ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-22

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས19ཉིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ཆ་འཕྲིན་རོགས་སྐྱོར་དཔུང་སྡེ་འཛུགས་པའི་ཚོགས་ཆེན་པེ་ཅིན་གྱི་བརྒྱད་གཅིག་ཐོག་ཁང་དུ་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆ་འཕྲིན་རོགས་སྐྱོར་དཔུང་སྡེར་དམག་དར་གནང་བ་མ་ཟད་བསླབ་བྱ་གནང་བ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཆ་འཕྲིན་རོགས་སྐྱོར་དཔུང་སྡེའི་དཔོན་དམག་ཡོངས་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས། ཁོང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་པའི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་དང་དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱས་ནས། ཆབ་སྲིད་ཀྱི་ཐོག་ནས་དམག་དཔུང་འཛུགས་པ་དང་བཅོས་སྒྱུར་གྱིས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཚན་རྩལ་གྱིས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། འཇོན་མིས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཁྲིམས་ལྟར་དམག་སྐྱོང་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ནས། དམག་འཐབ་ལ་དམ་པོར་དམིགས་ཏེ་མ་ལག་མཉམ་འདྲེས་དང་ཁྱབ་ཁོངས་ཡོངས་ནས་འདེགས་སྐྱོར་བྱེད་པའི་འཐབ་ཇུས་བླང་བྱ་གཞིར་བཟུང་སྟེ། བློ་རྩ་བརྟན་པོའི་ངང་ཡར་རྒྱས་ཡོང་བར་བྱེད་པ་དང་ལས་ཀ་ཏན་ཏིག་ངང་སྒྲུབ་ནས། དེང་རབས་ཅན་གྱི་ཆ་འཕྲིན་རོགས་སྐྱོར་དཔུང་སྡེ་སྟོབས་ལྡན་ཞིག་འཛུགས་སྐྲུན་གང་ལེགས་བྱེད་དགོས།

ཟླ4པའི་ཚེས19ཉིན།  ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ཆ་འཕྲིན་རོགས་སྐྱོར་དཔུང་སྡེ་འཛུགས་པའི་ཚོགས་ཆེན་པེ་ཅིན་གྱི་བརྒྱད་གཅིག་ཐོག་ཁང་དུ་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆ་འཕྲིན་རོགས་སྐྱོར་དཔུང་སྡེར་དམག་དར་གནང་བ་མ་ཟད་བསླབ་བྱ་གནང་། འདི་ནི་ཞི་ཅིན་ཕིང་གིས་བསླབ་བྱ་གནང་བའི་ཚུལ་རེད།

ཕྱི་དྲོའི་ཆུ་ཚོད4སྟེང་། ཆ་འཕྲིན་རོགས་སྐྱོར་དཔུང་སྡེ་འཛུགས་པའི་ཚོགས་ཆེན་དངོས་སུ་མགོ་བརྩམས་པ་ན། ཚོགས་ར་ཡོངས་སུ་རྒྱལ་གླུ་སྐད་མཐོན་པོས་བླངས། གུས་སྲུང་དམག་གིས་དམག་དར་སྲུང་སྐྱོབ་བྱས་ནས་ཀྲུའུ་ཞིའི་སྟེགས་བུའི་མདུན་ཐད་དུ་བསྐྱོད། ཞི་ཅིན་ཕིང་གིས་དམག་དར་དེ་ཆ་འཕྲིན་རོགས་སྐྱོར་དཔུང་སྡེའི་དམག་སྤྱི་ཆེན་མོ་པིས་དབྱི་དང་ཆབ་སྲིད་ཨུ་ཡོན་ལིས་ཝེ་ལ་གནང་། ཆ་འཕྲིན་རོགས་སྐྱོར་དཔུང་སྡེའི་མགོ་ཁྲིད་པ་གཙོ་བོས་ཞི་ཅིན་ཕིང་ལ་གུས་འདུད་ཞུས་ནས་ཕྱག་གི་དམག་དར་བླངས་པ་ན། དཔོན་དམག་ཡོངས་ཀྱིས་དམག་དར་ལ་གཟི་བརྗིད་ངང་གུས་འདུད་ཞུས།

ཟླ4པའི་ཚེས19ཉིན།  ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ཆ་འཕྲིན་རོགས་སྐྱོར་དཔུང་སྡེ་འཛུགས་པའི་ཚོགས་ཆེན་པེ་ཅིན་གྱིགི་བརྒྱད་གཅིག་ཐོག་ཁང་དུ་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆ་འཕྲིན་རོགས་སྐྱོར་དཔུང་སྡེར་དམག་དར་གནང་བ་མ་ཟད་བསླབ་བྱ་གནང་། འདི་ནི་ཞི་ཅིན་ཕིང་གིས་ཆ་འཕྲིན་རོགས་སྐྱོར་དམག་དཔུང་གི་དམག་སྤྱི་པིས་དབྱི་དང་ཆབ་སྲིད་ཨུ་ཡོན་ལི་ཝེ་ལ་དམག་དར་གནང་བའི་ཚུལ་རེད།

དར་ཆ་སྤྲོད་པའི་མཛད་སྒོ་སྤེལ་རྗེས། ཞི་ཅིན་ཕིང་གིས་བསླབ་བྱ་གནང་། ཁོང་གིས་བསྟན་དོན། ཆ་འཕྲིན་རོགས་སྐྱོར་དཔུང་སྡེ་ལེགས་སྒྲིག་དང་སྒྲིག་འཛུགས་བྱ་རྒྱུ་ནི་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བྱ་གཞག་གི་ཁྱོན་ཡོངས་ལ་གཞིགས་ནས་གཏན་འཁེལ་བྱས་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་ལ། དམག་དཔུང་གི་སྒྲིག་གཞི་གསར་པ་འཛུགས་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་དམག་དོན་སྟོབས་ཤུགས་མ་ལག་འཐུས་ཚང་དུ་གཏོང་བའི་འཐབ་ཇུས་བྱེད་ཐབས་ཤིག་ཡིན་པས། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་བ་དང་། དུས་རབས་གསར་པའི་མི་དམངས་དམག་དཔུང་གི་ལས་འགན་དང་འགན་འཁྲི་ནུས་ལྡན་ངང་སྒྲུབ་པར་དོན་སྙིང་ཆེན་པོ་ལྡན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཆ་འཕྲིན་རོགས་སྐྱོར་དཔུང་སྡེ་ནི་གསར་དུ་བསྐྲུན་པའི་འཐབ་ཇུས་རང་བཞིན་གྱི་དམག་རིགས་ཤིག་དང་། དྲ་རྒྱའི་ཆ་འཕྲིན་མ་ལག་འཛུགས་སྐྲུན་དང་བེད་སྤྱོད་ལ་གཅིག་གྱུར་འཆར་འགོད་བྱེད་པའི་འགག་རྩའི་འདེགས་སྐྱོར་ཞིག་ཡིན་པས། རང་དམག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དེང་རབས་དམག་འཁྲུག་ལས་རྒྱལ་ཁ་ཐོབ་པའི་ཁྲོད་གནས་བབ་གལ་ཆེན་དང་འགན་འཁྲི་གལ་ཆེན་ལྡན་ཡོད། ཏང་གི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་ནས། ཏང་གིས་དམག་དཔུང་ལ་མགོ་ཁྲིད་མཐའ་གཅིག་ཏུ་བྱེད་པའི་རྩ་བའི་རྩ་དོན་དང་ལམ་ལུགས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། དམག་དཔུང་གི་ཏང་འཛུགས་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ། ཕུགས་བསམ་དང་དད་སེམས་སྔར་ལས་ཇེ་བརྟན་དུ་གཏོང་བ། སྒྲིག་ཁྲིམས་དང་སྒྲིག་ལམ་སྔར་ལས་ཇེ་དམ་དུ་གཏོང་བ། སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ། དམག་དཔུང་ལ་བློ་དཀར་སེམས་དཀར་དང་བབ་གཙང་ཡིན་པ། བློ་གཏད་ཆོག་པ་བཅས་ཡོང་བར་འགན་ལེན་ནན་མོ་བྱེད་དགོས། དམག་འཐབ་ལ་འདེགས་སྐྱོར་ནུས་ལྡན་བྱས་ཏེ་ཆ་འཕྲིན་གྱིས་གཙོ་ཁྲིད་དང་མཉམ་འབྲེལ་གྱིས་རྒྱལ་ཁ་ལེན་པ་རྒྱུན་འཁྱོངས་བྱས་ནས། ཆ་འཕྲིན་སྦྲེལ་ལམ་ཤར་གཏོང་དང་ཆ་འཕྲིན་ཐོན་ཁུངས་མཉམ་འདྲེས་བྱེད་པ། ཆ་འཕྲིན་འགོག་སྲུང་ལ་ཤུགས་སྣོན་པ། དམག་ཡོངས་ཀྱི་མཉམ་འབྲེལ་དམག་འཐབ་མ་ལག་ཁྲོད་སིམ་འདྲེས་ཡོང་བར་བྱེད་པ། ཆ་འཕྲིན་རོགས་སྐྱོར་གནད་ལ་འཁེལ་ཞིང་ཕན་ནུས་ཆེ་བའི་སྒོ་ནས་ལག་བསྟར་བྱེད་པ་བཅས་བྱས་ཏེ། ཕྱོགས་སོ་སོ་དང་ཁྱབ་ཁོངས་སོ་སོའི་དམག་དོན་འཐབ་རྩོད་ལ་ཞབས་འདེགས་ཞུ་བར་འགན་ལེན་ནུས་ལྡན་བྱེད་དགོས། གསར་གཏོད་འཕེལ་རྒྱས་སྔར་ལས་ཇེ་མགྱོགས་སུ་གཏོང་བ་དང་། དམག་འཐབ་ཀྱི་དགོས་མཁོར་རྩ་བའི་ཆ་ནས་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། མ་ལག་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ། མཉམ་སྐྲུན་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ། ཚན་རྩལ་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། དེང་རབས་དམག་འཁྲུག་གི་བླང་བྱ་དང་མཐུན་ཞིང་རང་དམག་གི་ཁྱད་ཆོས་ལྡན་པའི་དྲ་རྒྱའི་ཆ་འཕྲིན་མ་ལག་འཛུགས་སྐྲུན་བྱས་ནས། སྤུས་ཚད་མཐོ་བའི་སྒོ་ནས་དམག་འཐབ་ནུས་པ་མགྱོགས་མྱུར་ངང་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་དགོས། དམག་དཔུང་གི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། ཕྱོགས་ཡོངས་ནས་དམག་དཔུང་ནན་སྐྱོང་གི་བླང་བྱ་དོན་འཁྱོལ་བྱེད་པ། སློབ་གསོར་དོ་དམ་ནན་མོ་བྱེད་པ། ཚད་ལྡན་གྱི་སྒྲིག་ལམ་རྒྱུན་འཁྱོངས་བྱེད་པ། སྒུལ་ཤུགས་དང་གསོན་ཤུགས་འཕེལ་བར་བྱེད་པ། གཞི་རིམ་སྒོ་ཀུན་ནས་སྲ་བརྟན་དུ་བཏང་སྟེ་དམག་དཔུང་གཅིག་སྡུད་གཅིག་གྱུར་དང་བདེ་འཇགས་བརྟན་བརླིང་ཡོང་བར་འགན་ལེན་ཏན་ཏིག་བྱས་ཏེ། དམག་དཔུང་འཛུགས་སྐྱོང་གི་རྣམ་པ་གསར་པ་འབད་པས་བསྐྲུན་ནས། ཏང་དང་མི་དམངས་ཀྱིས་སྤྲད་པའི་ལས་འགན་ཁག་མཐའ་གཅིག་ཏུ་ཡོངས་འགྲུབ་བྱེད་དགོས།

ལི་ཝེ་ཡིས་ཆ་འཕྲིན་རོགས་སྐྱོར་དཔུང་སྡེའི་ཚབ་ཞུས་ནས་གཏམ་བཤད་སྤེལ་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་བྱས་ནས། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་། ཀྲུའུ་ཞི་ཞི་ཅིན་ཕིང་བཅས་ཀྱི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་ནས། དམག་འཁྲུག་ལ་གྲ་སྒྲིག་དང་བློ་དཀར་ངང་འགན་འཁྲི་སྒྲུབ་པ། ཏང་དང་མི་དམངས་ཀྱི་མངགས་བཅོལ་ཆེན་པོ་གཏན་ནས་ཆུད་ཟོས་སུ་མི་གཏོང་བའི་རྣམ་འགྱུར་བསྟན།

ཚོགས་ཆེན་བརྗིད་ཉམས་ལྡན་པའི་དམག་དཔུང་གི་གླུ་སྒྲའི་ཁྲོད་ནས་གྲོལ། དེའི་རྗེས་ཞི་ཅིན་ཕིང་གིས་ཆ་འཕྲིན་རོགས་སྐྱོར་དཔུང་སྡེའི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་མཇལ་འཛོམས་གནང་ནས། ཚང་མ་མཉམ་དུ་དྲན་རྟེན་སྐུ་པར་བསྐྱོན།

ཚོགས་ཆེན་མཛད་སྒོའི་སྟེང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཡིས་ཞི་ཅིན་ཕིང་གིས་ཆོག་མཆན་བཀོད་ནས་སྤྲད་པའི་ཆ་འཕྲིན་རོགས་སྐྱོར་དམག་དཔུང་འཛུགས་རྒྱུའི་སྐོར་གྱི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་བཀའ་རྒྱ་དང་། ཆ་འཕྲིན་རོགས་སྐྱོར་དམག་དཔུང་གི་མགོ་ཁྲིད་ཚན་ཁག་ཁོངས་མིའི་ལས་འགན་འཁུར་རྒྱུའི་བཀའ་རྒྱ། ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཚུལ་བརྡ་ཐོ་བཅས་སྒྲོག་འདོན་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཧི་ཝེ་ཏུང་གིས་ཚོགས་ཆེན་ལ་མགོ་འཛིན་བྱས།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལིའུ་ཀྲེན་ལིས་དང་མེའོ་ཧྭ། ཀྲང་ཧྲིན་མེན་བཅས་ཚོགས་ཆེན་ལ་ཞུགས། དམག་དོན་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ་དང་། དམག་དོན་ཨུ་ཡོན་ལྷན་ཁང་གི་ཐད་གཏོགས་ལས་ཁུངས་སོ་སོ། དམག་འཐབ་ཁུལ་སོ་སོ། དམག་དང་དམག་དཔུང་གི་རིགས་སོ་སོ། དམག་དོན་ཨུ་ཡོན་ལྷན་ཁང་གི་ཐད་གཏོགས་སྡེ་ཁག་སོ་སོ། དྲག་ཆས་ཉེན་རྟོག་དཔུང་སྡེ་ཡི་འབྲེལ་ཡོད་འགན་འཁུར་བློ་མཐུན། དམག་དང་དམག་དཔུང་གི་རིགས་སོ་སོ། དྲག་ཆས་ཉེན་རྟོག་དཔུང་སྡེ་ཡི་དཔོན་དམག་གི་འཐུས་མི། ཡིག་གཉེར་ལས་འགན་འཁུར་མཁན་སོགས་ཀྱི་འཐུས་མི་ཚོགས་ཆེན་ལ་ཞུགས།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་གཏན་འབེབས་ལྟར་གསར་དུ་བཙུགས་པའི་ཆ་འཕྲིན་རོགས་སྐྱོར་དཔུང་སྡེ་ལ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཐད་ཀར་མགོ་ཁྲིད་བཀོད་འདོམས་བྱ་རྒྱུ་དང་། དུས་མཚུངས་སུ་འཐབ་ཇུས་རོགས་སྐྱོར་དཔུང་སྡེ་ཡི་མིང་མེད་པར་བཟོས་ནས། དམག་དོན་འཕུར་སྐྱོད་དཔུང་སྡེ་དང་དྲ་རྒྱའི་བར་སྣང་དཔུང་སྡེ་ཡི་མགོ་ཁྲིད་དོ་དམ་གྱི་འབྲེལ་བར་ལེགས་སྒྲིག་བྱ་རྒྱུ་རེད། །

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=4662