ནུབ་ཕྱོགས་ཀྱི་མཁས་པ་ཕོའུ་ཏེན་༼ 普汀 ༽གྱིས་ཁྱིམ་སྦྱོང་ལས་བྱ་བཀོད་སྒྲིག་བྱེད་དགོས་པའི་རྒྱུ་རྐྱེན་བཅུ་གཏན་འཁེལ་བྱས། དེ་ལ་ཁྱིམ་སྦྱོང་ལས་བྱའི་དམིགས་ཡུལ་བཅུ་ཡང་ཟེར།
༡བསྐྱར་སྦྱོང་གི་དམིགས་ཡུལ། དེ་ནི་མྱུར་ཚད་དང་ངོས་འཛིན་སྦྱོང་བརྡར་བྱེད་པའི་ནུས་རྩལ་ཞིག
༢གྲ་སྒྲིག་གི་དམིགས་ཡུལ། དེ་ནི་སློབ་ཐུན་ཁྲོད་ཀྱི་བྱེད་སྒོ་དང་སྦྱང་བྱ་ལེགས་འགྲུབ་དང་ཐུན་རྗེས་མར་གྲ་སྒྲིག་བཟང་པོ་བྱེད་པའི་ཆེད།
༣ཚབ་ཞུགས་ཀྱི་དམིགས་ཡུལ། དེ་ནི་སློབ་མ་རེ་རེ་སློབ་སྦྱོང་གི་བྱ་འགུལ་ཁྲོད་ཞུགས་པའི་ཧུར་བརྩོན་རང་བཞིན་བསྐྱེད་བསྲིང་དང་།སློབ་སྦྱོང་གི་སྤྲོ་སྣང་རོལ་མྱོང་བྱེད་པ་ཞིག
༤རང་ཉིད་ཡར་ཐོན་གྱི་དམིགས་ཡུལ། དེ་ནི་སློབ་མའི་འགན་ཁུར་གྱི་སེམས་དང་སྙིང་སྟོབས། དུས་ཚོད་བཀོད་སྒྲིག་གི་ནུས་པ་གསོ་སྐྱོང་བྱེད་པ་དང་། རང་རྟོན་གྱི་སེམས་དང་ལེགས་འགྲུབ་ཀྱི་མྱོང་བ་གསོ་སྐྱོང་བྱེད་པ། དེར་མ་ཟད་སློབ་ཐུན་ཁྲོད་སྦྱངས་མི་ཐུབ་པའི་ཤེས་བྱ་རྒྱ་བསྐྱེད་དང་། ནུས་རྩལ་སྦྱོང་བ་དང་བྱ་འགུལ་ཕུན་སུམ་ཚོགས་པར་གཏོང་ཆེད་ཡིན།
༥དུས་ཚོད་ཀྱི་བགྲོ་གླེང་དམིགས་ཡུལ། དེ་ནི་སློབ་མས་མཉམ་དུ་གྲོས་བསྡུར་གྱིས་སྒྲུབ་ནས་ལེགས་འགྲུབ་ཡོང་བ་དང་སློབ་སྦྱོང་གི་འཆར་གཞི་འགོད་པ།ཕན་ཚུན་རོགས་རེས་ཀྱིས་སློབ་སྦྱོང་བྱེད་པར་སྐུལ་མ་གཏོང་ཆེད་ཡིན།
༦ཁྱིམ་བདག་དང་བུ་ཕྲུག་གི་འབྲེལ་བ་དམ་ཟབ་གཏོང་ཆེད། དེ་ནི་སློབ་སྦྱོང་གི་གལ་ཆེན་རང་བཞིན་ནས་མགོ་བརྩམས་ནས་ཁྱིམ་བདག་དང་བུ་ཕྲུག་གི་འབྲེལ་བ་ལེགས་པོ་འཛུགས་པ་དང་། སློབ་མས་སློབ་གྲྭའི་ནང་དུ་སློབ་སྦྱོང་བྱས་པའི་ཤེས་བྱ་དེ་འཚོ་བ་དངོས་དང་ཉམས་མྱོང་གི་ཁྲོད་དུ་བཀོལ་སྤྱོད་བྱེད་ཐུབ་མིན་བདེན་དཔང་བྱེད་སྤྱད་དང་། ཁྱིམ་བདག་གིས་སློབ་མའི་སློབ་སྦྱོང་ལ་ཡར་ཐོན་ཡོང་བའི་གནས་ཚུལ་གསལ་བོར་ཤེས་ཐུབ་པ་དང་རོགས་རམ།རྒྱབ་སྐྱོར་བྱེད་པའི་འདུ་ཤེས་མཐོར་འདེགས་གཏོང་ཆེད་ཡིན།
༧ཁྱིམ་བདག་དང་དགེ་རྒན་བར་གྱི་འབྲེལ་བ་དམ་ཟབ་གཏོང་ཆེད། དེ་ནི་དགེ་རྒན་གྱིས་ཁྱིམ་བདག་སློབ་ཐུན་བྱ་འགུལ་དུ་ཞུགས་སུ་འཇུག་རྒྱུ་དང་མཉམ་དུ་རང་གི་བུ་ཕྲུག་གིས་སློབ་ཐུན་སྐབས་ཀྱི་སློབ་སྦྱོང་གི་གནས་ཚུལ་རྒྱུས་ལོན་བྱེད་ཐབས་ཤིག
༨སྤྱི་ཚོགས་དང་འབྲེལ་བ་གཏོང་ཆེད། སློབ་གྲྭ་ནི་བརྒྱུད་རིམ་ལྡན་པའི་ངང་སློབ་ཁྲིད་སློབ་གསོ་སྤེལ་སའི་གནས་མཆོག་ཅིག་ཡིན་པ་བདེན་དཔང་དང་། ཁྱིམ་སྦྱོང་ལས་བྱའང་དེར་འདུས་ཏེ། དེ་དང་མཉམ་དུ་སྤྱི་ཚོགས་ཀྱི་ཕན་ནུས་ཡོད་པའི་བགྲོ་གླེང་གི་ནང་དོན་དེ་སློབ་མ་དང་འབྲེལ་བ་ཡོད་པའི་ཁྱིམ་སྦྱོང་གི་ལས་བྱར་གཏན་འཁེལ་བྱས་པ་ཞིག
༩སྲིད་ཇུས་ལག་བསྟར། ལག་བསྟར་ས་ཁུལ་དང་སློབ་གྲྭའི་སློབ་གསོའི་འགོ་ཁྲིད་བདག་དམ་པས་སྲིད་ཇུས་གཏན་འཁེལ་ལྟར། གཏན་འཁེལ་བྱས་པའི་ཉིན་རེའམ་གཟའ་འཁོར་རེར་འགྲུབ་དགོས་པའི་སྦྱང་བྱའི་ཚད་ཅིག
༡༠ཆད་གཅོད། དག་བཅོས་བྱེད་སྐབས་དང་ནུས་ཆོད་ཀྱི་ཁྲོད་གནས་པའི་གནད་དོན་གྱི་ཁ་ཕྱོགས་རྙེད་ཐུབ་པའི་ཆེད།
བསླབ་ཕྱིའི་སྦྱང་བྱའི་དོན་སྙིང་ནི་ཕྱོགས་མང་པོ་ནས་མཚོན་ཡོད། ཡོད་ཀྱང་ཆོག་ལ་མེད་ཀྱང་ཆོག་པ་ཞིག་མ་ཡིན་པར། ལས་བྱ་ནི་དགེ་རྒན་གྱིས་ཞིབ་ཚགས་ངང་འདེམ་གསེས་བྱས་ཤིང་སློབ་མ་ལ་གྲ་སྒྲིག་བྱས་པའི་ལེགས་སྐྱེས་གྱ་ནོམ་པ་ཞིག་ཡིན་དགོས།
སྤྱི་ལོ༢༠༡༨ལོའི་ཟླ༡༠བའི་ཚེས༡༩ཉིན།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=2784
ཉེ་མཆན།