(དབྱིབ་དང་ཁ་དོག་རྒྱུ་སྤུས་སོགས་ནི་སྔར་བཞིན་བྱས་ཐོག། བླུ་ཡོན་སྔོན་དང་བསྡུར་ན་དམའ་མོའི་ཐོག་ནས་རྣམ་པ་ཚོའི་སྤྱན་ལམ་དུ་འབུལ་རྒྱུ་ཡིན། སྡེབ་ཚོང་དང་སིལ་ཚོང་གཉིས་ཀ་ཡོད།)

དཔེ་དེབ་ཀྱི་ངོ་སྤྲོད།

ཀརྨའི་ཤིང་རྟ་ཞེས་པའི་དཔེ་ཆ་འདི་ཉིད་དུ་སྔོན་རྒྱ་གར་གྱི་གདོད་མའི་གྲུབ་མཐའ་དག་གི་ལྟ་གྲུབ་ཀྱི་འདོད་ཚུལ་སྤྱི་དང་།   ཁྱད་པར་དུ་ནང་བསྟན་གྱི་ཟབ་པ་མདོ་དང་གསང་བ་སྔགས་ཀྱི་སྤྱི་དང་བྱེ་བྲག་གི་དོན་མ་ལུས་པ་རྒྱབ་ཆོས་རྒྱལ་བའི་བཀའ་དང་།  རྗེས་འཇུག་མཁས་པའི་བསྟན་བཅོས་ཚད་ལྡན་ལ་གཞི་བཅོལ་ནས་ཁ་གསལ་དང་བཅས་གསུངས་ཡོད་པས་ན་ཆོས་བརྒྱུད་ཕྱོགས་རེ་བ་ཙམ་མ་ཡིན་པར་ནང་བསྟན་ལ་རྒྱུས་ལོན་དང་ཞིབ་འཇུག་ཉམས་ལེན་གྱི་སྒོ་ནས་སློབ་གཉེར་ལ་འབད་མཁན་ཞིག་ཡིན་ཕྱིན་མ་བལྟས་ཐབས་མེད་ཀྱི་གསུང་རབ་ཞིག་ཏུ་འཁུམས། གྲུབ་མཐའ་ཆེན་མོ་ཀརྨའི་ཤིང་རྟ་ནི་དག་ཡིག་ངག་སྒྲོན་དང་མངོན་བརྗོད་པད་དཀར་ཕྲེང་བ་སོགས་མཛད་པ་པོ་དཔལ་ཁང་ལོ་ཙཱ་བས་མཛད་ཅིང་། ནང་དོན་ལ་ཕྱི་ནང་གི་གྲུབ་མཐའི་འདོད་ཚུལ་དང་། མདོ་ཕྱོགས་ཀྱི་སངས་རྒྱས་བསྟན་པའི་མངོན་མཐོའི་ཐེག་པ་གཉིས། ངེས་ལེགས་ཀྱི་ཐེག་པ་གསུམ། བྱེ་མདོ་དབུ་སེམས་ཀྱི་གྲུབ་མཐའ་བཞིའི་ལྟ་སྒོམ་སྤྱོད་འབྲས་ཆ་ཚང་། གསང་སྔགས་བཀར་སྒྲུབ། མདོ་སྔགས་ཀྱི་ཁྱད་པར། གསང་སྔགས་རྒྱུད་སྡེ་བཞི་སོ་སོའི་འཇུག་སྒོའི་དབང་། བསྲུང་བྱའི་དམ་ཚིག ལམ་གྱི་མངོན་རྟོགས། དངོས་གྲུབ་ཐོབ་ཚུལ། ས་ལམ་བགྲོད་རིམ་བཅས་དང་། མན་ངག་ནཱ་རོ་ཆོས་དྲུག་དང་སྦྱོར་བ་ཡན་ལག་དྲུག་སོགས་ཀྱི་རྣམ་བཞག་གསལ་རྒྱས་རྫོགས་པར་ཚང་བའི་གྲུབ་མཐའ་ཆེན་མོ་ཞིག་ཡིན།

མདོ་སྔགས་ལྟ་སྒོམ་སྤྱོད་འབྲས་ཀུན། །

ཚང་ལ་ནོར་བ་མེད་པ་ཡི། །

ཀརྨ་ཤིང་རྟའི་གླེགས་བམ་འདི། །

ཡིད་བཞིན་ནོར་བུ་འབུམ་ལས་ལྷག །

དེ་ཡང་གཞུང་ཆེན་འདི་ཉིད་ད་བར་སྤྱིར་པར་སྐྲུན་ཐེངས་འགའ་བྱུང་ཟིན་ནའང་། ད་དུང་སློབ་གཉེར་བ་རྣམས་ཀྱི་དགོས་མཁོ་དང་མཐུན་པར་རྒྱ་ཆེར་དར་ཁྱབ་བྱུང་མེད་ཅིང་། ཆོས་བརྒྱུད་སོ་སོའི་དགོན་སྡེ་ཁག་ནས་གཞུང་ཆེན་འདི་ལ་གདེང་འཇོག་ཚད་མཐོ་བྱེད་ཀྱི་ཡོད་རྐྱེན། ད་ལམ་ངེད་ཀྱིས་རཏྣ་རིན་ཆེན་སྒྲོན་མེའི་གཙུག་ལག་ལས་སྒྲུབ་ཁང་ནས་པར་གཞི་བླུས་ཏེ། ཕྱོགས་ཀྱི་སློབ་གཉེར་བའི་སྡེ་རྣམས་སུ་དཔེ་ཆའི་བླུ་ཡོན་ཆུང་དུ་གཏང་ཅི་ནུས་བྱས་ཏེ་དཔར་འགྲེམ་ཐེངས་གཉིས་པ་ཞུས་པ་ལགས་སོ། །

        འབྲེལ་གནས། 18397061391

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=3516