དཔལ་ལྡན་ཕུན་ཚོགས་དང་ཤཱཀྱ་ཤེས་རབ་གཉིས་ཀྱིས་བསྒྱུར།

 

བདག་གིས་མཐོང་བའི་གད་སྙིགས།

 

རི་སྔོན་པོ   འཕུར་བསྐྱོད་ཀྱི་བྱ   སྲ་མཁྲེགས་ཀྱི་ཀ་ར
བདག་གིས་མཐོང་བའི་གད་སྙིགས
ཐང་ལ་ལྷུང་པའི་ལོ་མ  ཤིང་ཐོག་གི་ཤུན་པ
བདག་མེད་ཀྱི་བྱིས་པ་གཤིན་པོ
བདག་གིས་མཐོང་བའི་གད་སྙིགས
དུག་ལོབས   དབུལ་འཕོངས
ལམ་ནོར་ཐེབས་པའི་དཔལ་ཡོན
བདག་གིས་མཐོང་བའི་གད་སྙིགས
འདི་ནི་བདག་གི་སྐོམ་པ་ཆུ་འདོད་ཀྱི་གད་སྙིགས་ཏེ
ངའི་པང་དུ་མཆིས   ངའི་མཆུ་སྒྲོས་ཀྱི་ཟུར་དུ་མཆིས
བྱང་སྐར་གྱི་འཕོ་འགྱུར   དེ་ནི་མུ་ཏིག་རྡོག་གཅིག་དང་འདྲ་ཨང་།

我看到的垃圾

青山,飞鸟,坚硬的糖果
我看到的垃圾
落叶,果皮,死去的弃婴
我看到的垃圾
毒瘾,困窘,走失的文明
我看到的垃圾
这是我梦寐以求的垃圾
在我怀里,在我唇边
斗转星移,犹如一颗明珠

 

ང་རང་སྔར་བཞིན་འཁྱམས་ཉུལ་བྱེད་ཀྱི་ཡོད།

 

གད་སྙིགས་རིགས་དབྱེ་སྟེ
སྟབས་བདེ་བའི་འདུ་ཤེས་འདི་ཡི་ཆེད་དུ
ང་རང་འཁྱམས་ཉུལ་བྱས
ངས་ས་སྲོད་དང་མི་སེར་གྱི་དབྱེ་བ་ཕྱེས་ཤིང
ངས་ཡར་ཐོད་དང་གློག་འགྱུ་ཡི་དབྱེ་བ་ཕྱེས
ང་རང་སྔར་བཞིན་འཁྱམས་ཉུལ་བྱེད་ཀྱིན་ཡོད
ངས་མི་ཚེ་ལྷག་མ་འདི་དང
གྲངས་ཀྱིས་མི་ཟིན་པའི་དཔྱིད་ཀ་དུ་མ་བཀལ་ཤིང
ང་རང་སྔར་བཞིན་འཁྱམས་ཉུལ་བྱེད་ཀྱིན་ཡོད
ང་ཡི་འཁྱམས་ཉུལ་ལགས།
བདག་གི་སྙིང་ཉེ་བའི་ས་ཆེན་འདིར
མི་མང་ག་ཚོད་ཅིག་ད་དུང་རྨོངས་གཉིད་དུ་འཐིམ་ཡོད་དམ།

 

我仍然在流浪

 

垃圾分类,为了这个简单的理念
我流浪
我分出黄昏和百姓
我分出头颅和闪电
我仍然在流浪
我分出余生,和无数个
明媚的春天
我仍然在流浪
我的流浪啊,我心疼的大地上
多少人至今沉睡不醒

 

གྲོག་མ་གཅིག་དང་མོལ་བ།

 

ཐེངས་འདིར
བདག་དང་གླེང་མོལ་གནང་མཁན་ནི་གྲོག་མ་གཅིག་ཡིན
ངས   ལོ་མང་གི་སྔོན་དུ
ང་རང་ཡང   ལས་ཀ་ཡོད་པའི་མི་ཞིག་ཡིན་པ་དང
ནམ་ལངས་མུན་རུབ་བར་དུ
འབྲུ་རིགས་རྒྱབ་ཁུར་བྱས་པར་བཤད་ཅིང
ཡང་དུ་ངེད་གཉིས་ཀྱིས་ཕྱིར་བཤོལ་དེ་གླེང་སྐབས
ངས་ང་རང་ལ་འགྱོད་པ་མི་འདུག་ཅེས་བཤད
ངས་རང་ཁྱིམ་གྱི་སྒོ་མོ་འཕུལ་དུས
ཁྱིམ་མི་གཅིག་ཀྱང་མི་འདུག
འོན་ཀྱང་ངས་སྔར་ནས་དེ་ལྟར་ཚོད་དཔག་ཐུབ་བྱུང་།

 

一只蚂蚁的交谈

 

这次,是一只蚂蚁跟我交谈
当我说到,很多年前
我也曾是个有工作的人
我背着粮食,从早到晚
当我们再次谈到那次归来
我说我不后悔
我推开门,家人都已经不在
而我很久前就预料到了

 

རྣམ་འགྱུར།

 

ང་རང་དྲ་སྐར་(网红)ལ་འགྱུར་བའི་གནད་དོན་འདིའི་ཐད
ལ་ལས་ཕྱོགས་སྡོམ་གྱི་ཚུལ་དུ་ན་རེ
ཕྱི་ནས་བལྟས་ན་སྨྱོན་པ་དང་འདྲ་བའི་མི་ཞིག་གིས
ཕལ་བའི་མི་ལས་བརྒལ་བའི་སྐད་ཆ་བཤད་སོང་ཟེར
དེ་ནས་མི་ལ་ལ་ཞིག
དངོས་གནས་སྨྱོ་རུ་བཅུག་སོང་
ངས་བསམ་བློ་ཡང་འདོན་བྱས་པར
ངས་གད་སྙིགས་གཅིག་ཀྱང་བློས་གཏོང་བྱས་མ་མྱོང
འདི་ནི་ང་རང་མི་ཞིག་ཡིན་པའི་རྣམ་འགྱུར་དུ་འདོད
སྔར་ནས་ད་བར་བདག་གིས་དེ་ལྟར་སེམས་སོ།།

 

态度

 

关于我成为网红这件事
有人总结:
一个看似不正常的人
讲了一些正常的话
另外一些人,就不正常了
我想了想
其实我一直认为
我从来没有放弃过任何一件垃圾
这就是我做人的态度

 

ལོ་མང་ཡར་སྔོན་གྱི་ཕྱིར་དྲན།

 

ལོ་མང་པོའི་ཡར་སྔོན་དུ
ང་རང་ཡང་ཐོབ་ཐང་ཡོད་པའི་མི་ཞིག་ཡིན
འོན་ཀྱང་ཕན་པ་ཅི་ཞིག་འདུག་གམ
ང་དང་ཁྱེད་ཅག་གི་བར་དུ
ནམ་ཡང་ཆུ་ཤུལ་ཆེན་པོ་ཞིག་མཆིས་ཨང
ང་ཡི་རང་དབང་ནི་ཕོར་པའི་ནང་དུ་མེད
ལྟོས་དང  སྙིགས་སྒམ་ནང་གི་དངོས་པོ་འདི་དག་ནི
ངའི་ལོ་ངོ་འདི་དག་གི་ཕྱིར་དྲན་ཉག་གཅིག་ཡིན
ངས་གཉེན་ཉེ་གཅིག་གི་ཚད་དུ་འཛིན་པ་ལྟར
ཁོ་ཚོར་ནོར་བུ་ཞེས་འབོད་ཅིང
ཁོ་ཚོར་སྡོད་གནས་བཙལ།

多年前的回忆

 

多年前,我也是个有身份的人
但是又什么用?
我跟你们始终有一条鸿沟
我的自由不在饭碗里
你看那垃圾箱里的东西
是我这些年来,满满的回忆
我叫它们宝贝,并给它们安置
像对待亲人一样

 

བརྩི་འཇོག་དང་འབྲེལ་བ་འདི་དག

 

བརྩི་འཇོག་ལ་མཚོན་ན
ཤི་ཟིན་པའི་བྱི་བ་ཐམས་ཅད་ཀྱིས
གྲལ་དག་ཅིང་བདེ་བར་ཉལ་དགོས་པ་དང
དེ་མ་ཐག་ཏུ་དྲི་ངན་ལྡུད་མི་ཉན་པ་ཤེས
དེ་ནི་མཚན་ཕྱེད་དང  སྤུས་མི་དག་པའི་མི་ལ
བརྩི་འཇོག་བྱེད་སྟངས་ཤིག་རེད
ཡིན་ན་ཡང   ཁྱེད་ཅག་ཚང་མས་ཁ་པར་རེ་བཟུང་ནས
ངའི་གསང་བ་དག་དེང་རབས་མི་ལ་དྲིལ་སྒྲགས་བྱས
ང་རང      ངུ་བགད་བྱེད་པ་ལས་ཐབས་ཅི
སྒོར་མོ      ཁྱེད་ཅག་གིས་ཅི་འདོད་དུ་བསོག་ཤིག
སྒོར་མོ་བསགས་ཚར་རྗེས
ངའི་རྩིས་ཐང་རང་ཉིད་ལ་ཚུར་གནང་རོགས།

 

关于尊重

 

对于尊重
死去的耗子都知道要躺好
不能立马发臭,这是对凌晨
拾荒人的尊重
而你们,一个个拿着手机
把我的隐私暴露出去的现代人
我只能苦笑——
钱,你们尽管赚
赚够了,把我的尊严还给我

 

ང་ལ་གད་སྙིགས་ཤིག་གནང་རོགས།

 

ང་ལ་སྦྱིན་པ་མི་དགོས
ང་ལ་དཔྱིད་རླུང་དང་མཛེས་མ་མི་དགོས
ང་ལ་འོད་སྣང་མི་དགོས
ང་ལ་བསྟོད་ཚིག་ཀྱང་མི་དགོས
ང་རང་ལ་གད་སྙིགས་ཤིག་གནང་རོགས་ཞུ
འདི་ནི་བདག་གི་རེ་ཞུ་ཉག་གཅིག་ཡིན
རང་ཉིད་ཀྱི་ཆེས་ཐོག་མའི་རེ་འདུན་གསོ་བཞིན
ལུ་གུ་ཉམས་ཆུང་དེ་དང་མཚུངས་པར
ང་རང་ཁེར་རྐྱང་གི་ངང
མི་ཚོགས་བརྒལ་ནས་བཞུད་ཆོག་པར་ཞུ།

 

给我一件垃圾

 

我不要施舍
不要春风和美人
我不要光明,也不要赞词
只求给我一件垃圾
让我继续重温最初的念想
让我孤独地穿过人群
像那只羔羊一样

 

 

རྩོམ་ཁུངས། ངེད་དྲ་བ།
གཞན་གྱིས་རྒྱུད་འགོད་མི་རུང་།