1ཁྱེད་ནི་བུད་ཤིང་འཐུ་མཁན་ཞིག་ཡིན་ལ། ཁོ་ནི་ལུག་རྫི་ཞིག་ཡིན། ཁྱེད་ཀྱིས་ཁོ་དང་ཉིན་གང་བོར་ཁ་བརྡ་བྱས་པ་ལ། ཁོའི་ལུག་གི་ལྟོ་བ་འགྲེངས་མོད། ཁྱེད་ཀྱི་བུད་ཤིང་བཏུས་ཚར་རམ། བུད་ཤིང་འཐུ་མཁན་གྱིས་ལུག་རྫི་ལ་ཁ་བརྡ་བྱ་བའི་གནས་མ་ཡིན་ནོ།།

-ཁྱེད་ཀྱིས་དགོས་པ་མེད་པའི་འབྲེལ་ཐག་གཅོད་རོགས།

2 བུད་ཤིང་འཐུ་མཁན་གྱིས་ལུག་རྫི་དང་ཉིན་གང་བོར་ཁ་བརྡ་བྱས། ཁོ་ལ་ཐོབ་བྱ་ཅི་ཡང་མེད་པ་ལྟར་སྣང་ཡང་། ལུག་རྫི་དང་ཁ་བརྡ་བྱས་པ་བརྒྱུད་ནས། ཁོས་རི་གང་དུ་བུད་ཤིང་མང་བ་དང་ལམ་བདེ་བོ་ཡོད་པ། རི་གང་དུ་ཚེར་མས་ཁེངས་པ་ཤེས་པར་གྱུར་པས། ཕྱི་ཉིན་བུད་ཤིང་མང་པོ་བཏུས་ཏེ་ཡུལ་དུ་ལོག

-འབྲེལ་འདྲིས་ནི་ཧ་ཅང་གལ་ཆེ་བ་ལ། དོན་ལྡན་གྱི་མི་དང་ཁ་བརྡ་བྱས་ན་གོལ་ས་མང་པོ་སྤོང་ཐུབ་པས་ལྷག་ཏུ་གལ་ཆེ།

3 ཁྱེད་ནི་བུད་ཤིང་འཐུ་མཁན་ཡིན་ལ། ཁོ་ནི་ལུག་རྫི་ཡིན། ཁོ་དང་ཉིན་གང་བོར་ཁ་བརྡ་བྱས་པ་ལས། ཁྱེད་ཀྱིས་ལུག་ནི་དེ་ལྟར་འཚོ་དགོས་པའི་ཚུལ་ཤེས་པར་གྱུར་ལ། ཁོས་བུད་ཤིང་ནི་འདི་ལྟར་འཐུ་དགོས་པ་རྟོགས་པར་གྱུར།

-ལེགས་བཤད་བྱིས་པའི་ངག་ལས་ལེན། ནམ་ཡང་ཕོར་བ་སྟོང་པའི་རྣམ་པར་གནས་དགོས།

4 ཁྱེད་ནི་བུད་ཤིང་འཐུ་མཁན་ཡིན་ལ། ཁོ་ནི་ལུག་རྫི་ཡིན། ཁོ་དང་ཉིན་གང་བོར་ཁ་བརྡ་བྱས་པ་ལས། ཁོས་ལུག་དང་བུད་ཤིང་གཉིས་བརྗེ་བའི་སེམས་ཐག་བཅད། དེ་ནས་ཁྱེད་ལ་ལུག་ཡོད་པར་གྱུར་ཅིང་། ཁོ་ལའང་བུད་ཤིང་ཡོད་པར་གྱུར།

-རིན་མཉམ་བརྗེ་རེས་བྱེད་པ། མི་སུ་ལའང་མཐོང་ཆུང་བྱ་མི་རིགས་ཏེ། ཤེས་ལྡན་བདག་འདྲ་ལས་ཀྱིས་སྐྱེས་ལགས་ན། ནམ་ཞིག་དགོས་པའི་དུས་ཤིག་མི་འཆར་རམ།

5 ཁྱེད་ནི་བུད་ཤིང་འཐུ་མཁན་ཡིན་ལ། ཁོ་ནི་ལུག་རྫི་ཡིན། ཁོ་དང་ཉིན་གང་བོར་ཁ་བརྡ་བྱས་པ་ལས། ཁོས་རང་གི་ལུག་ཉོ་མཁན་ཁྱེད་ལ་ངོ་སྤྲོད་བྱས་ཤིང་། ཁྱེད་ཀྱིས་རང་གི་བུད་ཤིང་ཉོ་མཁན་ཁོ་ལ་མཚམས་སྦྱོར་བྱས། དེ་ལ་བརྟེན་ནས་སོ་སོའི་ཚོང་ལས་ཇེ་རྒྱས་ནས་ཇེ་ལེགས་སུ་ཕྱིན།

-ཐོན་ཁུངས་གོང་སྒྲིག་ནི་ཧ་ཅང་གལ་ཆེའོ།།

6 ཁྱེད་ནི་བུད་ཤིང་འཐུ་མཁན་ཡིན་ལ། ཁོ་ནི་ལུག་རྫི་ཡིན། ཁོ་དང་ཉིན་གང་བོར་ཁ་བརྡ་བྱས་པ་ལས། ཁྱེད་གཉིས་ཀྱིས་ལུག་ཤ་བསྲེག་སའི་ཚོང་ཁང་ཞིག་མཉམ་དུ་ཕྱེ་བའི་ཐག་བཅད་ལ། ཁྱེད་ཀྱི་བུད་ཤིང་ལས་བསྲེག་པའི་ལུག་ཤ་ཧ་ཅང་ཞིམ་ལ། ཁོའི་ལུག་ཤ་གཙང་མ་ཡིན་པས། ལོ་འགའི་རྗེས་སུ་ཁྱེད་གཉིས་ཀྱི་སྤྱི་གཉེར་ཁང་ཁྲོམ་རར་ཞུགས།

-སྐྱོན་ཀུན་ཟད་ཀྱི་མི་མེད་ཀྱི། ཡོན་ཏན་ཀུན་ལྡན་གྱི་ཚོགས་པ་ནི་ཡོད་དོ།།

མཐའ་མའི་དཔྱད་སྡོམ།

དངོས་པོ་གཅིག་ལ་འདུ་ཤེས་འཛིན་སྟངས་མ་འདྲ་བ་ལས་མཐའ་འབྲས་ཀྱང་ཐ་དད་པ་འབྱུང་ངེས་ཡིན།

.

放羊的故事(今年最火的文章)

第一集

1、你是砍柴的,他是放羊的,你和他聊了一天,他的羊吃饱了,你的柴呢? 砍柴的陪不起放羊的…
——请放弃你的无效社交

第二集

2、砍柴人陪放羊人聊了一天,表面上他一无所获,但是砍柴人通过放羊人聊天,知道了哪个山的柴多,哪个山的路好走,哪个山布满荆棘,第二天收获多多回家了。
——沟通很重要…找对人聊天少走弯路更重要

第三集

3、你是砍柴的,他是放羊的,你和他聊了一天,如是你学会了放羊技巧,原来羊是这么放的,他学会了砍柴技能,原来柴要这样砍。
——三人行必有我师,永远保持空杯的状态

第四集

4、你是砍柴的,他是放羊的,你和他聊了一天,他决定把他的羊跟你的柴交换,于是你有了羊,他也有了柴。
——等价交换,不要看不起任何人,天生我才必有用

第五集

5、你是砍柴的,他是放羊的,你和他聊了一天,他把他买羊的客户介绍给了你,你把你买柴的客户介绍给了他,于是你们各自的生意越做越大。
——资源整合很重要

第六集

6、你是砍柴的,他是放羊的,你和他聊了一天,你们决定合作一起开个烤全羊的店,你的柴烤出来的羊很美味,他的羊纯天然的,几年后你们公司上市了。
——没有完美的个人,只有完美的团队

总结版

其实面对同一件事物,心态不一样,结果就会不一样。