ཡང་ན་མཐར་ཕྱིན་སློབ་མར་ཕུལ་བའི་ཞུ་ཚིག

(Hu Shih)ཧུའུ་ཧྲིས་བརྩམས།

 

 

སློབ་གྲོགས་ལྷན་རྒྱས།  མི་རིང་བར་ཁྱེད་ཅག་མ་ཡུམ་སློབ་གྲྭ་དང་ཁ་གྱེས་རྒྱུ་ལགས་པས།  ཁོ་བོར་ཁྱེད་ཅག་ལ་གཟེངས་སྐྱེས་ཅིའང་སྦྱིན་དུ་ཟད་ན་ཡང་། སྐབས་འདིར་ཁྱེད་ཅག་ལ་བདག་གི་སྐད་ཆ་འགས་ཚིག་གི་སྐྱེས་སུ་འགྱུར་བར་སྨོན།

སྐད་ཆ་དེ་ནི་གང་རེད་ཅེས་ན།“རིག་པ་དོན་གཉེར་བསྐྱུར་བར་མི་བྱ་རོགས”་ཞེས་པ་དེ་ཡིན། སྔོན་ཆད་ཁྱེད་ཅག་གིས་རང་གི་མིག་མདུན་གྱི་སྦྱངས་བྱ་དང་སྐབས་འཕྲལ་གྱི་མཐར་ཕྱིན་ལག་རྟགས་རེག་པའི་སླད་དུ་རིག་པ་གཉེར་བ་དང་། དེ་ཐབས་མེད་ཅིག་ཏུ་གྱུར་ཡོད་ཀྱང་སྲིད་མོད། ད་ནས་བཟུང་སྟེ།  ཁྱེད་ཅག་གིས་རང་གི་འདོད་པ་དང་མོས་པ་ལྟར་རང་དབང་གིས་ཞིབ་འཇུག་བྱེད་ཆོག། ད་ལྟའི་འབྱོར་ཕྱུག་གིས་གཏམས་པའི་སྐབས་འདི་དང་བསྟུན་ནས་འབད་པ་ལྷུར་ལེན་གྱིས་ཆེད་ལས་ཀྱི་རིག་པ་གཉེར་བར་འབུངས་ཤིག། ན་གཞོན་གྱི་དུས་སྐབས་ནི་འཇམ་ཅག་གེར་བཞུད་ཚེ་ལྡོག་ཏུ་མེད་པའི་ཐུར་འབབ་ཆུ་བོ་དང་འདྲ་ཞིང་། རིག་པ་དང་ལོ་ན་ཡོལ་བའི་དུས་སུ་རིག་པ་གཉེར་བར་འདོད་པ་ནི་ངལ་བའི་རྒྱུ་ལས་མེད་པས། ད་ནས་བཟུང་གོ་སྐབས་དང་དུས་ཚོད་མ་ནོར་བར་ཞུ། ལྟོ་ཆས་ལྟོ་འཐུང་འབའ་ཞིག་ལས་རིག་པ་དོན་དུ་མ་གཉེར་ཚེ། ལོ་གསུམ་མམ་ལྔའི་རྗེས་སུ་ཁྱེད་ཅག་སླར་ཡང་གཞོན་པའི་ཚོགས་ཀྱིས་བསྐྱུར་ངེས་ཤིང་།  སྐབས་དེར། རིག་པ་དོན་དུ་གཉེར་འདོད་ཙང་དུས་རབས་དང་ན་ཚོད་ཀྱིས་བསྒུག་ཏུ་མེད་པས། རིག་པ་ད་ནས་བཟུང་གཞོན་པའི་དུས་སུ་ཧུར་ཐག་གིས་གཉེར་བར་ཞུ།

མི་ལ་ལས་འདི་ལྟར་འདོད་དེ། “སློབ་མཐར་ཕྱིན་རྗེས། འཇིག་རྟེན་མཐུན་འཇུག་དང་འཚོ་བའི་གནད་དོན་སེལ་བར་འབད་དགོས་པས། དཔེ་ཀློག་གི་དུས་ཚོད་ཅིག་གང་ན་ཡོད་དེ་མེད་དོ་སྙམ། ”བརྒྱ་ལ་རིག་པ་དོན་དུ་གཉེར་ན་ཡང་།  དཔེ་མཛོད་ཁང་མེད་པའི་ཁར། ཐ་ན་ཚོད་ལྟ་ཁང་ཡང་མེད་པས་རིག་པ་ཅི་ལྟར་གཉེར།”

ངས་ཁྱེད་ཅག་ལ་ནན་ནན་ཏིག་ཏིག་སྒོས་བཤད་དགོས་པ་ཞིག་ལ།  གལ་སྲིད་དཔེ་མཛོད་ཁང་ཁོ་ནར་སྐྱབས་སུ་རེ་ནས་དཔེ་ཀློག་བྱེད་དགོས་ཚེ། ངས་བལྟས་ན་དཔེ་མཛོད་ཁང་ཡོད་ཀྱང་དཔེ་ཀློག་བྱེད་མི་སྲིད་སྙམ། དེ་དང་འདྲ་བར་ཚོད་ལྟ་ཁང་ཡོད་ཀྱང་ཞིབ་འཇུག་བྱེད་མི་སྲིད། གནད་དོན་གང་ཉིད་ལ་ཞིབ་འཇུག་ནན་དུ་བྱེད་པའི་འདོད་བློ་ཡོད་ན། དེས་ལྟོ་གོས་ངན་ངོན་ལ་རོལ་དགོས་ཀྱང་དཔེ་ཆ་ཉོ་ངེས་ཤིང་། ཐབས་དང་བཀོད་པ་རྣམ་པ་སྣ་ཚོགས་ཀྱིས་ཚོད་ལྟའི་ཡོ་ཆས་ཀྱང་ཉོ་སྒྲུབ་བྱ་ངེས་ཡིན།

དུས་ཚོད་ཀྱི་ཐད་ནས་གནད་དོན་ཞིག་རྦད་དེ་མ་རེད། དབྱིན་ཇིའི་དངོས་ལུགས་རིག་པ་བ་ཏར་ཝུན་གྱི་(查理斯·罗伯特·达尔文)་མི་ཚེ་ཧྲིལ་བོར་མི་འདོད་ནད་ཀྱིས་ཟིན་པ་དང་བྱ་བ་མང་བོ་ཞིག་ལ་འཐུས་ཤོར་གྱིས་སྒྲུབ་མ་ཐུབ་ཙང་། ཁོའི་གྲུབ་འབྲས་ལ་གཟིགས་དང་། ཉིན་རེ་རེར་དུས་ཚོད་སྐར་མ་གཅིག་བེད་སྤྱད་ན་ཤོག་ལྷེ་བཅུ་ལ་བལྟ་ཐུབ། དེ་བཞིན་ལོ་གཅིག་ལ་ཤོག་ལྷེ་སུམ་བརྒྱ་དྲུག་ཅུར་བལྟ་ཐུབ་ན།ལོ་ངོ་སུམ་ཅུའི་ནང་དུ་ཤོག་ལྷེ་ཁྲི་བཅུ་གཅིག་ལ་བལྟ་ཐུབ་པར་འདུག   ལྷན་རྒྱས།  ཤོག་ལྷེ་ཁྲི་བཅུ་གཅིག་གིས་སྐུ་ཉིད་ཤེས་ལྡན་པ་ཞིག་ཏུ་འགྱུར་བར་བཟོ་ཐུབ་པ་རེད། ཡིན་ན་ཡང་།  ཉིན་རེར་ཚགས་དེབ་ཆུང་བ་རིགས་གསུམ་ལ་བལྟ་བར་དུས་ཚོད་ངེས་ཅན་ཞིག་མཁོ་ལ། མཱ་ཅང་གི་རྒྱལ་ཕམ་ཐེངས་གཅིག་ལ་དུས་ཚོད་གཅིག་དང་ཕྱེད་ཀ་ཙམ་ཟད་པར་འགྲོ་བར་དཔག་ན། ད་ནི་ཁྱོད་ཀྱིས་ཚགས་དེབ་བསལ་ལམ་མཱ་ཅང་བསལ། ཡོད་ཚད་ཉིད་ཀྱི་གདམ་གར་རག་ལས་ཡོད།

ཡུའུ་པའོ་ཧྲིན་(易卜生)གྱིས་སྨྲས་པ།“ཁྱོད་ཀྱི་འགན་འཁྲི་ཆེས་ཆེ་ཤོས་ནི་སྒེར་བ་རང་ཉིད་རིན་པོ་ཆེ་ཞིག་ཏུ་བསྒྱུར་རྒྱུ་དེ་རེད”་ཅེས་བཤད་མྱོང་།

ཏག་ཏག་རིག་པ་དོན་དུ་གཉེར་བ་ནི་རིན་པོ་ཆེ་འཚོལ་བའི་གྲུ་གཟིངས་དེ་ཡིན་ལ། རིག་པ་དང་ཁ་གྱེས་པ་ནི་རང་ཉིད་ཕུང་བའི་རྒྱུ་རུ་བསྐྲུན་པ་ལས་མ་འདས།

སློབ་གྲོགས་ལགས།    འབྱུང་འགྱུར་གྱི་ཁྲོད་ནས་མ་ཡུམ་སློབ་གྲྭས་དུས་རྟག་ཏུ་མི་ལོ་བཅུའི་རྗེས་སུ་རིན་པོ་ཆེ་ཞིག་ཏུ་འགྱུར་ཡོད་མེད་ལ་མིག་གིས་འཚོས་འཚོས་ལ་ཡོད། སླར་མཇལ།

 

2019/03/18ཉིན་ལ་ལེགས་པར་གྲུབ།

2019/3/20ཉིན་ལ་བཅོས།

“  不要抛弃学问”

胡适

你们现在要离开母校了,我没有什么礼物送给你们,只好送你们一句话罢。

这一句话是:“不要抛弃学问。”以前的功课也许有一大部分是为了这张毕业文凭,不得已而做的。从今以后,你们可以依自己的心愿去自由研究了。趁现在年富力强的时候,努力做一种专门学问。少年是一去不复返的,等到精力衰时,要做学问也来不及了。即为吃饭计,学问决不会辜负人的。吃饭而不求学问,三年五年之后,你们都要被后进少年淘汰掉的。到那时再想做点学问来补救,恐怕已太晚了。

有人说:“出去做事之后,生活问题急须解决,哪有工夫去读书?即使要做学问,既没有图书馆,又没有实验室,哪能做学问?”

我要对你们说:凡是要等到有了图书馆方才读书的,有了图书馆也不肯读书。

凡是要等到有了实验室方才做研究的,有了实验室也不肯做研究。你有了决心要研究一个问题,自然会撙衣节食去买书,自然会想出法子来设置仪器。

至于时间,更不成问题。达尔文一生多病,不能多做工,每天只能做一点钟的工作。你们看他的成绩!每天花一点钟看十页有用的书,每年可看三千六百多页书;三十年读十一万页书。

诸位,十一万页书可以使你成一个学者了。可是,每天看三种小报也得费你一点钟的工夫;四圈麻将也得费你一点半钟的光阴。看小报呢?还是打麻将呢?还是努力做一个学者呢?全靠你们自己的选择!

易卜生说:“你的最大责任是把你这块材料铸造成器。”

学问便是铸器的工具。抛弃了学问便是毁了你自己。

再会了!你们的母校眼睁睁地要看你们十年之后成什么器。