སྙིང་ཉེ་བའི་ཀློག་པ་པོ་ལགས་སྐུ་ཁམས་བཟང་། ཞེ་རུ་སྐྱོམ་པའི་དགའ་སྐྱོ་ཟུང་འབྲེལ་གྱི་རྣམ་རྟོག་གི་འཆར་ཡན་མཐུར་མེད་དེ་དག སྙན་ངག་ཡིན་ལ་མ་ཡིན་པའི་«ཚིག་གི་ཆོ་འཕྲུལ་»ཞེས་པའི་དེབ་གཟུགས་སུ་བསྐྲུན་ཏེ་ཁྱེད་ཀྱི་སྤྱན་ལམ་དུ་འབུལ་ཐུབ་པ་ཙམ་བྱུང་བ་སྙིང་ནས་དགའ་སྤྲོ་ཚད་མེད་སྐྱེས་ཡོད། དེ་ནི་ང་རང་སྙན་ངག་ལ་དུངས་པའི་དན་རྟགས་དང་། ཁྱོད་ཚོར་སེམས་གཏིང་ནས་ཕུལ་བའི་ལག་སྐྱེས་ཡིན།

ཐེངས་འདིར་བོད་ཆེན་མོའི་གནམ་ལོ་གསར་ཚེས་ཀྱི་དུས་ཚིགས་དང་བསྟུན་ས་གནས་སོ་སོར་འགྲེམ་འཆར་ལགས་པས་རྣམ་པ་ཚོས་དུས་ལྟར་འཕྲིན་ཕྲན་འབྲེལ་གནས་འདི་བརྒྱུད་དེ་མངག་ཉོ་གནང་བར་དགའ་བསུ་ཞུ།

རྩོམ་པ་པོས་གུས་ཕུལ།

 

དངོས་མིང་། ཚེ་མཆོག་རྡོ་རྗེ།
པིར་མིང་ངམ་དྲ་མིང་། ལྐོག་འཚོལ།
ཁྱུང་མཆུ་རྩྭ་ཐང་ཆེན་མོའི་ཉེ་འགྲམ་ར་སྐོར་སྡེ་བའི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས། ནམ་རྒྱུན་ཁ་དོག་མི་གཅིག་པའི་དགའ་སྐྱོའི་རི་མོ་དག ཁ་གྲགས་མི་བཏུབ་པའི་ཚིག་ཚོགས་ཀྱི་གཟུགས་སུ་སྤྲུལ་ཏེ། ཧ་ཅང་གཉོམ་ཆུང་གིས་གསོན་ནས་ཡོད།

 

འབྲེལ་གནས།

 

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=4446