༄། ཞིབ་འཇུག་གསར་པ་ལས། རྨོ་ལགས་དང་མཉམ་དུ་དགོང་ཚིགས་ཟོས་ན་མོ་རང་གི་ཚེ་ཐག་རིང་བ་དང་འཚོ་བའི་སྤུས་ཀ་ལེགས་སུ་འགྲོ་པའི་ཁུངས་སྐྱེལ་རྙེད་འདུག
ཨ་རིའི་སློབ་ཆེན་University of California ཞིབ་འཇུག་པ་ཚོས་རྟག་པར་བགྲེས་སོང་ཚོ་ཉམས་རྒུད་འགྲོ་བའི་རྒྱུ་རྐྱེན་ཆེན་པོ་ཞིག་ནི་གྲོགས་མེད་ཁེར་རྐྱང་ཡིན་པའི་ཁུངས་སྐྱེལ་རྙེད་ཡོད་པ་དང་། ཉམས་ཞིབ་པ་ཚོས་ཆ་སྙོམ་ལོ་ན་དོན་གཅིག་སོན་པའི་བགྲེས་སོང་༡༦༠༠ལྷག་ལ་ཉམས་ཞིབ་བྱས་པས། སྤྱི་ཚོགས་དང་དཔལ་འབྱོར་གྱི་གོ་གནས། བདེ་ཐང་སོགས་ལ་མ་ལྟོས་པར་གྲོགས་མེད་ཁེར་རྐྱང་གི་དབང་གིས་འཆི་ལམ་འགྲོ་བའི་ཚད་མཐོན་པོ་ཡིན་ཏེ། ལོ་དྲུག་ནང་ཉམས་ཞིབ་ལ་ཞུགས་པའི་བགྲེས་སོང་ཁེར་རྐྱང་པ་ཧ་ལམ་༢༡%འཆི་ཟིན་ཡང་།དེ་ལས་ལྡོག་སྟེ་རོགས་པ་འདང་ངེས་ཡོད་པའི་བགྲེས་སོང་༡༤%ལས་འཆི་མེད།
བགྲེས་སོང་ཞབས་ཞུ་པ་Barbara Moscowitz གིས་ནེའུ་ཡོག་དུས་བབ་ལ་བརྗོད་དོན། ང་ཚོའི་མི་ཚེ་ཧྲིལ་པོའི་ཁྲོད་དུ་ང་ཚོ་ལ་བསམ་ཤེས་བྱེད་མཁན་དང་། བརྩི་འཇོག་བྱེད་མཁན། སྤྲོ་བ་སྦྱིན་བའི་དགའ་གཉེན་དགོས་པའི་དོན་དངོས་དེ་ནམ་ཡང་འགྱུར་བ་འགྲོ་བ་མི་སྲིད། བགྲེས་སོང་ཚོས་སོ་སོའི་བུ་རྒྱུད་དག་ལས་མི་དང་མི་བར་གྱི་འབྲེལ་ལམ་ལ་མཐོང་ཆེན་བྱེད་ལ།དེ་ནི་ལག་རྩལ་གལ་ཆེན་ཞིག་ཡིན་པ་དང་། ང་ཚོའི་སྤོ་ལགས་རྨོ་ལགས་ཀྱི་ལག་རྩལ་དེ་དག་ནི་མི་ཚེ་ཧྲིལ་པོར་བརྡར་སྦྱོང་བྱས་ནས་ཐོབ་པ་ཞིག་ཡིན། བགྲེས་སོང་ཚོས་རྟག་པར་གཞོན་པ་དག་ལས་སོ་སོའི་གྲོགས་པོའི་སྐྱོན་ཆ་དང་ཐུན་མིན་གྱི་གཤིས་ཀ་ལ་བཟོད་སྒོམ་བྱེད་ཐུབ་སྟེ།ཁྱེད་རང་ལོ་ན་ཆེར་ཟིན་དུས་གྲོགས་ཀྱི་མཛའ་བཤེས་ཐད་ལ་ཉམས་མྱོང་མང་པོ་བསགས་ཡོད་སྟབས། ཁྱེད་ཀྱིས་ཅི་ཞིག་གི་སླད་དུ་གྲོགས་པོ་དང་རྩོད་རིན་ཡོད་པ་དང་ཅི་ཞིག་གི་སླད་དུ་རྩོད་རིན་མེད་པ་རྟོགས་ངེས་ཡིན།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=921
ཉེ་མཆན།