བྱམས་མགོན་རྡོ་རྗེ་འཆང་༧ཀྭན་ཏིང་ཏཱའི་སི་ཏུ་སྐུ་ཕྲེང་བཅུ་གཉིས་པ་༧པདྨ་དོན་ཡོན་གྲུབ་པ་མཆོག་ནི་ནང་པའི་མདོ་སྔགས་གཉིས་ལ་མཁས་པས་མ་ཚད། འཛམ་གླིང་མི་རིགས་སྣ་ཚོགས་ཀྱི་རིག་པའི་གནས་གཞན་ལའང་མཁྱེན་རྒྱ་ཤིན་ཏུ་ཡངས་ཤིང་། ད་བར་དབྱིན་ཡིག་ཐོག་ཏུ་བརྩམས་ཆོས་དཔེ་ཆ་པོད་ཉི་ཤུ་དང་བོད་ཡིག་ཏུ་དཔེ་ཆ་པོད་བཅོ་ལྔ་བཞུགས། ཐེངས་འདིར་སྐལ་པ་བཟང་པོ་ཞིག་ལ་རིན་པོ་ཆེས་ཕྱག་བྲིས་མཛད་པའི་སྒྱུ་རྩལ་རི་མོ་བརྒྱ་ཕྲག་ལྷག་ཙམ་ངེད་དྲ་བའི་རྩོམ་སྒྲིག་པའི་ལག་ཏུ་འབྱོར་བྱུང་བས། སྐུ་ན་བདུན་ཅུ་ལ་ཕེབས་པའི་བོད་ཀྱི་བླ་ཆེན་ཁོང་གི་བླ་ན་མེད་པའི་མཛད་པ་ལ་རྗེས་སུ་ཡིད་རང་ཞུ་ཆེད་འདིར་མུ་འགོད་བྱས་ནས་སྤེལ་རྒྱུ་ཡིན། སླད་མར་ཡང་ང་ཚོས་བོད་པའི་བླ་ཆེན་ཁོང་གི་བརྩམས་ཆོས་གསར་པ་མུ་མཐུད་མཇལ་བའི་སྨོན་ལམ་དང་བཅས་དྲ་བའི་རྩོམ་སྒྲིག་པས་གུས་ཕུལ།


 

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=3840