ཡིག་བསྒྱུར་པ། ཆུ་སྒང་ཤཱཀྱ་ཤེས་རབ།

མཆན།
སྙན་ངག་འདི་དག་གི་ཁ་བྱང་དག་ནི་ཕྱིས་བསྡུ་སྒྲིག་པ་དག་གིས་བསྣན་པ་རེད་འདུག་པས་སྐབས་འདིར་མ་བསྒྱུར། སྙན་ངག་འདི་བསྒྱུར་སྐབས་ཀྱང་དོན་བསྒྱུར་གཙོ་བོར་བཟུང་ཞིང་ཐ་སྙད་གོ་བདེར་ཕབས་ཡོད།

《留别妻》

苏武 སུའུ་ཝོ།

ཚེ་གཅིག་འདུན་མ་གཏམ་ནས་གཉེན་སྒྲིག་བྱས།།
བརྩེ་དུང་ཟབ་མོས་ཕན་ཚུན་ཡིད་རྟོན་ཆེ།།
བདེ་དགའི་དཔྱིད་དཔལ་དུས་ཐུང་ཡུད་ཙམ་བཞད།།
ནུབ་འདི་དུས་བཟང་ཉིན་མོའི་སྐར་མ་འདྲ།།
ཡིན་ཡང་ཞོགས་པའི་སྐྱ་རིང་འཆར་དང་ལྷན།།
བདག་ནི་མི་འདུག་དམག་ལ་སྐྱོད་དགོས་པས།།
མགོ་བོ་དགྱེ་ནས་མཚན་མོའི་ནམ་ལ་བལྟ།།
སྐར་མ་གནམ་མཐར་ཡིབ་པའི་དུས་ཚོད་ལ།།
ཁྱེད་དང་བྲལ་དགོས་ལས་ཀྱིས་བཀོས་པ་ཡིན།།
དམག་སའི་འཐབ་རར་གཡུལ་ལ་ཞུགས་པས་ན།།
ལྷན་འཛོམ་དུས་ནི་ཁ་ཚོད་ཆོད་པར་དཀའ།།
ལག་འཇུ་བྱས་ནས་དབུགས་རིང་བཏང་བ་དང་།།
ཕན་ཚུན་གདོང་ནས་མིག་ཆུ་ཟགས་རྐྱེན་ཡང་།།
གྱེས་བྲལ་འདི་ནི་མི་ཚེའི་ལོ་ཟླའི་ནང་།།
ཕན་ཚུན་མཇལ་བ་མཐའ་མ་ཡིན་ཀྱང་སྲིད།།
ཡུན་ཐུང་བདེ་སྐྱིད་སེམས་ཀྱི་དཀྱིལ་ལ་འཇོག །
བདེ་དགའི་འཛུམ་མདངས་ཡིད་ནས་བོར་མི་རུང་།།
གསོན་ན་བསྐྱར་དུ་འཕྲད་པའི་དུས་འཆར་ཡོང་།།
ཤི་ན་དྲན་གདུང་རྒོད་པོས་བར་དོ་འགྲིམ།།

《留别妻》

结发为夫妻,恩爱两不疑。

欢娱在今夕,嬿婉及良时。

征夫怀往路,起视夜何其。

参辰皆已没,去去从此辞。

行役在战场,相见未有期。

握手一长叹,泪为生别滋。

努力爱春华,莫忘欢乐时。

生当复来归,死当长相思。

《白头吟》

卓文君སྒྲོན་ཝིན་ཅུའུ།
ལོ་ངོ་ཉིས་སྟོང་སྔོན་གྱི་དགྱ་ཡི་མཛངས་མ་གྲགས་ཅན།

ཁྱོ་ཤུག་ཕན་ཚུན་མཛའ་བའི་བརྩེ་དུང་ནི།།
གངས་ཀྱི་ཁ་བ་ལྟར་དུ་དྭངས་གཙང་དང་།།
སྤྲིན་བར་ཟླ་འོད་ལྟར་དུ་སྣང་གསལ་མོད།།
མཛའ་བོའི་སེམས་པ་རྩེ་གཅིག་མིན་པ་ཐོས།།
དེའི་ཕྱིར་གྱེས་བྲལ་སླད་ན་ཆེད་དུ་ཡོང་།།
དེ་རིང་ཆང་འཐུང་འཛོམ་པའི་མཐའ་མ་ཡིན།།
སང་ནས་བཟུང་སྟེ་སོ་སོའི་ལམ་ཁར་བསྐྱོད།།
ང་ཡི་གོམ་པ་ཆུ་ཡུར་བརྒྱུད་ནས་སྤོ།།
འདས་པའི་འཚོ་བ་ཆུ་བོ་ཤར་བགྲོད་དོ།།
སྡུག་གི་མིག་ཆུ་ཐིགས་གཅིག་མ་ལྷུང་བར།།
སྐབས་དེར་ཁྱེད་ཀྱི་བག་མ་བྱས་ནས་སོང་།།
སྐྱེས་པ་ཞིག་གི་སེམས་པ་ཐོབ་བྱུང་སྙམ།།
སྐྲ་ལོ་དཀར་ཀྱང་བྲལ་དགོས་ཡིད་ལ་མེད།།
ཉ་དང་ལྕག་ཀྱུ་ལྷན་དུ་འཕྲད་འདྲ་ཡི།།
ཕོ་མོའི་མཛའ་སེམས་གཅིག་ཏུ་མཐུན་པ་སྐྱིད།།
མི་ཕོས་བདེན་པའི་བརྩེ་དུང་ཤོར་སོང་ཚེ།།
དངུལ་གྱི་གློ་གྲི་བཏགས་ཀྱང་ཅི་ཞིག་མཛའ།།

白头吟

皑如山上雪,皎若云间月。

闻君有两意,故来相决绝。

今日斗酒会,明旦沟水头。

躞蹀御沟上,沟水东西流。

凄凄复凄凄,嫁娶不须啼。

愿得一心人,白首不相离。

竹竿何袅袅,鱼尾何簁簁!

男儿重意气,何用钱刀为!

上西楼

(ཐང་ལྷོ་མ) ལིས་ཡུའུ།

སྨྲ་བ་འགག་ཅིང་གཅིག་པོར་ནུབ་མཁར་འཛེགས།།
ནམ་མཁའི་ཟླ་བ་ལྕགས་ཀྱུ་བཞིན་དུ་གུག །
སྡོང་པོ་ཁེར་རྐྱང་སྒོ་ར་ནང་དུ་སྐྱེས།།
སྟོན་གྱི་མཚན་མོས་སྒོ་ར་ཕྱི་ནང་བཟུང་།།
མེས་རྒྱལ་ཤོར་བའི་སྐྱོ་གདུང་འདི་ཀོ་ནི།།
བརྗོད་ལས་འདས་པའི་སྡུག་བསྔལ་ལྕི་མོ་སྟེ།།
དོར་བར་འདོད་ཀྱང་སེམས་ནས་དོར་མི་ཐུབ།།
བདག་ཏུ་བཟུང་དུས་དྲན་པའི་ཕོ་བྲང་གཏོར།།

上西楼

【南唐】李煜

无言独上西楼,月如钩。

寂寞梧桐深院锁清秋。

剪不断,理还乱,是离愁。

别是一般滋味在心头。

长相思 长相思

(སྲང་བྱང་མ) ཡེའི་ཇིས་ཏོའོ།

དྲན་གདུང་རིང་ལ། དྲན་གདུང་ལྕི།
གདུང་བའི་ན་ཟུག་ནམ་ཞིག་ཡོལ་སྲིད་དམ།
དེ་ནི་ཕན་ཚུན་འཕྲད་དུས་ཙམ།
དྲན་གདུང་རིང་ལ། དྲན་གདུང་ལྕི།
གདུང་བ་འདི་ཉིད་སུ་ཡི་རྣ་བར་སྒྲོག
ཕྱི་ཐག་ཐུང་བའི་མི་ཡིས་ཤེས་ཐབས་བྲལ།

长相思,长相思。

(北宋)晏几道

长相思,长相思。

若问相思甚了期,

除非相见时。

长相思,长相思。

欲把相思说似谁,

浅情人不知。

我住长江头

(སྲང) ལིས་ཏྲི་ཡིའི།

ང་རང་འབྲི་ཆུའི་སྟོད་ལ་གནས།།
འཛའ་བོ་འབྲི་ཆུའི་སྨད་ལ་འཚོ།།
ཉིན་བཞིན་དྲན་ཀྱང་མཐོང་དུ་མེད།།
འོན་ཀྱང་འབྲི་ཆུ་མཉམ་འཐུང་ཡིན།།
ཆུ་འདི་སྐམ་ནས་གྲམ་མཐོང་དུས།།
གྱེས་བྲལ་སྐྱོ་བ་དེ་དུས་རྫོགས།།
མཛའ་བོའི་སེམས་པ་བདག་འདྲར་སྨོན།།
གང་ཚེ་དྲན་གདུང་སྟོང་ཟད་མིན།།

卜算子·我住长江头

宋代 李之仪

我住长江头,君住长江尾。
日日思君不见君,共饮长江水。
此水几时休,此恨何时已。
只愿君心似我心,定不负相思意。

相思

(ཐང) ཝང་ཝེ།

སྲན་དམར་ལྷོ་ཡི་ཕྱོགས་སུ་སྐྱེས།།
དཔྱིད་ཀར་མྱུ་གུ་ག་ཙམ་འབུད།།
མཛའ་བོས་མང་ཙམ་བཏུ་བར་སྨོན།།
དངོས་འདིས་དྲན་གདུང་སྙིང་ནས་སློང་།།

相思

王维 (唐)

红豆生南国,春来发几枝。
愿君多采撷,此物最相思。

临江仙

(སྲང་།) ཡན་ཇས་ཏཱོ།

རྨི་ལམ་དྭངས་དུས་ཁང་སྟོང་སྒོ་ལྕགས་དམ།།
བཟི་ལས་སད་དུས་སྒེའུ་ཁུང་ཡོལ་བ་ལྷུང་།།
ན་ནིང་དཔྱིད་ཀའི་གྱེས་བྲལ་སྐྱོ་གདུང་ནི།།
མེ་ཏོག་གཟིམས་པའི་སྐབས་འདིར་བསྐྱར་དུ་ལྡང་།།
ཡིན་ཡང་སྙིང་གྲོགས་རྒྱང་རིང་ཡུལ་དུ་གཤེགས།།
མི་རྐྱང་ཁེར་ཧྲེང་གནས་འདིར་གཅིག་པུར་འགྱིང་།།
ཆར་ཟིམ་ཁྲོད་ནས་ཁུག་རྟ་ཁྱོ་ཤུག་འཕུར།།
དང་ཐོག་གར་མ་ཤོའོ་ཕན་འཕྲད་པའི་དུས།།
མོ་ཡིས་སྙིང་རིས་འཚེམ་པའི་ལྭ་གྱོན་ཞིང་།།
སྒྲ་སྙན་སྐུད་པས་དྲན་གདུང་བཀྲོལ་བ་ཡིས།།
ཡུལ་ལྗོངས་ཡ་ཆུང་དྲན་པའི་མཐིལ་དུ་འཁྱིལ།།
འདས་དུས་ཟླ་འོད་ད་རུང་ལྷག་ན་ཡང་།།
སྙིང་གྲོགས་སྤྲིན་པ་བཞིན་དུ་ཡལ་བ་སྐྱོ།།

临江仙
  

晏几道(宋)

梦后楼台高锁,酒醒帘幕低垂。

去年春恨却来时。落花人独立,微雨燕双飞。

记得小蘋初见,两重心字罗衣,

琵琶弦上说相思。当时明月在,曾照彩云归。

རྒྱུད་མང་རྒྱན་སྤྲས་མ།

(ཐང) ལིས་ཧྲི་ཡིའི།

ཅི་ཞིག་རྒྱན་སྤྲས་རྒྱུད་མང་འདི་ལ་རྒྱུད་སྐུད་ལྔ་བཅུ་ཐམ་པ་ལྡན།།
སྐུད་པ་རེ་ཡིས་བཞུད་པའི་ལོ་ཟླ་ཡིད་ཀྱི་མཁར་ལ་འདྲེན་པར་བྱེད།
ཀྲོ་ཧྲིས་རྨི་ལམ་འཁྲུལ་བའི་ཡུལ་ནས་ཕྱེ་མ་ལེབ་ཀྱི་སྐྱེ་བ་བཞེས།།
ཝང་ཏེས་སེམས་ཀྱི་འཁོན་འཛིན་རིང་མོ་ལྷ་བྱ་ཁུ་བྱུག་ངག་ལ་བཀལ།།
རྒྱ་མཚོའི་ངོས་སུ་ཟླ་འོད་གསལ་བར་མིག་གི་མཆི་མའི་མུ་ཏིག་འཁྲུང་།།
ཞིང་སྔོན་ནང་དུ་ཉི་འོད་འཕྲོས་ན་གཡང་ཏྲི་དྭངས་མ་ཕྱི་རུ་མངོན།།
ལྗོངས་དེ་ད་ལྟ་ཕྱིར་དྲན་ཡིད་ཀྱི་གཅོང་རོང་ཟབ་མོར་ལྷུང་རྐྱེན་ནི།།
སྐབས་དེར་རང་སེམས་ཉི་ཟླའི་དཀྱིལ་འཁོར་ཡོངས་སུ་ཧད་ནས་ལུས་པ་ཙམ།།

锦瑟

  李商隐(唐)

 

锦瑟无端五十弦,一弦一柱思华年。

庄生晓梦迷蝴蝶,望帝春心托杜鹃。

沧海月明珠有泪,蓝田日暖玉生烟。

此情可待成追忆,只是当时已惘然。

མཛེས་སྡུག་དྲན་པ།

(ཆིང་།)ཧང་ཇིས་རིན།

ཐེངས་མ་ཅི་ཙམ་མེ་ཏོག་འོག་ནས་གླིང་བུ་སྤུར།།
གྱང་དམར་དགུ་ཚིགས་ལྟར་དུ་རེ་བའི་གནམ་མཐར་ཡིབ།།
སྐར་ཚོགས་འདི་ཉིད་ཁ་སང་ནུབ་མོ་མིན་ན་ཡང།།
སུ་ཡི་ཆེད་དུ་རླུང་ཁྲོད་མཚན་མོ་ཡུག་གཅིག་བསྐྱལ།།
དྲན་གདུང་འབུ་རས་སྲབ་མོའི་སྣེ་མོ་ཀོག་ལ་ཐུག །
སེམས་པའི་རྨ་ཁ་ཟབ་མོ་ཆུ་ཤིང་བཤུས་མར་གྱུར།།
མོ་ལོ་ལྔ་གསུམ་ཚེས་པ་བཅོ་ལྔའི་ཁྱོད་རང་དྲན།།
ཕོར་པའི་ཆང་གིས་སེམས་སྡུག་མ་སེལ་སྙིང་རྗེའི་ཡུལ།

绮怀

  黄景仁(清)

  

几回花下坐吹箫,银汉红墙入望遥。

似此星辰非昨夜,为谁风露立中宵。

缠绵思尽抽残茧,宛转心伤剥后蕉。

三五年时三五月,可怜杯酒不曾消。

更漏子 .གཡང་ཊིའི་སྤོས་རྫ།

(ཐང་།) ཝན་ཐེའེ་ཡའོ།།

གཡང་ཊིའི་སྤོས་རྫ་ཁ་ནས་དྲི་བཟང་ཐུལ། །
པྲ་སྒྲོན་དམར་པོས་མིག་ཆུའི་ཆུ་མིག་བརྡོལ། །
འོད་མདངས་གུག་པོས་མཆོད་ཁང་ནང་གི་དྲང་གདུང་གསལ།།

སྨིན་མ་ཕྲ་མོའི་མཚོན་མདངས་སྔར་ལས་ཉམས།།
གནག་སྣུམ་སྐྲ་ལོ་འཕྱིངས་ནས་སྲད་པར་དཀའ།།
མཚན་ནམ་རིང་ཞིང་མལ་ལ་དགུན་གྱི་གྲང་ངར་ལྡང་།།

ཝུའུ་ཐང་སྡོང་པོའི་སྔོ་ལྗོང་ལོ་འདབ་ཐོག །
ནམ་ཕྱེད་ཆར་པའི་ཤག་སྒྲ་རྒོད་ནའང་།།
གྱེས་བྲལ་སྐྱོ་བ་ནགས་ཚལ་དབེན་པའི་གསེབ་ལ་ཚུད།།

སྡོང་ལོ་རེ་རེ་ཆར་གྱིས་ལྷབ་ལྷུབ་བསྒུལ།།
ཆར་སྒྲ་རེ་རེ་སྡོང་ལོའི་ཐོག་ནས་གྲགས།།
ཆར་ཐིགས་བརླན་པས་ཞོགས་ཀྱི་སྐྱ་རེངས་བསུ་འགོ་བརྩམ།།

更漏子 玉炉香

  温庭筠(唐)
  

玉炉香,红烛泪,偏照画堂秋思。

眉翠薄,鬓云残,夜长衾枕寒。
梧桐树,三更雨,不道离情正苦。

一叶叶,一声声,空阶滴到明。

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=534