རྩོམ་པ་པོ། ཞི་བདེ་ཉི་མ།
རླུང་ལ་ཐབས་ཤེས་ཚ་པོ་འདུག
ཐོག་མར་མི་གཡོ་ཞིང་སྐྱོད།
དེ་ནས་ཁ་དོག་ཅིག་གཡོ་ཞིང་སྐྱོད།
དེ་ནས་ཁ་དོག་ངོས་ཀྱི་ཡིག་གེ་དང་།
དཔེ་རིས་གཡོ་ཞིང་བསྐྱོད།
དེ་ནས་རྩྭ་ལོ་གཡོ་ཞིང་སྐྱོད།
དེ་ནས་འདབ་ཆགས་གཡོ་ཞིང་སྐྱོད།
ཉིན་ཞིག་གཡག་རོག་རོག་ཅིག་དང་།
དེའི་རྣམ་ཤེས་གཡོ་ཞིང་སྐྱོད།
2018-6-9ཉིན་བྲིས།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=525
དཔྱད་མཆན་སྤེལ།