ཕ་ཡུལ་དང་ཕྱོགས་སུ་གནས་པའི་གུས་པར་འོས་པའི་རྩོམ་པ་པོ་ལྷན་རྒྱས་ལགས། <<སློབ་མའི་ལམ>>གྱི་ལོ་དེབ་འདོན་ཐེངས་གསུམ་པ་བོད་ས་ཁྱི་ལོའི་ཟླ10བའི་ཚེས7ནས་ཚེས30བར་དུ་བསྡུ་འཆར་ཡོད་པས། མི་ཚེའི་ལམ་ཕྲན་གྱི་མྱོང་བ་ཡི་གེར་འདེབས་པའི་སྙུག་ཐོགས་པ་རྣམས་ཀྱིས་དུས་ལྟར་རྩོམ་ཡིག་རེ་འབྱོར་བའི་རེ་བ་ཞུ།

1
ལོ་དེབ<<སློབ་མའི་ལམ>>གྱི་ཁ་ཕྱོགས་ས་གཙོ་བོ་ནི་ཕ་ཡུལ་གྱི་རྩོམ་འབྲི་བ་ཚོ་ཡིན་ལ། ཞོར་ནས་སྡེ་བ་གཞན་དང་ས་གནས་གཞན་གྱི་གསར་སྐྱེས་ཀྱི་ཡིག་འབྲི་བ་ཚོར་སྟེགས་བུ་ཞིག་སྤྲད་ནས་ཡོང་ཡོད་པ་ནི་འདོན་ཐེངས་སྔ་མར་གསལ་ཞིང་ད་ལོ་ཡང་དེ་བཞིན་དུ་ལམ་ལ་ཆས་གྲབས་ཡོད།

2
བསྡུ་བྱའི་རྩོམ་ལུས་ལ་བཅད་ལྷུག་གྲོལ་གསུམ་གྱི་ཚད་བཀག་མེད་ལ། རྩོམ་ཡིག་སྐུར་མཁན་རྣམས་ཀྱིས་རང་རང་གི་སྡོད་གནས་དང་སློབ་གླིང་སོགས་ཀྱི་མིང་གསལ་བོར་འགོད་དགོས།

3
ཆེད་དུ་གསལ་བཤད་བྱ་བ་ནི་སློབ་མའི་ལམ་གྱི་ལོ་དེབ་ཏུ་འབྱོར་བའི་རྩོམ་ཡིག་དག་ལ་ང་ཚོས་རང་ནུས་གང་ཡོད་དང་གཞན་གྱི་མཛུབ་སྟོན་འོག་བརྟགས་ཤིང་དཔྱད་ནས་ལེགས་གྲས་སུ་འགྲོ་བ་དག་གདམས་རྒྱུ་ཡིན་པས། རྩོམ་ཡིག་གང་བསྐུར་མཐའ་དག་ནང་དུ་འགོད་ཐབས་མེད་པ་དུས་དེབ་སྤྱི་འགྲོས་ལྟར་ལགས་པས་དེ་ལུགས་སུ་ཐུགས་འཇགས་འཚལ།

རྩོམ་སྒྲིག་པ་ལྷན་རྒྱས་ནས་ཕུལ།

རྩོམ་སྐུར་ཡུལ།
ཡིག་ཟམ་ཨང་གྲངས། 3212847460@qq.com
257249603@qq.com
འཕྲིན་ཕྲན་དུ་སྐུར་ན་གཤམ་གྱི་འབྲེལ་གནས་འདི་གཉིས་བརྒྱུད་ནས་སྐུར།
3212847460
zangwose54

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=589