སུ་ལ་ཡང་གསང་ཐབས་མེད་པ་དེ
ཁ་སང་ཉི་མ་དྲོད་ལམ་ལམ་དུ་ཤར་ཡོད་ཀྱང
ད་ནངས་སྔ་མོ་རླུང་འཚུབ་གཡུག་ཅིང
ཁ་བ་ཡང་ལྷབ་ལྷུབ་ཏུ་བབས་པ་དེ་རེད
ནམ་ཟླ་ནི
དགུན་ཟླ་བཅུ་བའི་ཁུགས་ནས
རྫ་ཆུ་སྔོན་མོར་མཆོད་གསུམ་འཕངས་ཤིང་ཁམ་གསུམ་འཐུང་བ་དེ་དང་འདྲ་འདུག
ད་ནི་རྩྭ་ཐང་ཞེས་པའི་སྔོ་ལྗང་ལྗང་ཅན་དེ
བུད་མེད་ཡུགས་ས་ཞིག་གི་ངུ་སྐད་ལས་ཤོར་བའི
ཁ་ཁོག་སྐྱ་བོ་ཞིག་ཏུ་གྱུར་ནས
ཨ་བྲ་གཅིག་པུས་འདུར་རྒྱུག་གོ
ཉི་མ་ཡང་བརྩེ་བ་མེད་པའི་ངོ་གདོང་ཞིག་བཞིན
སུ་ཞིག་ལ་ཁེར་རྐྱང་མིན་པ་ར་སྤྲོད་ཆེད
འཛུམ་མདངས་བཅོས་མ་དེ་སུ་ལ་བསྟན་ནམ
ཁ་བ་ནི་སེམས་ངལ་ཞིག་ཨང
དྲན་གདུང་དང་མཉམ་དུ
འདབ་མ་རེ་རེ་བཞིན་རྫ་ཆུའི་སེམས་ལ་བབས་སོང
༢༠༡༣ ༡༢ ༡༤
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=1633
དཔྱད་མཆན་སྤེལ།