་མི་རིགས་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁོངས་ཁ་ཕྲལ་ཏུ་མི་གཏོང་བ་དང་རྒྱལ་ཁབ་ཟང་ཟིང་དུ་མི་གཏོང་བ། མི་རིགས་ཁ་ཐོར་དུ་མི་གཏོང་བ། དཔལ་ཡོན་ལ་མཚམས་མི་གཅོད་པའི་ཐུན་མོང་གི་དད་སེམས་ཡོད་པས་ཡིན། སྲ་བརྟན་གཅིག་གྱུར་གྱི་རྒྱལ་ཁབ་ནི་ཐའེ་ཝན་སྤུན་ཟླ་འདུས་པའི་ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་ཀྱི་ལས་དབང་ལ་ནམ་ཡང་རེག་ལས་ཡོད། ངོགས་གཉིས་ཀྱི་སྤུན་ཟླའ་མཐའ་གཅིག་ཏུ་ཐའེ་ཝན་རང་བཙན་ཁ་ཕྲལ་གྱི་བྱ་འགུལ་དང་ཕྱི་ཕྱོགས་སྟོབས་ཤུགས་ཀྱི་ཐེ་གཏོགས་ལ་ངོ་རྒོལ་བྱེད་དགོས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཁྱིམ་གཞིས་ལ་ནམ་ཡང་སྲུང་སྐྱོབ་བྱས་ཏེ། ཐུན་མོང་ཐོག་ཞི་བདེ་གཅིག་གྱུར་གྱི་མཛེས་སྡུག་མ་འོངས་པར་བརྩོན་སྙེག་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་དེ་ཀྲུང་གོ་པ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས།
ངོགས་གཉིས་ཀྱི་སྤུན་ཟླས་ཁྱིམ་གཞིས་ཞི་བདེ་གཏན་འཇགས་དང་ཁྱིམ་མི་འཆམ་མཐུན་མཉམ་གནས་ལ་རེ་སྒུག་བྱེད་ཀྱིན་ཡོད་པས། ངེས་པར་དུ་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཤིང་། དེའི་གནད་འགག་ནི་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པའི་དགུ་གཉིས་ཐུན་མོང་ངོས་འཛིན་ཡིན་ཞིང་། ལྟེ་བ་ནི་ངོགས་གཉིས་རྒྱལ་ཁབ་གཅིག་ལ་གཏོགས་པ་དང་མི་རིགས་གཅིག་ཡིན་པའི་གཞི་རྩའི་དོན་དངོས་ལ་ཐུན་མོང་གི་ངོས་ཤེས་ཡོད་དགོས་པ་དེ་ཡིན། རྒྱལ་ཁབ་ཁ་ཕྲལ་ཏུ་མི་གཏོང་བ་དང་ངོགས་གཉིས་ཚང་མ་ཀྲུང་གོ་བ་དང་ཁྱིམ་ཚང་གཅིག་ཡིན་པ་ངོས་ལེན་ཚེ། ངོགས་གཉིས་ཀྱི་སྤུན་ཟླས་ནམ་ཡང་བཞུགས་མོལ་བྱས་ཆོག་ལ། ཁྱིམ་ཚང་ནང་གི་གནད་དོན་སྔོན་ལ་འབྲེལ་འདྲིས་བརྗེ་རེས་བྱས་ཏེ། རྒྱུས་ལོན་ཟབ་མོ་དང་ཕན་ཚུན་ཡིད་རྟོན་གཏིང་ཟབ་དུ་བཏང་ནས་འགལ་བ་ཞི་ལྷོད་དང་ཐུན་མོང་ངོས་འཛིན་འཚོལ་ཞིབ་བྱས་ཆོག
གཉིས། ཐུན་མོང་ཐོག་ཀྲུང་ཧྭ་མི་རིགས་ཀྱི་ཡུན་རིང་བདེ་སྐྱིད་མཉམ་སྐྲུན་བྱེད་དགོས། ངོགས་གཉིས་ཀྱི་སྤུན་ཟླར་བདེ་སྐྱིད་བརྩོན་ལེན་བྱེད་པ་ནི་ང་ཚོས་ངོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་མགོ་རྩོམ་ས་དང་གཞི་འབབ་ས་ཡིན། ཀྲུང་ཧྭ་མི་རིགས་ཀྱི་ཡུན་རིང་བདེ་སྐྱིད་མཉམ་སྐྲུན་བྱེད་པའི་དམིགས་འབེན་འདི་རླབས་ཆེ་ཞིང་བབ་ཆགས་པ་ཞིག་ཡིན་ལ། མཐར་གཏུགས་ན་ངོགས་གཉིས་ཀྱི་སྤུན་ཟླས་མཛེས་སྡུག་འཚོ་བར་བཅིངས་པའི་རེ་གཞག་མངོན་འགྱུར་བྱ་རྒྱུ་དེ་ཡིན་ཞིང་། ཐའེ་ཝན་སྤུན་ཟླ་འདུས་པའི་ཀྲུང་གོ་བ་ཡོངས་ཀྱིས་སྔར་ལས་བཟང་པའི་འཚོ་བ་སྐྱེལ་བ་དང་ཐུན་མོང་ཐོག་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་དགོས། ང་ཚོར་མི་གྲངས་དུང་ཕྱུར14ལྷག་འདུས་པའི་ནང་ལོགས་ཀྱི་སྤུན་ཟླའི་སྣེ་ཁྲིད་དེ་འཚོ་བ་ལེགས་པོ་སྐྱེལ་རྒྱུའི་ནུས་པ་ཡོད་ལ། ཐའེ་ཝན་སྤུན་ཟླ་དང་མཉམ་དུ་ཐུན་མོང་ཐོག་མཛེས་སྡུག་མ་འོངས་པ་བསྐྲུན་པའི་ནུས་པའང་ཡོད།
ང་ཚོས་ནམ་ཡིན་ཡང་ཐའེ་ཝན་སྤུན་ཟླའི་བདེ་སྐྱིད་སེམས་སུ་ཉར་ཏེ། དང་ཐོག་ནས་ཐའེ་ཝན་སྤུན་ཟླ་དང་མཉམ་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་གོ་སྐབས་མཉམ་སྤྱོད་བྱས་ཏེ། མེས་རྒྱལ་གྱི་སྐམ་ས་ཆེན་མོའི་འཕེལ་རྒྱས་གོང་སྤེལ་གྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པ་དང་། ཧུར་ཐག་གིས་ཐའེ་ཝན་སྤུན་ཟླར་དོན་དངོས་སྒྲུབ་པ་དང་དོན་བཟང་སྒྲུབ་པ། དཀའ་ངལ་སེལ་བ་བཅས་ཀྱིས་ཐའེ་ཝན་སྤུན་ཟླ་ལ་སྔར་ལས་ཁེ་ཕན་དང་སྔར་ལས་བདེ་སྐྱིད། སྔར་ལས་མཛེས་སྡུག་གི་མ་འོངས་པ་བསྐྲུན་རྒྱུ་ཡིན།
གསུམ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་དགོས། ཀྲུང་ཧྭ་མི་རིགས་ཀྱིས་ཡུན་རིང་བའི་ལོ་རྒྱུས་ཁྲོད། ཐུན་མོང་ཐོག་ཐའེ་ཝན་གླིང་ཕྲན་འདུས་པའི་མེས་རྒྱལ་གྱི་མངའ་ཁོངས་འཛུགས་སྐྲུན་བྱས་ཤིང་། ཐུན་མོང་ཐོག་ཀྲུང་གོའི་ལོ་རྒྱུས་བརྩམས་ལ། ཐུན་མོང་ཐོག་ཀྲུང་ཧྭའི་རིག་གནས་གསར་སྐྲུན་བྱས་པ་དང་། ཐུན་མོང་ཐོག་མི་རིགས་ཀྱི་སྙིང་སྟོབས་གསོ་སྐྱོང་བྱས་ཡོད། ངོགས་གཉིས་ཀྱི་སྤུན་ཟླ་ནི་གནའ་ནས་ཁྱིམ་ཚང་གཅིག་གི་མི་ཡིན་པས། རྒྱུན་དུ་འགྲོ་འོང་བྱེད་དགོས་ལ། བར་ཐག་ཇེ་ཉེ་དང་གཉེན་ཉེ་འབྲེལ་བ་དམ་ཟབ་དུ་གཏོང་དགོས། ང་ཚོས་སྔར་བས་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་ངོགས་གཉིས་ཀྱི་བརྗེ་རེས་འགྲོ་འོང་མཉམ་འདྲེས་ལ་ཧུར་ཐག་གིས་སྐུལ་འདེད་བཏང་སྟེ། ངོགས་གཉིས་ཀྱི་སྤུན་ཟླས་བརྗེ་རེས་ཁྲོད་བློ་སེམས་གཅིག་ཏུ་སྦྲེལ་བ་དང་། འབྲེལ་འདྲིས་ཁྲོད་ཡིད་རྟོན་འཕར་བར་བྱེད་པ། བློ་སེམས་འཕྲོད་མཐུན་ཡོང་བར་སྐུལ་འདེད་བྱེད་དགོས། ང་ཚོས་ལྷག་བསམ་རྣམ་དག་གིས་རྒྱ་ཆེའི་ཐའེ་ཝན་སྤུན་ཟླ་རྣམས་ནང་ལོགས་སུ་ལྟ་སྐོར་བྱེད་པར་དགའ་བསུ་དང་། ནང་ལོགས་ཀྱི་མང་ཚོགས་རྣམས་མེས་རྒྱལ་གྱི་ཐའེ་ཝན་གླིང་ཕྲན་དུ་ཕེབས་པར་སྐུལ་ལྕག་གཏོང་རྒྱུ་ཡིན།
བཞི། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་མཐའ་གཅིག་ཏུ་མངོན་འགྱུར་བྱེད་དགོས། ལོ་ངོ་བརྒྱའི་འབད་བརྩོན་བརྒྱུད་དེ། ང་ཚོ་བདེ་བླག་ངང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་ཞིག་ཏུ་བསྐྱོད་ཡོད་ལ། མི་རིགས་བསྐྱར་དར་གྱི་འོད་སྟོང་ལྡན་པའི་མདུན་ལམ་བསུས་ཤིང་། དེས་སྐུ་ཞབས་སུན་ཀྲུང་ཧྲན་གྱིས་སྔོན་ཆད་འཆར་འགོད་བྱས་པའི་དཔེ་རིས་མངོན་འགྱུར་བྱས་པ་མ་ཟད། སྐུ་ཞབས་སུན་ཀྲུང་ཧྲན་གྱིས་བློ་བཀོད་གནང་བའི་གྲུབ་འབྲས་ལས་ཆེས་ཆེར་བརྒལ་ཡོད། མི་རིགས་བསྐྱར་དར་གྱི་ལོ་རྒྱུས་ཀྱི་འཁོར་འགྲོས་ནམ་ཡང་མདུན་དུ་བསྐྱོད་བཞིན་ཡོད་པ་དང་། དེར་ངོགས་གཉིས་ཀྱི་སྤུན་ཟླའི་འབད་བརྩོན་དང་རྔུལ་ཆུ་གཅིག་ཏུ་འདུས་དགོས་ལ། ངོགས་གཉིས་ཀྱི་སྤུན་ཟླའི་སེམས་ཤུགས་གཅིག་སྒྲིལ་དང་རྒྱུན་མཐུད་འབད་བརྩོན་བྱེད་དགོས་ཤིང་། དེར་མ་ཟད་ངོགས་གཉིས་ཀྱི་སྤུན་ཟླའི་རྒྱུན་མཐུད་འབད་བརྩོན་ཁྲོད་མངོན་འགྱུར་བྱེད་ངེས་ཡིན། ངོགས་གཉིས་ཀྱི་ན་གཞོན་གྱིས་བྱེད་ནུས་མང་པོ་འདོན་དགོས་པ་དང་། མདུན་ལམ་ཡང་ཆེན་པོ་ལྡན་ངེས། ང་ཚོས་ཐའེ་ཝན་གྱི་ན་གཞོན་རྣམས་མེས་རྒྱལ་གྱི་སྐམ་ས་ཆེན་མོར་ཡོང་ནས་ཕུགས་འདུན་བརྩོན་བསྙེགས་བྱེད་པར་དགའ་བསུ་ཞུས་ནས། མུ་མཐུད་དུ་ངོགས་གཉིས་ཀྱི་ན་གཞོན་འཚར་ལོངས་ཡོང་བ་དང་ཤེས་ལྡན་པར་འགྱུར་བ། ལེགས་འགྲུབ་ཡོང་བ་བཅས་ལ་སྔར་ལས་ལེགས་པའི་ཆ་རྐྱེན་དང་གོ་སྐབས་བསྐྲུན་རྒྱུ་ཡིན། ངོགས་གཉིས་ཀྱི་ན་གཞོན་གྱིས་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པ། ཕན་ཚུན་མཉམ་འདྲེས་དང་གཅིག་ལ་གཅིག་བརྟེན། སེམས་ཤུགས་གཅིག་སྒྲིལ་དང་ཐུན་མོང་མདུན་སྐྱོད་བྱས་ཏེ། ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས་མི་རིགས་བསྐྱར་དར་མངོན་འགྱུར་ལ་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།
ཟླ4པའི་ཚེས10ཉིན་གྱི་ཕྱི་དྲོར། ཀྲུང་དབྱང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིན་དུ་མ་དབྱིན་ཅིའུ་འཁོར་དང་བཅས་པར་ཐུག་འཕྲད་གནང་།
ཞི་ཅིན་ཕིང་གིས་བཤད་རྒྱུར། ཟླ4པའི་ཚེས3ཉིན། ཧྭ་ལེན་རྫོང་གི་མཚོ་ཁོངས་སུ་ཚད་རིམ7.3ཅན་གྱི་ས་ཡོམ་བྱུང་ནས་མི་སྣ་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུད་ཐེབས་པས། ངས་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་རྣམས་ལ་ལྷག་བསམ་རྣམ་དག་གིས་མྱ་ངན་ཞུ་རྒྱུ་དང་གནོད་ཐེབས་མང་ཚོགས་ལ་འཚམ་འདྲི་ཞུ་རྒྱུ་ཡིན་ཟེར།
མ་དབྱིན་ཅིའུ་ཡིས་བསྟན་དོན། དགུ་གཉིས་ཐུན་མོང་ངོས་འཛིན་རྒྱུན་འཁྱོངས་དང་ཐའེ་ཝན་རང་བཙན་ལ་ངོ་རྒོལ་བྱ་རྒྱུ་ནི་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེ་འཕེལ་རྒྱས་ཡོང་བའི་ཐུན་མོང་གི་ཆབ་སྲིད་རྨང་གཞི་ཡིན། ངོགས་གཉིས་ཀྱི་མི་དམངས་ནི་ཀྲུང་ཧྭ་མི་རིགས་ལ་གཏོགས་པ་དང་ཚང་མ་ཡན་ཧོང་གི་རིགས་རྒྱུད་ཡིན་པས། ངེས་པར་དུ་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། ཐུན་མོང་ཐོག་ཀྲུང་ཧྭའི་རིག་གནས་རྒྱུད་འཛིན་བྱས་ཏེ། ངོགས་གཉིས་ཀྱི་སྤུན་ཟླའི་བདེ་སྐྱིད་ཇེ་ཆེར་གཏོང་བ་དང་། ལག་གདང་སྦྲེལ་ནས་མདུན་སྐྱོད་དང་། ཀྲུང་ཧྭ་དར་སྤེལ་ལ་འབད་བརྩོན་བྱེད་དགོས།
ཚོགས་ཞུགས་ཀྱི་ཐའེ་ཝན་ན་གཞོན་གྱིས་གཏམ་བཤད་སྤེལ།
ཝང་ཧུའུ་ཉིང་དང་ཚའེ་ཆི་སོགས་ཐུག་འཕྲད་ལ་ཞུགས། །
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=4630
དཔྱད་མཆན་སྤེལ།