ལྷ་རམས་པ་ལོག་སྨྲ་ཚར་གཅོད་གསུངས།
སྦྲུལ་ཞགས་ཀྱིས་སྒྲ་བཤུས་བགྱིས་སོ།།

དེ་ནས་ཞུ་དགོས་པ་དེ་འོག་གི་གསང་སྔགས་དེ་དགེ་སྦྱོང་གོ་ཏ་མའི་རིང་ལུགས་ནང་ལ། ཤཱཀྱའི་རིང་ལུགས་ནང་ལ་དངོས་ཡོད་གནས་ཚུལ་དུ་ཡོད་པ་རེད་དམ་ཕྱིས་སུ་སྣོན་འཕེན་བརྒྱགས་པ་རེད། ཡང་ན་གང་འདྲའི་བྱུང་བ་རེད་ཟེར་བའི་དྲི་བ་དེ་རེད།  དྲི་བ་དེ་ལ་ཏོག་ཙམ་གནད་དོན་ཡོད་རེད། ང་ཚོས་ཡིད་ཆེས་འདྲ་མོ་བྱས་བསྡད་པ་ཡིན་ན་མདོ་རྒྱུད་མན་ངག་མང་པོ་ཞིག་ནང་ལ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་རྒྱལ་བ་རྡོ་རྗེ་འཆང་གི་སྐུ་རུ་བཞེངས་ནས་དཀྱིལ་འཁོར་ཀྱི་གཙོ་བོ་ལ་བཞེངས་ནས།  དེ་ནས་རྒྱུད་སྡེ་བཞི་ཡི་ལྷ་ཚོགས་ལ་སོགས་རྒྱལ་བ་རིགས་གཅིག་དང་རིགས་ལྔ་རིགས་བརྒྱ་ལ་སོགས་ཀྱི་རྣམ་གཞག་དཀྱིལ་འཁོར་བྱེ་བ་བརྒྱ་ཕྲག་ལ་སོགས་སྤྲོས་ནས་གསང་སྔགས་ཀྱི་ཆོས་འཁོར་དེ་ཚོ་གསུངས་ཡོད་ཟེར་ནས་རྒྱུད་དེ་ཚོ་མང་པོ་སྟོན་རྒྱུ་ཡོད་རེད། དཱ་དངོས་གནས་འཛམ་གླིང་རྒྱལ་སྤྱིའི་ཤེས་ཡོན་སྡེ་ཚན་དང་ཞིབ་འཇུག་གི་སྡེ་ཚན་ནང་ལ་ང་ཚོས་ཕར་ཡག་པོ་ཞིག་བལྟས་པ་ཡིན་ན།  དེ་ཚོ་ཁུངས་སྐྱེལ་བྱེད་པར་ང་ཚོ་ལ་ཏོག་ཙམ་དཀའ་ལས་ཁག་པོ་འདྲ་ཞིག་ཡོད་རེད། ད་ལྟའི་ང་ཚོ་བཤད་སྟངས་ལ་ཐེག་པ་ཆེན་པོའི་ལྷ་སྒྲུང་དང་འབྲེལ་ནས་ལོ་རྒྱུས་བཤད་བསྡད་པ་གཅིག་དང་།  དངོས་ཡོད་གནས་ཚུལ་གྱི་རྒྱལ་རབས་ལོ་རྒྱུས་རང་གི་ཐོག་ལ་དངོས་བྱུང་གི་ལོ་རྒྱུས་འགྲེལ་བཤད་རྒྱག་སྟངས་ཤིག་དང་གཉིས་ཡོང་འདུག་གི་ཡོད་རེད།  ང་ཚོའི་ཐེག་པ་ཆེན་པོའི་ཆོས་འཁོར་དེ་ཚོ་དང་སངས་རྒྱས་ཀྱིས་ཆོས་གསུང་སྟངས་དེ་ཚོ།  ལྷག་པར་དུ་གསང་སྔགས་ཀྱི་རྣམ་གཞག་དེ་ཚོ་ལ་འགྲེལ་བཤད་ཅིག་མར་རྒྱག་ཡོང་དུས།  ལྷ་སྒྲུང་གི་ཐོག་ནས་འགྲེལ་བཤད་རྒྱག་བསྡད་པ་རེད་མ་གཏོགས། དངོས་བྱུང་ལོ་རྒྱུས་ཐོག་ནས་ཏོག་ཙམ་དཀའ་ལས་ཁག་པོ་འདྲ་མོ་ཡོད་རེད།  དཱ་དངོས་བྱུང་ལོ་རྒྱུས་ཐོག་ཞིབ་འཇུག་བྱེད་མཁན་རྒྱལ་སྤྱིའི་བྱུང་བ་རིག་པའི་མཁས་པ་མང་པོ་ཞིག་གིས་ངོས་འཛིན་བྱེད་སྟངས་ལ་སྟོན་པ་ཤཱཀྱ་སེང་གེ་ཁོ་རང་གི་མི་ཚེའི་ལོ་རྒྱུས་ནང་ལོགས་ལ་གསང་སྔགས་དེ་ཚོ་ཕར་ཞོག་སྟེ་ཐེག་པ་ཆེན་པོ་ཟེར་བ་དང་བྱང་ཆུབ་སེམས་དཔའ་ཟེར་བ་དང་།  སེམས་དཔའ་ཆེན་པོ་ཟེར་བ། བྷོ་རྡི་ས་ཏ་མཱ་ཧ་ས་ཏོ་བ་ཟེར་བ་དེ་ཚོ་ཁོང་གི་སྐབས་ལ་བྱུང་མི་འདུག་ཟེར་ནས་ལོ་རྒྱུས་ཞིབ་འཇུག་སྨྲ་བ་མང་པོ་ཞིག་གིས་ལབ་འདུག་གིན་ཡོད་རེད། སྐད་ཆ་དེ་ཚོ་ཕྱིས་ཕྱིས་སུ་ལབ་གཞག་པ་ཅིག་རེད་འདུག་ཟེར་གྱི་ཡོད་རེད།  སྟོན་པ་བཅོམ་ལྡན་འདས་ཁོ་རང་ཞལ་བཞུགས་འདུག་པའི་སྐབས་ལ་རྒྱ་གར་ལུང་པའི་བྱང་ཕྱོགས་ལ་ཁེལ་གི་ཡོད་རེད། ལུམྦི་ནའི་གཡས་གཡོན་དང་མ་ག་དྷའི་གཡས་གཡོན། མ་ག་དྷ་དེ་རྒྱལ་ཁབ་ལོགས་གཱ་ཞིག་ཆགས་ཀྱི་ཡོད་རེད།  ལམྦི་ནའི་དེ་ནས་ཡར་ནུབ་བྱང་གི་ཨརྱཎ་ཟེར་བའི་ང་ཚོས་རྒྱ་གར་འཕགས་པའི་ཡུལ་འཕགས་པའི་ཡུལ་ཟེར་འདུག་རྒྱུའི་རྒྱ་གར་གྱི་ནུབ་བྱང་ཕྱོགས་ལ་རེད།  ཨ་རྱཎ་གྱི་ལུང་པ་འདྲ་མོ་ཞིག་རེད།  ད་ལྟར་ཕ་ཀི་སི་ཐན་དང་ཨབ་གྷན་སི་ཐན་དང་ད་དེ་ཕར་ནུབ་ཕྱོགས་ལ་ཨིན་དྷུ་ཡོ་རུབ་པིང་ཟེེར་བའི་ཡོ་རུབ་ཤར་མ་དང་ཕན་ཚུན་བྱེ་ཐང་སྟེང་དུ་ཚོང་པ་དེ་ཚོས་རྔ་མོང་འདེད་ནས་ཕན་ཚུན་ཚོང་འབྲེལ་དང་རིག་གཞུང་གི་འབྲེལ་བ་ཡོད་བསྡད་པའི་རྒྱ་གར་ནུབ་བྱང་གི་ས་ཆ་འཕགས་པའི་ཡུལ་ལམ་ཨ་རྱཎ་ཟེར་བའི་ལུང་པ་དམིགས་བསལ་ཞིག་རེད།  དེ་ཡི་དུས་སུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཕ་མེས་ཡབ་མེས་ཀྱི་ཁྱིམ་རྒྱུད་དེ་ཚོ་ཨརྱཎ་གྱི་དྲང་སྲོང་གི་ཆོས་བརྒྱུད་དེ་གཙོ་བོར་བྱས་ནས་བྲམ་ཟེའི་ཆོས་བརྒྱུད་དེ་གཙོ་བོ་དར་ས་ཨརྱཎ་གྱི་ལུང་པ་དེ་ཡིན་ཙང་དེ་དང་དེ་ཡི་སྐབས་ཀྱི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཁྱིམ་རྒྱུད་དེ་ཚོ་བྲམ་ཟེའི་ཆོས་ལུགས་དང་གསང་སྔགས་དར་འདུག་ས་ཞིག་དང་འབྲེལ་བ་ཡོད་ཙང་།  སྐབས་དེ་དུས་གསང་སྔགས་མེད་པ་མ་རེེད།  ད་ལྟའི་ང་ཚོས་བཤད་བསྡད་པའི་གསང་སྔགས་འདི་ཚོ་ཧིན་དྷུའི་ནང་ལ་ཡོད་པ་འདི་ཚོ་དང་སྐབས་དེ་དུས་ཀྱི་ཨིན་དྷུ་ཡོ་རུབ་པིང་ལབ་ཡ་ཡོ་རུབ་ཤར་མ་དང་དེ་ནས་ཁ་ཆེ་ཡུལ་གྲུ་རྒྱ་གར་ནུབ་བྱང་ཕན་ཚུན་འབྲེལ་བསྡད་པའི་ཡུལ་ལྗོངས་དེའི་ནང་ལ་དར་བསྡད་པའི་ཀལ་ཅལ་སྦི་ཀི་ཟེར་བ་ཞིག་ཡོད་རེད།  ལོག་སྨྲ་ཚར་གཅོད་ཀྱིས་ལྟ་སྟངས་དབང་དུ་བྱས་པ་ཡིན་ན། འཛམ་གླིང་ཤར་ནུབ་ཚང་མའི་ཞིབ་འཇུག་སྡེ་ཚན་དང་ཞིབ་འཇུག་རིམ་པས་རག་བསྡད་པ་ཡིན་ན་ད་ལྟའི་གསང་སྔགས་ཟེར་བ་དེ་དམིགས་བསལ་རྒྱ་གར་དྲང་སྲོང་ཧིན་རྡུའི་ཁྱད་ཆོས་ཞིག་ཀྱང་མ་རེད།  དེ་གང་རེད་ཟེེར་ན་ཡུལ་ལྗོངས་ཤིག་གི་རིག་གཞུང་ཁྱབ་ཁོངས་ཤིག་ཏུ་ཆགས་ཀྱི་ཡོད་རེད། འགྲོ་བ་མིའི་སྤྱི་ཚོགས་འབྲེལ་གཏུག་ཅིག་གི་ནང་ལ་རིག་གཞུང་ཁྱབ་སྤེལ་འགྲོ་སྟངས་ཤིག་ལ་ཆགས་ཀྱི་ཡོད་རེད།  ད་ལྟའི་ང་ཚོའི་གསང་སྔགས་ཀྱི་ཆོ་ག་དང་རིག་བྱེད་ཀྱི་ཆོ་ག་དང་ནང་པ་དང་ཧིན་དྷུའི་ནང་ལ་ཡོད་བསྡད་པའི་གསང་སྔགས་དེ་ཚོ་དང་ཚང་མ་སྦི་སྡིས་ཀྱི་རིལ་ཅོལ་ཆགས་ཀི་ཡོད་རེད།  འདི་སྦིལ་སྡིས་ཀྱི་ཀལ་ཅལ་ཆགས་གི་ཡོད་རེེད།  སྦལ་སྡིས་ཟེེར་བ་གང་རེད་ཟེར་ན་རིག་བྱེད་ལ་ཟེར་གི་ཡོད་རེད།  རིག་བྱེད་ཀྱི་ཀལ་ཅོལ་ཆགས་ཀི་ཡོད་རེད་གོམས་གཤིས་ཆགས་ཀི་ཡོད་རེད།  གོམས་སྲོལ་ཆགས་ཀི་ཡོད་རེད།  དམངས་ཁྲོད་ཀྱི་སྲོལ་རྒྱུན་ཞིག་ཆགས་ཀི་ཡོད་རེད།  དེ་དམངས་ཁྲོད་ཀྱི་སྲོལ་རྒྱུན་དེ་གང་འདྲའི་ཐོག་ནས་སླེབས་ཡོང་བ་རེད་ཟེར་ན་ཨིན་དྷུ་ཡོ་རུབ་པིང་ནང་ལ་སླེབས་ཀྱི་ཡོད་རེད།  ཨིན་རྡུ་ཡོ་རུབ་པིང་ཟེར་ན་གང་འདྲ་ལ་ལབ་གི་ཡོད་རེེད་ཟེར་ན་ཡོ་རུབ་ཤར་མ་ནས་རྒྱ་གར་ནུབ་བྱང་གི་བར་དུ་ས་སྟོང་བྱེ་ཐང་གི་ལུང་པ་ནང་ནས་ཕན་ཚུན་ཚོང་པ་འགྲོ་འོང་གི་གནའ་བོའི་ང་ཚོ་བོད་དང་རྒྱ་ནག་གི་ཇ་རྟའི་གནམ་ལམ་ཟེར་བའི་སྔོན་མ་འགྲོ་སྟངས་ཡོད་རེད་པཱ། དེའི་འདྲའི་ཐོག་ནས་ཕན་ཚུན་ཚོང་ལམ་སྐམ་ས་ནས་སྐམ་སར་འགྲོ་སའི་ཡུལ་ལྗོངས་ཕན་ཚུན་འབྲེལ་ལམ་ཞིག་ཡོད་རེད། དེ་ཡིས་ཕན་ཚུན་མི་དང་མིའི་དབར་འབྲེལ་ལམ་བྱུང་ནས་ཁོ་ཚོའི་ཡུལ་ལྗོངས་གཅིག་གི་ཡུལ་གོམས་གཤིས་ལུགས་ཤིག་དང་གོམས་སྲོལ་ཞིག་ཆགས་ཀྱི་ཡོད་རེད།  དེ་འདྲའི་ཡུལ་ལྗོངས་གཅིག་ནང་ལ་རྩ་བའི་རིག་བྱེད་ཀྱི་ཆོ་ག་ལྷ་སྒྲུབ་སྟངས་ཀྱི་ཡེ་ཤེས་པ་དང་དམ་ཚིག་པ་དང་ཛཱ་ཧུང་བམ་ཧུང་འདྲ་བྱེད་ནས་ལྷ་ལ་མཉེས་པའི་མཆོད་པ་ཕུལ་ནས་ལྷ་དེ་སྒྲུབ་པའི་ཐབས་ལམ་དེ་འདྲ་ཞིག་ཡོད་རེེད།  དེས་ཕར་ཁྱབ་སྟངས་དེ་ཨིན་དྷུ་ཡོ་རུབ་པིང་གི་ཀལ་ཅལ་ཞིག་ཆགས་པ་ཡིན་ཙང་དེ་རྒྱ་གར་གཅིག་པུའི་མ་རེད།  ལུང་པ་དེའི་ནང་ལ་རྩ་བའི་ལྷ་འདྲ་མོ་ཞིག་ཡོད་པ་མོས་མཐུན་བྱས་པ་ནས་བཟུང་སྟེ་ལྷ་དེ་བསྒྲུབ་ཡ་དང་ལྷ་དང་མི་གཉིས་ཀྱི་བར་དུ་འབྲེལ་བ་བཟོ་མཁན་བླ་མ་ཟེེར་བ་ཞིག་གིས་ལྷ་དེ་སྒྲུབ་པའི་ཐབས་ལམ་ལ་དཀྱིལ་འཁོར་བཟོ་དགོས་གི་ཡོད་ན། ལྷ་དེའི་ཞིང་ཁམས་བཟོ་དགོས་ཀི་ཡོད་ན་ལྷ་དེ་སྒྲུབ་པའི་ཐབས་ལམ་འདྲ་མོ་རེད།  སྒྲུབ་ཐབས་ཀྱི་རྣམ་གཞག་དེ་འདྲ་ཞིག་ལ་ང་ཚོས་གསང་སྔགས་ལབ་བསྡད་པ་རེད། དེ་ཡིན་ཙང་གསང་སྔགས་ཀྱི་ཕུགས་རྩ་དེ་འདྲ་ཞིག་རེད།  དེ་ཡིན་དུས་དེ་ཧིན་དྷུ་ནང་ལ་གསར་པ་ཡོད་བསྡད་པ་དེ་འདྲ་མ་རེད། ནང་པ་ལ་གསར་པ་བྱུང་བསྡད་པ་མ་རེད། དེ་ཀལ་ཅོལ་སྦིལ་ཀོལ་འདྲ་མོ་ཞིག་ལ་ཐུབ་བསྡད་ཡོད་ཙང་། གདོད་མའི་ཨིན་དྷུ་ཡོ་རུབ་པིང་ནང་ལོགས་ལ་རྒྱ་གར་དང་ཡོ་རུབ་ཤར་མ་གཉིས་འབྲེལ་བའི་ཡུལ་ལྗོངས་དེ་ཡི་གནའ་བོའི་དམངས་ཁྲོོད་ཀྱི་སྲོལ་རྒྱུན་གཅིག་གི་ལྷ་གསོལ་རྣམ་གཞག་གི་ཐོག་ནས་ཚུར་ཁྱབ་ཡོང་བ་ཡིན་ཙང་། དེ་ནས་ཧིན་དྷུ་དང་ནང་པ་ཚང་ལ་ཁྱབ་བསྡད་པ་འདྲ་མོ་རེད།  དེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསར་པ་གསུངས་བཞག་པ་དེ་འདྲ་གང་ཡང་མ་རེེད། ཧིན་རྡུའི་ནང་ལ་གསར་པ་བྱུང་བསྡད་པ་ཡང་མ་རེད། དེའི་རྒྱབ་ལྗོངས་ཡར་དེད་འགྲོ་བ་ཡིན་ན་ཐུག་ས་ཞིག་ཡོད་རེད། དེ་ཚོ་ཚང་མ་ཞིབ་འཇུག་གི་རིམ་པ་ནང་ལ་གསལ་པོ་ཞེ་དྲག་ཡོད་བསྡད་པ་རེད།  སྔོན་མ་འདིའི་ནང་ལ་ང་ཡིས་སྒོ་དར་དང་མཁས་པ་ཁ་ཤས་མཉམ་དུ་བགྲོ་གླེང་བྱས་ནས་རྒྱབ་ལྗོངས་ཀྱི་ཡིག་ཆ་དང་འདྲ་བའི་རྒྱུ་མཚན་དང་གནས་ལུགས་མང་པོ་བཤད་པ་རེེད། དེ་འདྲ་ཡིན་ཙང་གསང་སྔགས་དེ་ནང་པའི་དམིགས་བསལ་ཆགས་ཀི་ཡོད་མ་རེད་ལ། ཧིན་དྷུའི་དམིགས་བསལ་གང་ཡང་ཆགས་ཀི་ཡོད་མ་རེད། དངོས་གནས་བྱས་པ་ཡིན་ན་ཤཱཀྱའི་རིང་ལུགས་ནང་ལ་སངས་རྒྱས་བཅོམ་ལྡན་འདས་ཞལ་བཞུགས་པའི་སྐབས་ཀྱི་ལྟ་གྲུབ་ངོ་མ་ནང་ལ་གསང་སྔགས་དེ་ཚོ་དང་གཡོལ་བསྡད་པའི་བཟོ་འདྲ་ཡོད་རེད།  གསང་སྔགས་ལྷ་སྒྲུང་རྣམ་གཞག་གིས་ལྷ་བསྒྲུབས་ནས་བདེ་སྡུག་གི་རྣམ་གཞག་ཚང་མ་ལྷ་ལ་བཅོལ་བསྡད་པ་དེ་ལས་ཕར་གཡོལ་བསྡད་པའི་བཟོ་འདྲ་ཞིག་ཡོད་རེད།  དངོས་གནས་བྱས་ན་གསང་སྔགས་ལས་གཡོལ་འདུག་གི་ཡོད་རེེད།  སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ལུགས་དེ་ལྷ་མེད་རིང་ལུགས་ཡིན་འགྲོ་ཟེར་བའི་བཤད་ཕྱོགས་ཅ་ཧང་ཤུགས་ཆེན་པོ་ཡོད་རེད། སྐབས་དེ་དུས་གྲངས་ཅན་ལྷ་མེད་སྨྲ་བ་དེ་ཤུགས་ཆེན་པོ་ཡིན་ཙང་། དེ་ལས་ཀྱང་ཤཱཀྱའི་རིང་ལུགས་དེ་ལྷ་མེད་སྨྲ་བའི་རིང་ལུགས་ཤིག་རེད་ཟེར་ནས་མཁས་པ་མང་པོ་ཞིག་གིས་བཤད་འདུག་གི་ཡོད་རེད་ལ། དངོས་གནས་བྱས་ན་ཡང་ལྷ་མེད་རིང་ལུགས་ཤིག་རེད་བསམ་བསམ་ཡོད་རེད། རྣམ་པ་ཚོས་རྒྱ་གར་གྱི་མཁས་དབང་སྒྲོ་ཀྲུ་ཨམ་བིན་ཀ་ཡིས་སངས་རྒྱས་བཅོམ་ལྡན་འདས་ཁོང་རང་གིས་གསར་གཏོད་གང་འདྲ་བྱས་ཡོད་པ།  ཧིན་དྷུའི་བྲམ་ཟེའི་ཆོས་ནང་ལ་ཡོད་པའི་རྨང་གཞི་གང་འདྲ་བཞག་ཡོད་པ། དེའི་ནང་གི་སྒྱུར་བཅོས་གང་འདྲ་བཏང་ཡོད་པ། ཕར་གཡུག་དགོས་པ་དེ་གང་གཡུགས་ཡོད་པ། གཞག་དགོས་པ་དེ་རང་འཇགས་གང་བཞག་ཡོད་པ་མཚོན་པའི་དབྱེ་བ་གསུམ་གྱི་ཐོག་ནས་བཤད་ཡོད་རེད།  གཞི་བཞག་ས་དེ་དྲང་སྲོང་གི་ཆོས་ལུགས་དེ་གཞི་བཞག་རེད་དེ་གཡུག་དགོས་པ་ལ་ལྷ་སྒྲུབ་པའི་རྣམ་གཞག་དེ་གཡུགས་གཞག་ཡོད་རེེད་བསམ་བསམ་གྱི་བསམ་ཚུལ་དེ་འདྲ་མཁས་པ་མང་པོ་ཞིག་ལ་ཡོང་གི་ཡོད་རེད། དེ་ཡིན་ཙང་སངས་རྒྱས་བཅོམ་ལྡན་འདས་ཀྱི་རིང་ལུགས་ངོ་མ་ནང་ལ་གསང་སྔགས་ཡོད་རྒྱུ་ཕར་བཞག་སྟེ་ལྷ་སྒྲུང་རིག་པའི་རྣམ་གཞག་ཕར་གཡུགས་བཞག་པ་དང་དོར་བཞག་པའི་ཁོངས་སུ་ཡོད་པའི་བཟོ་འདྲ་ཡོད་རེེད།  དེ་ཡིན་དུས་ཐེག་པ་ཆེན་པོའི་མདོ་སྡེ་དེ་ཚོ་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་ཧ་ས་ཏོ་ཡ་ཟེར་བ་དང་བྷོ་ཏི་ས་ཏོ་མ་ཧ་ས་ཏ་ཡ་ཟེར་བའི་སཾ་སྐྲྀ་ཏ་སྐད་ནང་ལ་མང་པོ་ཞིག་དོན་ཡོང་བ་དང་དེ་ག་ནང་བཞིན་བྷ་རྒྱལ་ཡ་ན་ཟེར་བའི་གསང་སྔགས་ཀྱི་ཆོས་སྐོར་དེ་ཚོ་དུས་རབས་དང་པོ་དང་གཉིས་པ་ནང་ལ་མང་པོ་ཞིག་གསར་པ་དོན་ཡོང་གི་ཡོད་པ་ཡིན་ཙང་། དེ་ཚོ་ཕྱིས་སུ་སྣོན་འཕེན་རྒྱག་མཁན་རྒྱ་གར་གྱི་པཎྜི་ཏ་དེ་ཚོ་ཡིས་སྐབས་དེ་དུས་གསང་སྔགས་དར་ཁྱབ་ཆེན་པོ་བྱུང་ཡོང་གི་ཡོད་པ་དང་།  ཧིན་དྷུ་དེ་ཚོས་རྫིག་རྫིག་ཞིབ་བུར་བཏང་ཡོང་དུས་དེ་ནས་སངས་རྒྱས་ཀྱི་དགོངས་པ་དང་མཐུན་པ་མཐུན་པ་ཟེར་བའི་རྩ་བའི་རྒྱུད་དང་བཤད་པའི་རྒྱུད་དང་ཕྱོགས་མཐུན་གྱི་རྒྱུད་ཟེར་བ་བཤད་ཡོད་རེད།  ཕྱོགས་མཐུན་ཟེར་བ་དེ་ལ་ཧ་ཅང་གི་གོ་རྒྱུ་ཆེན་པོ་ཡོད་རེད། ཧ་ལམ་ནང་པ་སངས་རྒྱས་པའི་ལྟ་བ་དང་ཕྱོགས་ཕྱོགས་མཐུན་གི་འདུག་བསམ་བསམ་འདྲ་མོ་དེ་ཚོ་ལ་དེ་ནས་སྟོང་པ་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་སེམས་ལ་སོགས་པ་དེ་ཚོ་ཕར་སྣོན་འཕེན་འདྲ་མོ་བརྒྱགས་པ་དང་ནང་པའི་ཆོས་ཀྱི་སངས་རྒྱས་དགོངས་པ་ལ་སྦྱར་ནས་རྩ་བའི་རྒྱུད་དང་བཤད་པའི་རྒྱུད་སོགས་འགོ་དེ་ནས་གསར་པ་མང་པོ་ཞིག་ཐོན་འོངས་བའི་གནས་སྟངས་ཆགས་ཀི་ཡོད་རེད།  དེ་ཚོ་ལ་རྒྱབ་ལྗོངས་དང་འགྲེལ་བཤད། ཁུངས་ལུང་བགྲོ་གླེང་བྱེད་དགོས་པ་མང་པོ་ཞིག་ཡོད་རེད་བསམ་བསམ་དེ་འདྲ་རེེད།  དེ་ཡིན་ན་དེ་རིང་ང་ཡི་སྐད་ཆ་ཐལ་ཆེ་དྲག་པ་མང་པོ་ཞིག་ཆགས་སོང་རྣམ་པ་ཚོས་ཉན་ཐུབ་ཀི་མ་རེད།  གནས་སྐབས་ལ་དེའི་མཚམས་ལ་བཞག་གི་ཡིན།  ཡང་རྗེས་སུ་མུ་མཐུད་ནས་དེའི་ཐོག་ལ་བགྲོ་གླེང་བྱས་ན་འགྲིག་གི་རེད།  ལོག་སྨྲ་ཚར་གཅོད་ཀྱིས་བསམ་ཚུལ་ཙམ་ཞུས་པ་རེད་མ་གཏོགས་པ་རྣམ་པ་ཚོ་ཧ་ཅང་གི་བསམ་བློ་ཁོག་ཡངས་པོ་དང་ཤེས་རྒྱ་ཆེན་པོ་ཡིན་པ་ལ་རྒྱུས་མངའ་ཡོད་པ་ཡིན་ཕྱིར་ང་ཡི་དེ་ས་བཅད་མ་སྟོང་པ་ཙམ་དང་རྒྱ་མཚོའི་ཆུ་ཐིགས་ཙམ་རེད་མ་གཏོགས་ཆག་བཞག་ཆག་འཇོག་བྱེད་ལོ་བ་དང་རྣམ་པ་ཚོར་ཐུགས་ཕན་སོས་པ་དེ་འདྲ་གང་ཡང་མ་རེད།  ད་མང་དྲག་སོང་བཟོད་པ་གསོལ།  མཐོལ་ལོ་བཤགས་ཞུ་ཡ་དེ་འདྲ་ཡིན། བཀའ་དྲིན་ཆེ་གནས་སྐབས་དེ་ན་བཞག་རྒྱུ་ཡིན།

རྩོམ་ཁུངས་ངེད་དྲ་བ།
གཞན་གྱིས་རྒྱུད་འགོད་མི་རུང་།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=890