དུས་ཚོད་དེའི་ཕར་ངོགས་ན
ཁྱོད་ལ་དབང་བའི་ལམ་བུ་དེ་ཡོད་ཅེས
རྒྱུས་མེད་ཀྱི་མིག་ཟུང་དག་གིས་ཅེར་ནས་ཡོང་སྲིད
དུས་ཚོད་དེའི་ཕར་ངོགས་ན
ཁྱོད་ལ་དུངས་བའི་རྒྱལ་སྲས་དེ་ཡོད་ཅེས
སྙིང་ཉེ་བའི་ངོ་གདོང་དག་གིས་བཅར་ནས་ཡོང་སྲིད
དུས་ཚོད་དེའི་ཕར་ངོགས་ན
ཁྱོད་ལ་ཞེན་པའི་སྙན་ངག་དེ་ཡོད་ཅེས
སེམས་ལ་ཟུག་པའི་སྐད་ཆ་དག་གིས་བསྐོར་ནས་ཡོང་སྲིད
དུས་ཚོད་དེ་ཕར་ལ་སོང་ན
ཁྱོད་ལ་དབང་བའི་ལམ་བུ་དེ་ནས
སུས་ཀྱང་མ་མཐོང་ལ་སུ་ལའང་མ་བཤད་པར
སྐད་ཆ་དག་རྒྱབ་ཏུ་ཁུར་ནས
རྒྱལ་སྲས་ལྟ་བུའི་སྙན་ངག་དག་འཁྲིད་དེ
ཁྱོད་ལ་དབང་བའི་རྒྱལ་ཁ་དེ་ལེན་དུ་སོངས་།
༢༠༡༡ ༣ ༢༣ཞོགས་པ།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=1630
དཔྱད་མཆན་སྤེལ།