ང་རང་བདེ་དབྱངས་ལ་ཧ་ཅང་དགའ། ང་རང་བདེ་དབྱངས་ལ་ཧ་ཅང་དགའ་བའི་དབང་གིས་བདེ་སྐྱིད་ཟེར་བ་ནི་མི་གཞན་གྱི་འདོད་པ་བཞིན་ཁང་བ་མཐོན་པོ་དང་། རླངས་འཁོར་ཡག་པོ་སོགས་རྒྱས་སྤྲོས་ཅན་གྱི་འཚོ་བ་ཞིག་ལ་བདེ་སྐྱིད་ཡིན་པར་སྙམ་ཐུབ་མི་འདུག
ངའི་མི་ཚེའི་ཁྱབ་ཁོངས་ནང་བདེ་སྐྱིད་ཟེར་བ་ནི་བདེ་དབྱངས་དང་འཕྲད་ཐུག་བྱུང་བ་དང་།མོ་དང་མཉམ་དུ་སྐད་ཆ་དུམ་དུམ་རེ་བཤད་སྐབས་དེར་ཡིན་པ་འདྲ། ངས་དེ་འདྲར་འདོད་པ་ཡང་དེ་ལས་གཞན་པའི་རེ་བ་ཆེན་པོ་ཞིག་འཆངས་བར་མི་སྤོབས་པས་ཡིན་སྲིད། གར་ལྟར་བདེ་དབྱངས་ལགས་དང་ངོ་ཤེས་རྗེས་ངའི་ལྟ་བ་ཡང་འགྱུར་འགོ་བརྩམས་སོང་བ་འདྲ།
བདེ་དབྱངས་དང་ངེད་གཉིས་ངོ་ཤེས་ནས་ད་ནི་ཕར་ཆེར་ལོ་ངོ་གཉིས་ཙམ་ལ་འགོར་བཞིན་པ་འདྲ། ལོ་ངོ་དེ་དག་གི་རིང་ངེད་གཉིས་དུས་རྒྱུན་སློབ་གྲྭར་ཡོད་དུས་གཟའ་མཇུག་གི་སྐབས་དང་། སློབ་གྲྭར་གྲོལ་རྗེས་ཉིན་གཉིས་ཀྱི་ནང་ཆད་མེད་དུ་ཁ་བརྡ་བྱེད་པ་ཙམ་ལས། གྲོང་ཁྱེར་གཅིག་གི་ནང་དུ་ཡོད་ཀྱང་། ངོ་འཕྲད་པའི་གོ་སྐབས་ཞིག་ཡེ་ནས་རགས་མ་བྱུང་། མ་གཞི་མི་སུ་ཡིན་རུང་རང་ཉིད་མགུ་སའི་དངོས་པོ་དེར་ཐོབ་པར་འབད་བརྩོན་བྱེད་སྲིད་མོད། དེ་བཞིན་ངས་ཡང་བདེ་དབྱངས་ལ་རེ་བ་བཅངས་ནས་དུས་ཚོད་མང་པོར་ཞིག་སྒུག་པ་ཡིན།
མོའི་རང་གཤིས་ཧ་ཅང་དྲང་ལ་རྟག་པར་བརྩོན་སེམས་ཅན་ཞིག་ཡིན་པའི་ཚུགས་ཀ་ཞིག་ཀྱང་ཡོད། ང་ནི་མོ་རང་ལ་དགའ་ཆེ་བས་ལན་ནམ་གང་ཡིན་ཡང་མ་ཤེས་ཀྱང་། ངའི་མིག་སྔུན་དུ་བུད་མེད་འདི་འདྲ་ཅིག་ལ་མཛངས་མ་ཟེར་བར་འདོད་སོང་། ངེད་གཉིས་དང་ཐོག་ངོ་ཤེས་ས་ནི་ལག་མགྱོགས་快手ནང་ཡིན་ལ། དང་ཐོག་མོ་ལ་སྐད་འཕྲིན་མེད་ཟེར་བས། ངས་རྒྱུན་དུ་ལག་མགྱོགས་ནང་ནས་སྒེར་བརྡ་གཏང་ནས་སྐད་ཆ་ལབ་པ་ཡིན། དང་ཐོག་ངོ་ཤེས་སྐབས་མོའི་ང་ནི་གཞན་དག་ལྟར་ཁ་རྩེ་གི་ཡོང་བར་འདོད་ཡོད་སྲིད་མོད། ཡིན་ཡང་། ངས་དང་ཐོག་ནས་མོ་དང་མཐུན་པོར་བྱུང་ན་སྙམ་ནས་རེ་བ་བྱེད་མགོ་བརྩམ་པ་ཡིན། ང་ལ་རྒྱ་ཡིག་གི་ཚད་གཞི་དམའ་བས་བཤད་འདོད་པ་དག་བཅའ་དག་ངང་བཤད་ཐུབ་པ་ཞིག་མ་བྱུང་མོད། མོའི་མཚམས་རེར་ཨའ་ཟེར་ནས་རྒྱ་ཡིག་ཞིག་སྐུར་ཡོང་། ད་ལྟ་བལྟས་ཚོད་ཀྱི་ངའི་རྒྱ་ཡིག་གི་ཚད་གཞི་ཇེ་ཆེར་སོང་འདུག  དེ་ནི་ཁོར་ཡུགས་དང་གྲོགས་པོ་ཚོའི་དབང་དང་དྲིན་ཡིན་སྲིད་མོད། ཡིན་ཡང་། ད་དུང་ཡང་བདེ་དབྱངས་ཀྱི་ཨའ་ཟེར་བའི་རྒྱ་ཡིག་དེ་སྐུར་དགོས་བྱུང་གིན་འདུག
ངེད་གཉིས་ངོ་ཤེས་པའི་རྒྱུད་རིམ་དེ་ཧ་ཅང་དགོད་བྲོ་བ་ཞིག་ཀྱང་རེད།  ཕར་ཆེར་ཟླ་བ་དྲུག་བདུན་དུ་དེ་འདྲར་བྱས་ནས་ངོ་ཤེས་ཟེར་ཡང་མིན་པ་དང་། ངོ་མི་ཤེས་ཟེར་ཡང་མིན་པར་འདྲ་བ་ཞིག་བྱས་ནས་ཡོང་ཡིན། ང་ནི་མ་གཞི་ནས་མི་གཞན་ལ་འབྲེལ་འདྲིས་ཡོང་དཀའ་བ་ཞིག་ཡིན་མོད། རང་ཉིད་དགའ་ས་དེར་གཏན་ནས་བློས་མི་གཏོང་མཁན་ཞིག་ཀྱང་ཡིན། དེ་བས་ངས་ཚེ་རིང་བདེ་དབྱངས་ལ་ཡང་།གཏན་ནས་འབྲེལ་བ་རྒྱུན་པར་བྱས་པ་ཡིན།  དེ་རྗེས་ངེད་གཉིས་ལ་སྐད་འཕྲིན་ཡོད་མོད། དང་ཐོག་ངེད་གཉིས་གཏན་ནས་ལྷོད་ལྷོད་ངང་ཁ་བརྡ་ཞིག་བྱས་པ་དྲན་རྒྱུ་མི་འདུག ངས་ཡང་དེ་ལྟར་ཉིན་བཞིན་མོ་ལ་མཚམས་འདྲི་སོགས་རེ་འགར་སྐུར་བ་ཡིན། དྭངས་ཐོག་ནས་ངོ་ཅུང་ཙམ་ཤེས་རྐྱེན་སུན་པོར་བྱས་ཡོད་ཀྱང་ནག་དོང་དུ་འཕང་དགོས་ཞེས་བཤད་མ་སོང་། མོ་རང་སུན་སྐབས་རེར་ངེད་གཉིས་ལག་མགྱོགས་ནང་ནས་རྩེད་མོ་རེ་རྩེད་པ་དང་། ཡང་ན་གློག་བརྙན་བལྟའམ་ཞེས་སེམས་གསོ་ཐབས་ཞིག་ལ་བསམ་བློ་བཏང་པ་དང་བློ་ཐབས་འཐེན་པ་ཡིན།  སྐབས་རེར་དེ་དག་དྲན་དུས། ང་ཡང་ཕྱི་ཐགས་ཅན་ཞིག་རེད་མི་འདུག་གམ་སྙམ་ནས་དགའ་ཡོང་བ་ཞིག་རེད།
མོའི་ཕུ་བོ་དང་ངེད་གཉིས་སློབ་གྲོགས་ཡིན་ཁར་གྲོགས་པོ་འདངས་ཆེན་ཞིག་ཡིན་པས། ངས་སློབ་ཐུན་གྲོལ་སྐབས་སོགས་སུ་མོ་དང་འབྲེལ་ཡོད་ཀྱི་སྐད་ཆ་རེ་ཐོས་ཐུབ་ཆེད། སྐད་ཆ་འགའ་སྐོར་ནས་ཁོ་ལ་དྲིས་པ་རྒྱུན་ལྡན་ཡིན། ཡིན་ཡང་། ཁོའི་གཏན་ནས་ངེད་གཉིས་ངོ་ཤེས་ཀྱིན་ཡོད་པ་མི་ཤེས། ཁོའི་བཤད་ན་བདེ་དབྱངས་ནི་གཤིས་ཡག་དང་རྒྱུད་བཟང་གི་བུ་མོ་ཞིག་ཡིན་ཟེར། ད་དུང་། ལས་ལ་བརྩོན་ཞིང་ངོ་ཚ་ཤེས་པའི་ཁྲེལ་ཡོད་རྒྱུད་ལྡན་ཞིག་ཀྱང་ཡིན་ཟེར། སྐད་ཆ་དེ་དག་གིས་ང་ལ་སྔར་ལས་བདེ་དབྱངས་དུངས་དགོས་པ་ཞིག་བཏང་བྱུང་། ངས་སློབ་གྲྭར་ཡོད་སྐབས་མོ་དང་མཐུན་པོར་ཇི་ལྟར་ཆགས་ཐབས་ལ་བསམ་བློར་གཏང་མྱོང་།  ཡིན་ཡང་།  མོ་དང་ཁ་བརྡ་བཟོ་སྐབས་དེ་འདྲ་བཤད་ཚེ། མོ་རང་སྤོ་ལངས་སྲིད་སྙམ་ནས་ཅི་མི་སྙམ་པར་བསྡད་པ་ཡིན།
ད་ལོ་ངེད་གཉིས་ངོ་ཤེས་ནས་ཞགས་མ་སུམ་བརྒྱ་དྲུག་ཅུ་ཅན་གྱི་གསུམ་འགོར་བ་རེད། དགུན་གནང་སྟེར་ཁར་ངའི་གྲོགས་པོ་དེས་ཁོ་རང་གནང་བ་ཞུ་ནས་ཡུལ་ལ་འགྲོ་དགོས་ཞེས་ང་ལ་བཤད་སོང་། སྐབས་དེར་ངས་ད་དགུན་གནང་སྟེར་བ་ལ།ཉིན་ཞགས་མང་པོ་མི་འདུག་པས་བསྡད་ན་མི་དགའ་འམ་ཞེས་་སྨྲས་པ་ཡིན། རྗེས་སུ་ཁོའི་ཁོང་ཚོས་ཨ་ཕ་ན་བཞིན་འདུག་པས། ཁོ་རང་ངེས་པར་དུ་འགྲོ་དགོས་ཞེས་ཟེར་ནས་བུད་སོང་། ངས་གཟའ་མཇུག་དང་བསྟུན་ནས་མོ་ལ་ཅིག་འདྲི་དགོས་པར་སྙམས་མོད། བརྡ་འཕྲིན་སྐུར་ཡང་གོ་རྒྱུ་མི་འདུག རྗེས་སུ་མོ་རང་དགུན་གནང་བྱིན་ནས་ཡུལ་ལ་ཐོན་ཡོད་པ་ཐོས་བྱུང་།
ང་རང་དགུན་གནང་སྟེར་རྗེས་ཡུལ་དུ་ཡོང་ནས་ཉིན་འགར་འགོར་རྗེས་ཁོ་ཚོའི་ཁྱིམ་ཚང་གང་བོར་ཁུལ་ཐོག་ཏུ་སྨན་པ་བསྟན་དུ་སླེབས་བྱུང་།  ངས་དེ་དང་བསྟུན་ནས་མོ་ལ་ངོ་ཞིག་ཐུག་འཆར་བྱས་ནས།  སྐད་འཕྲིན་ལས་ཡི་གེ་དང་གཟུགས་མཐོང་སོགས་མང་དུ་བསྐུར་ཡང་འཕྲིན་ལན་གང་ཡང་མི་འདུག  དེ་ལྟར་ཉིན་འགར་སོང་རྗེས་ཁོ་ཚོའི་ཨ་ཕ་དེ་ཚེ་ལས་འདས་འདུག  ནངས་མོར་དེར་ངའི་གྲོགས་པོ་དེས་ང་ལ་བཤད་བྱུང་།སྐངས་དེར་ཁོ་རང་ངུ་བཞིན་འདུག ང་རང་ཕྲལ་མར་ཁོ་ཚོར་སྡོད་ས་དེར་སོང་ནས། གྲོགས་པོ་ལ་ཁ་ཏའི་ཚུལ་དུ་སེམས་ཤུགས་བྱེད་དགོས་རེད་ཅེས་སྐད་ཆ་འགའ་ལབ་པ་ཡིན། དེ་རྗེས་ངས་མོ་རང་སྐེ་འཇུ་ཞིག་བྱ་ནས། སེམས་གསོ་ཞིག་བྱེད་དགོས་དྲན་མོད། སྒོ་ཁར་ནས་ཡར་ལ་འཛུལ་ཙམ་བྱས་རྗེས་ཕྲལ་མར་སྒོར་ཕྱིར་ཡོང་ལ་བ་ཡིན།  ང་རང་ནང་དུ་འཛུལ་ནས་བདེ་དབྱངས་དང་སྐེ་འཇུ་བྱས་ན། གཞན་དག་གིས་གང་དྲན་མི་ཤེས་པས་བསམ་བློ་ཡང་ཡང་བཏང་མཐར། ང་རང་ཁ་ཕྱིར་འཁོར་ནས་ཁྱིམ་དུ་ལོགས་པ་ཡིན།
ཕྱིར་ལོགས་རྗེས་ང་རང་རང་ཉིད་ལ་ཡིད་ཕམས་པ་ཞིག་བྱུང་སོང་། བདེ་དབྱངས་རྗེས་ངོ་འཕྲད་བྱང་ཆོག་མོད། མོ་རང་འདི་འདྲའི་སྡུག་བསྔལ་ཅིག་མགོ་ཐོག་བསླེབས་དུས། ངས་སེམས་གསོ་ཡང་བྱ་མི་ཐུབ་པའི་རྣམ་པ་འདིས། ང་རང་རང་ཉིད་ལ་ཡི་ཆད་སོང་ཡིད་ཕམ་སོང།་ཡིན་ཡང་། ལེ་འདེད་བྱས་ནས་ཡོང་རྒྱུ་་མེད་པར་ཤེས་ན་ལེ་འདེད་ཡང་བྱེད་དགོས་དོན་མི་འདུག་ཨང་། ངས་ནམ་ཡང་རང་ཉིད་དང་མི་གཞན་གང་ཡིན་ཡང་གོ་སྐབས་ཤོར་རྗེས་ལེ་འདེད་བྱེད་པ་ནི་ཐབས་སྡུག་ཞིག་རེད་འདོད་ཡོད། དེ་བས་དོན་དག་གང་འདྲ་ཞིག་ཡིན་རུང་། གོ་སྐབས་ཤོར་རྗེས་ཅི་མི་སྙམ་པར་བསྐྱུར་བ་ཡིན། དེས་ཕྱི་ཉིན་མོ་རང་ཕ་ཡུལ་དུ་ཆས་སོང་འདུག སྐད་ཆ་འདི་ཡང་ངས་མོའི་ཕུ་བོ་སྟེ་ངའི་གྲོགས་པོ་དེ་ལ་འབྲེལ་བ་བྱས་རྗེས་གོ་བ་ཡིན། མོའི་ཕ་ཡུལ་ཁྲི་འདུ་ནས་རེད། མཚམས་རེར་ངའི་གྲོགས་པོ་དེས་ཁྲི་འདུ་རྒྱ་གར་ལུང་བ་ཟེར་ནས་གླུ་དབྱངས་ཞིག་ལེན་ཡོང་།  དོན་དངོས་ཁྲི་འདུ་ནི་ས་ཆ་ཅི་འདྲར་ཡོད་པ་ཤིག་ངས་ཀྱང་མི་ཤེས། སྐྱིད་རབས་ཀྱི་སྐད་ཆ་མང་དུ་ཐོས་མོད་དེ་དག་ངས་ནི་ཅི་སྙམ་བསྐྱུར་བ་ཡིན།
ཉིན་གཉིས་ཙམ་འགོར་རྗེས་བདེ་དབྱངས་ཀྱིས་ང་ལ་བརྡ་འཕྲིན་སྐུར་འདུག བརྡ་འཕྲིན་ཐོག་མར་དེ་ཅི་འདྲ་ཤིག་ཡིན་པ་དྲན་སོས་ཀྱིན་མི་འདུག་མོད། གང་ལྟར་མོའི་དཀའ་དྲིན་ཤིག་ཞུས་བྱུང་། དེ་རྗེས་ངས་དགོན་ཁགས་རེ་འགར་བསྔོ་རྟེན་བཅོལ་ནས་འབྱོར་ཡིག་དག་མོ་དང་མོའི་ཕུ་བོ་སར་སྐུར་བ་ཡིན། དང་ཐོག་ངས་ཁོ་ཚོ་གཏན་ནས་ངོ་མི་ཤེས་པས། འདས་པོ་དེ་ཡང་གཏན་ནས་ངོ་མི་ཤེས་ལ་མཐོང་ཡང་མ་མྱོང་། དེ་བས་བསྔོ་རྟེན་ཞུས་པ་ཡང་བདེ་དབྱངས་ལ།སེམས་གསོ་དང་སེམས་ཁ་རེ་བསྐངས་ཐུབ་པར་འདོད་ནས་ཞུས་པ་ཡིན། མཆོད་ཁང་དང་ལྷ་ཁང་རེར་ཐོན་ན་ཡང་།མར་མེ་རེ་ཕུལ་ནས་བསྐུར་བ་ཡིན། སྐབས་དེ་དུས་ནམ་རྒྱུན་བདེ་དབྱངས་ཀྱི་སེམས་ཁམས། གང་འདྲ་ཡིན་མིན་ལ་འདངས་རྒྱགས་དགོས་པ་འདྲ་རེད། དེ་དུས་མོ་མཚམས་རེར་མ་ཏོག་དྲ་ཐོག་ཏུ་མེད་ན་ཡང་། སེམས་ནང་ནས་ཕན་ཚུན་ཧ་ཅང་ཐགས་ཉེ་བའི་སྣང་བ་འགོག་མེད་དུ་སྐྱེ་འོང་བ་འདྲ་ཡིན། དེ་དུས་ངེད་གཉིས་ས་ཆ་ཡི་ཁ་ཐགས་བཅད་མེད་ཚེ། ངས་ནམ་རྒྱུན་མོ་རང་ཐེངས་རེར་སྐེ་འཇུ་བྱས་ཡོད་སྲིད།  སྐབས་རེར་དེ་འདྲ་ཞིག་དྲན་ཡོང་མོད།དེ་ནི་ཆ་འཇོག་ཙམ་ཞིག་ཡིན་པ་འདྲ།
ལོ་སར་གྱི་རྗེས་ནས་སློབ་འགོ་བརྩམ་སོང་།བདེ་དབྱངས་ཡང་སློབ་གྲྭ་རུ་རྒྱུན་ལྟར་ཞུགས་བཞིན་འདུག དེ་དུས་མོའི་གྲོགས་ཚོམས་སུ་མི་ཞིག་སེམས་སྡུག་སྐབས་སུ། ངུ་ཡང་ཐུབ་ཀྱིན་མི་འདུག་ཟེར་བའི་རྒྱ་ཡིག་ཞིག་བཞག་འདུག སྐད་ཆ་དེ་ཐོས་འཕྲལང་རང་བློང་བློང་གྱུར་སོང་། ངས་མོ་ལ་སྔར་ལྟར་ཅི་འདྲའི་སེམས་གསོ་དགོས་པ་མ་ཤེས།ངས་མོ་རང་སེམས་སྡུག་བཞིན་ཡོད་པ་ཤེས་ཡང་། གང་འདྲ་བྱེད་ནས་སེམས་གསོ་དགོས་པའང་ཤེས་མ་སོང་། ང་རང་ཆེས་དགའ་ས་མོ་རང་ཡིན་ཡང་།སེམས་སྡུག་སྐབས་སྐད་ཆ་ཞིག་ཀྱང་བཤད་མི་ཐུབ་པའི་གནས་སྟངས་དེས།ང་རང་རང་ཉིད་ལ་བློ་ཕམ་སྐྱེས་སོང་།
ང་རང་བདེ་དབྱངས་ཀྱི་སྐད་ཆ་རེས་མཚམས་རེར་བློང་བློང་གཏོང་འགྲོ་གིན་འདུག  དཔེར་ན་དོ་དགོང་ང་རང་ཁྱོད་དང་མཉམ་པོར་བརྙན་འཕྲིན་བལྟ་ཐེངས་རྗེས་མ་ཡིན་ཟེར་སྐབས་ངའི་སེམས་འདི་གློ་བུར་སུ་ཞིག་ཁྱེར་བྱུང་སྙམས་པ་ཞིག་བྱུང་སོང་།  སྐབས་དེར་ངས་ཁྱོད་རང་ཅིའི་ཕྱིར་འདི་འདྲ་ཟེར་བ་ཡིན་ཟེར་ནས། སྐད་ཆ་རྩུབ་མོ་འགའ་བཤད་དགོས་པར་འདོད་སོང་།  དེ་ནི་ངེད་གཉིས་ངོ་ཤེས་རྗེས་ང་རང་ཐེངས་དང་བོར་ཁོང་ཁྲོ་ལངས་པ་ཡིན་ངེས། ཡིན་ཡང་།  ངས་ལན་དུ་དེ་འདྲ་སྨྲ་བའི་སྤོབས་པ་མི་འདུག   དེ་འདྲ་ཟེར་ན་མོ་རང་སྡུག་འགྲོ་སྙམ་ནས་ཡ་ཡ་ཞེས་ལན་བཏབས་པ་ཡིན། ང་རང་དེ་རིང་གཅིག་པུར་མ་ཡིན་པར་ནམ་རྒྱུན་འདི་འདྲའི་དོན་དག་རེ་འཕྲད་སྐབས་ངས་གུ་ཡངས་བྱེད་པ་ཡིན། སྐབས་དེར་ང་རང་ཅི་ཞིག་ཆེད་དུ་འདི་འདྲ་བྱེད་པར་དོགས་པ་འདྲ་མ་སྐྱེ་འོང་རྒྱུ་འདུག་ཀྱང་། བརྩེ་དུང་ཟེར་བའིགཟུགས་མེད་སྟོབ་ས་ཤུགས་གཅིག་གིས། མིའི་ལུས་སེམས་ལ་མནར་གཅོད་བྱེད་པ་མཐོང་དུས།ཡ་མཚར་ཆེ་ཞིག་ཀྱང་མི་འདུག གང་ལྟར་སུ་ཡང་བརྩེ་དུང་གིས་མནར་གཅོད་མེད་པ་ཉུང་བ་འདྲ། དེ་ཡང་ལས་དབང་ཅིག་མིན་པའི་གདེངས་ཚོད་མི་འདུག
མི་ཚེ་འདིས་ནང་ང་ལ་རང་ཉིད་ཀྱིས་སེམས་པ་འཁྱོགས་པོ་འདིས་སྡུག་པོར་བཏང་བྱུང་། ཚེ་རིང་བདེ་དབྱངས་དང་ཚེ་རིང་བདེ་དབྱངས་ལྟ་བུ་ཆེད་དུ་རང་ཉིད་སྡུག་པོར་བཏང་དགོས་པ་ཡང་།  སེམས་པ་འདིའི་སྐྱོན་ཡིན་པ་འདྲ།  གང་ལྟར་ང་ནི་སྐབས་རེར་རང་ཉིད་ཀྱི་རང་གཤིས་ལ་སུན་ཐགས་ཆད་འགྲོ  ཡིན་ཡང་།  དེ་ཉིད་དོར་ཐབས་ཞིག་ཀྱང་མེད་པ་ཞིག་རེད། དོར་ཐབས་མེད་པ་དེ་ཡང་དེངས་སང་བུ་མོ་ཚོ་ཁ་ཚ་ལ་དགའ་བ་ལྟ་བུ་རེད། ཕོ་ཁ་གཟེར་ནས་སྨན་ཁང་དུ་འགྲོ་དགོས་ཐུག་ཡང་། རྗེས་སུ་ཡང་བསྐྱར་བཟའ་བར་བརྩམ་པ་བཞིན། ང་ཡང་བསམ་བློ་གཏང་ཚུལ་འདིས་སྡུག་པོར་བཏང་ཡང་སྐྱུར་ཐབས་མི་འདུག དེ་རྗེས་ཉིན་ཁ་ཤས་མོ་རང་གོ་རྒྱུ་མི་འདུག ཉིན་གསུམ་ཙམ་འགོར་རྗེས་བདེ་དབྱངས་ཀྱིས་ལས་བྱ་མང་བས་དོ་ཞགས་ཁོམས་པ་མི་འདུག་ཅེས་ལབ་བྱུང་།མོའི་ཆུ་ཚད་གང་འདྲ་ཡིན་པ་མི་ཤེས་མོད། བལྟས་ཚོད་བཟང་བར་སྙམས་པ་ཞིག་ཀྱང་ཡིན། མོ་རང་དོ་ཚིགས་མཐོ་གཉིས་སློབ་མ་ཞིག་ཡིན། ངས་མོ་རང་མི་གཞན་ལ་འདྲི་སྐབས་ཡང་གཤིས་ཀ་དང་ཀུན་སྤྱོད་ལས། ཆུ་ཚད་སློབ་སྦྱོང་ལ་དོ་སྣང་བྱས་མ་མྱོང་། ང་རང་མོ་ལ་དགའ་བ་ཡང་གཤིས་ཀ་དང་ཀུན་སྤྱོད་ལས་སློབ་སྦྱོང་དང་ཆུ་ཚད་མ་ཡིན། དེ་ཚོ་བཟང་ན་ཡག་མོད།མེད་ཀྱང་ངས་ནི་དེ་དག་གལ་ཆེན་ཡིན་པར་སྙམས་ཀྱིན་མེད། དེང་གི་ཆར་ཡིན་མདོག་ཁ་མོ་ཡིན་པའི་སློབ་མ་འགའ་ལས། ང་ནི་ཅི་ཡང་མི་ཤེས་པའི་མི་ཞིག་ལ་གློ་ཉེ་བོ་ཡོད།
དེ་རིང་མོ་ཕྱིར་ཁྲི་འདུ་རུ་བུད་སོང།  ཉིན་འགར་སྔོན་ནས་མོ་རང་ཕྱིར་ཕ་ཡུལ་དུ་འགྲོ་དགོས་པར་བཤད་སོང་། དེ་དུས་ངས་མོ་ལ་ཁྱོད་རང་འགྲོ་རྒྱུ་ཡིན་ཟེར་དུས། ང་ལ་ཅི་ཞིག་བློས་བཏང་དཀའ་བའི་ཚོར་སྣང་ཞིག་འདུག་ཅེས་ལབ་པ་ཡིན། སྐད་ཆ་དེ་བཤད་རྗེས་ང་རང་ཡང་བློང་བློང་བོར་གྱུར་སོང་། ངས་མཚམས་རེར་བདེ་དབྱངས་ལ་ཅི་ཞིག་བཤད་དགོད་པ་ཡང་ཤེས་ཀྱིན་མི་འདུག  གང་ལྟར་ངས་ངའི་སྐྱེ་བ་འདི། མོ་ལ་དུང་བ་རྣམ་དག་ཅིག་བཟུང་བ་འདི་གས་ཅིས་ཀྱང་ཚིམས་པར་བྱེད་དགོས་པ་འདྲ།
ཆས་ནད་འདི་ན་རྗེས་མོ་དང་ཁ་བརྡ་མ་བཟོས་བར་ཉིན་མང་བོར་འགོར་སོང་། མོ་རང་ནད་འདིའི་ཆེན་པོ་ན་མ་བྱུང་ཟེར་མོད། སྐབས་དེར་ང་ལ་སེམས་ཁྲལ་རེ་ཡོང་ཡང་། མོ་རང་ཁྲི་འདུ་ཡོད་པས་ཐབས་བཀོད་གང་ཡང་མ་འདུག   མོའི་བརྡ་འཕྲིན་སླེབས་མེད་སྐབས་མོའི་ཕུ་བོ་ལ་ཁ་པར་བཏང་ནས།ཁྱིམ་མི་ཚང་མ་ནད་གང་འདྲ་རེད་ཅེས་འདྲི་བ་ཡིན། ད་ལྟ་དགུན་གནང་སྟེར་ཡང་ལས་བྱ་སྔར་བཞིན་ཡོང་གི་འདུག་ཟེར། མོ་རང་སྔར་བཞིན་དེ་འདྲ་ཁོམས་པོ་མི་འདུག ད་ལྟ་ངའི་སེམས་ལ་ངེད་གཉིས་ཀྱི་བར་ཐག་ནི་ཧ་ཅང་ཉེ་བར་སྙམས་པ་ཞིག་འདུག མཚམས་རེར་ངས་མ་འོངས་པར་ངེད་གཉིས་མཉམ་དུ་འདུག་ཐུབ་ན་སྙམས་པའི་རེ་བ་རེ་ཡོང་གིན་འདུག དེ་ནི་ང་རང་དུངས་ཞེན་ཆེ་བས་མི་གཞན་སྐུར་འདོད་མེད་པས་ཡིན་སྲིད།
མོ་རང་དོ་ཚིགས་ལོ་སར་ལ་རོལ་རྒྱུ་མེད་པས། ངས་ཡང་མོ་ལ་དེས་སྐོར་ནས་གང་ཡང་སྐུར་འདོད་མི་འདུག  ཚེས་པ་སུམ་བཅུ་དགོང་མོ་ང་རང་ཤོག་སྦགས་ལྟ་རུ་ཆས་སྐབས། ངས་ཁྱོད་རང་ཤོག་སྦགས་ལྟ་ན་འདོད་དམ་ཅེས་དྲིས་པ་ཡིན། མོའི་ཡང་འདོད་ཟེར་བས་ངས་ཤོག་སྦགས་བཀད་སྐབས་བརྙན་བླངས་སྐུར་བ་ཡིན། ད་དུང་མཇུག་ཏུ་འདིའི་ངེད་གཉིས་མཉམ་དུ་བལྟས་ཡོད་པར་བརྩིས་ཆོག་གམ་ཅེས་དྲིས་པ་ཡིན།  དེ་ཡང་ཆོག་པར་བཤད་པས་སྐབས་དེར་ཤོག་སྦགས་ལ་བལྟས་ན་ཡང་། སེམས་ཚོར་སྐྱིད་པོ་ཞིག་རེད།  ཚེས་གཅིག་དགོང་མོ་ངེད་གཉིས་ཡུན་རིང་ཁ་བརྡ་བཟོས་པ་ཡིན་ལ།
ངས་མོ་ལ་ལེགས་སྐྱེས་ཞིག་ཀྱང་ཉོ་བར་ཁས་བླངས་པ་ཡིན། མི་ཚེ་འདིའི་ང་ལ་རེ་བ་ཞིག་ཡོད་པ་ཡང་། མོ་དང་མཉམ་དུ་འཚོ་བ་སྐྱིད་པོ་ཞིག་རོལ་ཐུབ་ན་འདོད་པ་དེ་ཡིན། ཚང་མ་རང་གིས་འདོད་པ་ནང་བཞིན་འཚོ་བ་སྐྱིད་པོ་ཞིག་ཡོང་ཐབས་་མེད་ན་ཡང་། སྐྱིད་སྡུག་གང་བྱུང་ཡང་མོ་དང་མཉམ་དུ་རོལ་ཐུབ་པ་ཞིག་བྱུང་ན། དེ་ནི་བདེ་སྐྱིད་ཅིག་ཏུ་ངོས་འཛིན་བྱས་ཡོད། ང་ཚོ་སུ་ཡང་བློས་གཏང་དཀའ་བའི་དངོས་པོ་ཞིག་གིས་ཆེད་དུ་འདུར་བཞིན་ཡོད་པ་བཞིན།  ངས་ཡང་བདེ་དབྱངས་ཐོབ་ཆེད་ཚེ་སྲོག་འདི་འདོར་བར་སྤོབས་པ་ཤིག་ཡོད། དེ་ནི་བརྩེ་དུང་བའོ།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=3969