༄༅། །རང་གི་སྐད་ཡིག་ཇི་ལྟར་བྱས་ནས་ཡག་པོ་ཞིག་ཆགས་ཐུབ་བམ་ཞེ་ན། སྤྱི་ཚོགས་ཀྱི་གནས་བབ་དང་བསྟུན་ནས་བེད་སྤྱོད་ཀྱི་ལམ་བུ་འཚོལ་རྒྱུ་གནད་འགག་ཅིག་ཏུ་གྱུར་ཡོད། བོད་སྐད་ཡིག་འདི་གང་གི་ཕྱོགས་ནས་འགྲོ་རྒྱུག་བཟང་བ་ལ་བལྟས་ནས་དེའི་ཕྱོགས་སུ་བེད་སྤྱོད་གང་མང་བྱས་ཏེ། སྤྱི་ཚོགས་ཀྱི་གྲུ་ཟུར་གང་ས་གང་ནས་བོད་ཡིག་མཐོང་རྒྱ་ཡོད་པ་བཟོ་དགོས། འདི་བོད་རིགས་ཚོའི་ལས་ཀ་ལས་མི་རིགས་གཞན་གྱིས་ཐུབ་ཐབས་མེད། ལྷག་པར་དུ་ཤེས་ཡོན་ཅན་ཚོའི་ལས་ཀ་རེད། དེ་ལྟ་བུར་གྲུབ་ན། དེང་ཆར་བོད་སྐད་ཡིག་བྲིན་ཁ་རྒྱུག་ཤོས་དེ་ཏང་དང་རྒྱལ་ཁབ་ཀྱི་མཛད་ཕྱོགས་སྲིད་ཇུས་དང་བཅས་གཞུང་ཕྱོགས་ཀྱི་ཡིག་ཆ་དེ་ཚོའི་སྟེང་ནས་རེད། དེ་ནི་སྲིད་སྐྱོང་གི་དགོས་མཁོར་བབ་པའི་ཆབ་སྲིད་ཀྱི་དོན་ཆེན་ཞིག་ཡིན་པས་དུས་ཚོད་ངེས་ཅན་ཞིག་རིང་གནས་རྒྱུ་ཡིན། བོད་སྐད་ཡིག་འདི་སྦྱོང་དགོས་ན། ངེས་པར་བོད་ཀྱི་རིག་གནས་ཁོ་ནའི་སྟེང་ནས་མ་གཏོགས་ལམ་བུ་གཞན་མེད་པའི་སྣང་ཚུལ་གུ་དོག་པོ་འདི་འདྲ་འཁྱེར་དགོས་རྩ་བ་ནས་མེད། བྲིན་ཁ་རྒྱུག་པའི་ལམ་བུ་དེར་སྙེག་ནས་ལས་དོན་སྤེལ་རྒྱུ་ཧ་ཅང་གི་གལ་ཆེན་ཡིན་པས།བྱ་བ་ཐམས་ཅད་ལ་དུས་དང་བསྟུན་པའི་བསམ་བློ་ཞིག་འགྲོགས་རྒྱུ་ཤིན་ཏུ་གལ་ཆེ་བར་སྙམ།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=3033
དཔྱད་མཆན་སྤེལ།