དཔེ་གསར་འགྲེམ་བརྡ།

ཀརྨ་ངེས་དོན་གཞན་ཕན་ཆོས་ཀྱི་དབང་ཕྱུག་མཆོག་གིས་མཛད་པའི་སྡོམ་པ་གསུམ་གྱི་བསྟན་བཅོས་སྙིང་པོ་བསྡུས་པའི་གཞུང་དང་།  དེའི་འགྲེལ་པ་ཀརྨ་བཀྲ་ཤིས་ཆོས་འཕེལ་གྱིས་མཛད་པའི་སྡོམ་པ་གསུམ་གྱི་བསྟན་བཅོས་སྙིང་པོ་བསྡུས་པའི་ཚིག་འགྲེལ་མདོར་བསྡུས་གཞན་ཕན་ཉི་མའི་སྣང་བ་འདི་གཉིས་དཔལ་༧ཀརྨ་པ་བཅུ་བདུན་པ་ཆེན་པོ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་གིས་གཞུང་འདི་ཉིད་ཀརྨ་བཀའ་བརྒྱུད་པའི་དགོན་སྡེ་ཡོངས་རྫོགས་ལ་ཐོས་བསམ་གནང་དགོས་པའི་བཀའ་ཡང་ཡང་གནང་བ་དང་།  མཁན་རིན་པོ་ཆེ་ཆབ་མདོ་མཁས་གྲུབ་ལགས་ཀྱིས་ཀྱང་འདི་ཉིད་འགྲེམ་སྤེལ་ཞུ་དགོས་པའི་བཀའ་སློབ་ཡང་ཡང་ཕེབས་པ་དང་།  གཞུང་རྙིང་འདི་ཉིད་ལ་འབྲུ་ཉུང་དོན་ཚང་ཁ་གསལ་གོ་བདེ་ཞིག་ཡོད་པས་ཆོས་རྒྱུད་རིས་སུ་མ་ཆད་པའི་སློབ་གཉེར་པ་རྣམས་ལ་ཕན་ཐོགས་ངེས་སུ་འདུག་པ་བཅས་ལ་བརྟེན་ནས་འབུམ་ཡག་བཤད་གྲྭས་འགྲེམ་སྤེལ་ཞུས་པ་ལགས། སིལ་ཚོང་དང་སྡེབ་ཚོང་གཉིས་ཀ་ཡོད་པས་དཔེ་ཁང་དང་སྒེར་སུ་ལ་དགོས་ན་འབྲེལ་བ་གནང་ཚལ།

ནང་གི་རྩོམ་སྒྲིག་ལེགས།

 


འཕྲིན་ཕྲན།

ཁ་པར།

18397061391


པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=3546