ཆུ་མཐའ།

སྐྱག་ཁུ་མོད་པའི་ནམ་ཟླའི་འཕོངས་ཏུ
བླ་ཡི་མིད་པ་བརྣངས་བའི ཚེར་ནག་གི་ཁ་བ
ཁ་བའི་བྱེའུ་སྐྱོར་བའི ང་ཡི་ཆུ་མཐའ

༢༠༡༨ ༦ ༨

སྲང་ལམ།

འཆི་མ་ཉིལ་བའི་ཚེ
ངས་ཀྱང སྡུག་སྡིག་གི་སྐྱ་ལོའི་སྣེ་ནས
ཆུ་སྣག་ཁོ་ན་ཉིལ
མིག་མཐའི་གཉེར་མ་འདི
ཚེ་མཇུག་གི་སྐད་ཅིག་མ་བཞིན ཧ་ཅང་སྙི་ན་འདོད

ཁྱེད་ཀྱི བར་སྣང་འདི
བྱེའུ་ཆུང་འཁྱག་ཤི་ཐེབས་པའི་དགུན་གཞུང་ཞིག་ཡིན
ཉི་ནུབ་གྱི་ཆུ་བོའི་འགྲམ་དུ
ངས་ཀྱང
བླ་ཡི་མིག་ཆུ་དག་པར་ཕྱིས

༢༠༡༨ ༦ ༢

གློ་རྡེག

རྒྱང་རིང་ནས་ཉི་འོད་ཀྱི་གཤོག་པ་ཆད
གཤོག་པའི་སྟེང་གི ང་ཡི་འབུ ཁྱེད་ཀྱི་སྲིབས་སུ་ཉལ

༢༠༡༨ ༥ ༡༨

ལྷ་ས།

ང་ཡི་ནགས་ཚལ་ཏུ
སྟག་གཟིག་ཁོ་ན་ལས་མི་ཤོང
སྔངས་སྐྲག་གི་མཚན་མོ་རེ་རེར
ང་ཡིས མཆེ་བ་ལྟ་བུའི ཁེར་གཞས་ལེན་སྲིད

༢༠༡༨ ༥ ༡༦

སློབ་ཆེན་པ།

ཟབ་ཚད་ཀྱིས་སྟོང་བའི ཀླད་གཞུང་དེར
ཆབ་སྲིད་ཀྱི་རྡོ་དང་ཚེར་མ་ཁོ་ན་སྐྱེས

ཡི་གེ་ཙམ་མ་རྨོངས་བའི་ན་རབས་ཀྱི་ཁྱུ
གླ་དངུལ་སྟོང་ལོ་འགར་རྨོངས་བའི བྲན་རྒྱུགས་ཀྱི་སློབ་ཆེན་པའོ

སྲིད་ཀྱི་ར་བ་ནས ཟག་བཅས་ཀྱི་མི་ཉིད་བོར
སྟོང་ཉིད་ཀྱི་བདེན་པ་མཚོན་པའི ཟབ་ཚད་འདི
ཞིང་པ་ལས་ཀྱང་དམན

༢༠༡༨ ༤ ༢༠

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=4779