མགུར་མའི་གདངས་གླུ།   

 

ཞི་བའི་ལེགས་མཛེས་ཡིད་འོང་དབྱངས་ཅན་མ།།
སྙན་ཚིག་ཟག་མེད་དབྱངས་ཀྱི་མགུར་ཆེན་ཞིག།
རིག་བྱེད་ངག་གི་མཆོད་པའི་དབྱིངས་སུ་དྲངས།།
ལེགས་མཛེས་ཚིག་གི་སྙན་ངག་ཤིས་པར་སྩོལ།།

ཚོགས་དྲུག་སྣང་བའི་མགུར་མ་ངག་གིས་གྱེར།།
ཞི་བའི་ངག་གི་གདངས་གླུ་མཛེས་དཔལ་རྒྱས།།
ཉམས་སྣང་ཀུན་རྟོག་སྒྱུ་མའི་ཆོ་འཕྲུལ་མཛེས།།
སེམས་ཉིད་ངལ་དུབ་སངས་པའི་རྒྱུ་རུ་གྱུར།།

ཚིག་གི་གདངས་དབྱངས་དཀྲོལ་བའི་ཚོར་བ་ཞིག།
འཇིག་མེད་ཤེས་རབ་སྣང་བའི་གླུ་རུ་བཞེངས།།
རིག་བྱེད་ངག་གི་ལང་ཚོའི་མཛེས་དཔལ་རྒྱས།།
བདག་ཡིད་ཀུན་ཏུ་དགའ་བའི་ཚོར་བ་བསྐྲུན།།

མགུར་མའི་རང་བཞིན་དཀྲོལ་བའི་ཚོར་བ་ཞིག།
སེམས་བྱུང་སྒྱུ་མའི་སྣང་བ་རང་སར་གཤེགས།།
སྙན་ཚིག་མེ་ཏོག་འཐོར་བའི་ཡིད་འཕྲོག་མ།།
ཚོགས་དྲུག་སྣང་བ་འགུགས་པའི་མཛེས་སྡུག་མ།།

སྣང་སྲིད་མགུར་མར་སྦྱར་བའི་སྐྱོ་གདུང་ཞིག།
མཛེས་པའི་མེ་ཏོག་པད་མས་སེལ་བར་བྱས།།
ངག་ལ་འཐོར་བའི་དབྱངས་ཀྱི་ཆོ་འཕྲུལ་ཞིག།
མ་བཅོས་སེམས་ཀྱིས་བཞེངས་པའི་ངག་གླུ་ཡིན།།

ཞི་བའི་ཏིང་འཛིན་སེམས་ཉིད་ངང་གིས་བཞག།
སྣང་བ་ཚིག་གི་གདངས་དབྱངས་ངག་ལ་བསྐུལ།།
དབྱངས་ཅན་ཀུན་ཏུ་དགའ་བའི་མགུར་མ་ལ།།
མཐའ་མེད་མཛེས་པའི་འོད་ཟེར་རབ་ཏུ་འཕྲོས།།

ཚོར་བའི་དེ་བཞིན་ཉིད་ལ་མགུར་མ་བརྩམས།།
སྒྱུ་འཕྲུལ་མགུར་གྱི་འོད་ཟེར་མཐའ་མེད་འཕྲོས།།
རྣམ་རྟོག་ཚིག་གི་ལོ་འདབ་དབྱངས་ལ་འཐིམ།།
ངག་རིག་པདྨའི་འཛུམ་གྱིས་དབྱངས་སུ་བླངས།།

ཚོར་བའི་སྒོམ་བྱུང་གྲོལ་བས་འདི་དག་ལ།།
སྙན་ངག་རླབས་ཀྱི་ཟེགས་མ་ཇེ་ཆེར་གྱུར།།
སྟོང་ཉིད་ཟབ་དོན་རིག་བྱེད་ངག་གིས་གྱེར།།
དབྱངས་ཅན་དགྱེས་པའི་ངག་གི་མཆོད་གཟུགས་ཡིན།།

      ༢༠༢༢.༤.༩ ཉིན་བརྩམས།

རྟོག་བཏགས་ཀྱི་གར་མ།

 

སྨིན་དྲུག་བརྩེ་བ་ཡི་ནམ་མཁའ།།
རྟག་ཏུ་གཙང་མ་རུ་བཞུགས་ན།།
སེམས་ཉིད་དུང་བ་ཡི་བདེན་པ།།
གཡུང་དྲུང་རི་མོ་ལྟར་བྲིས་ནས།།
བསྒྱུར་མེད་དེ་ཉིད་ཀྱི་བདེན་པ།།

རྫོཊ་མེད་སྙིང་གཏམ་གྱི་རྒྱ་མཚོ།།
མཁའ་ཡི་སྨིན་དྲུག་ལ་གསོལ་བ།།
བདག་གི་འཁོར་བ་ཡི་རྨི་ལམ།།
ལས་ཀྱི་སྨིན་དྲུག་གིས་བསྐྲུན་པ།།
ཞེ་འདྲིས་གཉུག་མ་ཡི་བདེན་པ།།

སྲིད་གླུ་མཐའ་མེད་ཅིག་བྲིས་པ།།
ཚེ་ཡི་བདེ་སྡུག་ཞིག་མཚོན་ཡོད།།
འཆི་མེད་བརྩེ་བ་ཡི་ཆགས་རིམ།།
རྫོགས་མེད་རྒྱ་མཚོ་ཡི་གཏིང་རིམ།།
ཚིག་གི་རླབས་ཕྲེང་གིས་བཞེངས་པ།།

གཞི་མཛེས་རྨི་ལམ་གྱི་གར་མ།།
ངག་རིག་མེ་ཏོག་ཅིག་འཐོར་བ།།
དྲན་པའི་དན་རྟཊ་ཞིག་ཡིན་པ།།
མཚན་གྱི་ཟླ་བ་ཡི་རྟོགས་བྱུང་།།
འཆི་མེད་སྙན་ངག་གི་བདེན་པ།།

ལོ་ཟླ་འགྱུར་བ་ཡིས་དེད་ཀྱང་།།
ཁྲེལ་གཞུང་ཉི་ཟླ་ཡི་འོད་ཟེར།།
རྟག་ཏུ་འགྱུར་བ་ཞིག་མ་གནང་།།
ཕྱི་ཐག་འགྱུར་མེད་ཀྱི་ནམ་མཁའ།།
བརྩེ་བའི་དམ་ཚིག་གི་བདེན་པ།།

༢༠༢༣.༣.༦ ཉིན་བརྩམས།

ངག་རིག་མེ་ཏོག་མ།

 

སྣང་བ་དངུལ་དཀར་མེ་ལོང་ངོར།།
ཟླ་བའི་བརྩེ་ཆེན་མེ་ཏོག་འཁྲུངས།།
སེམས་ཀྱི་སྒེའུ་ཁུང་འགྲམ་ངོཊ་སུ།།
སྤྲིན་གྱིས་མ་སྒྲིབ་ཟླ་དཀར་གསལ།།
ལྷོད་ཆགས་བརྩེ་བའི་མིག་ཟུང་དེ།།
ཟླ་བའི་གདོང་ལ་རབ་ཏུ་བསྟིམས།།
སྙིང་དུ་སྡུག་པའི་འཛུམ་དཀར་ཏེ།།
སྣང་བའི་ངོར་ལ་རྟག་པར་ཆགས།།
བདག་གི་སེམས་ནི་རྣམ་པར་གཡོ།།
བརྩེ་བའི་ཁྲ་ཚོམས་ནང་དུ་བསླེས།།
རྣམ་པར་ཤེས་པའི་ཞེན་ཆགས་ཤིག།
སྒྱུ་འཕྲུལ་ཚིག་གིས་རབ་ཏུ་འགྲེལ།།
གཟུཊ་མེད་ཞེ་འདང་ཟབ་ཚུལ་ཞིག།
གཟུཊ་ཅན་ཚིག་གིས་འབུར་དུ་དོད།།
འདྲིས་པའི་བརྩེ་ཆེན་འགྱུར་མེད་ཏེ།།
བསམ་མི་ཁྱབ་པའི་ལས་སྨོན་ཡིན།།
རྟོག་པའི་རྣམ་དག་དཀྱིལ་འཁོར་དུ།།
ཚེ་རབས་འདི་ཡི་བརྩེ་དུང་བཞེངས།།
འདི་སྣང་འཁོར་བའི་ཕུན་ཚོགས་སུ།།
ཞེ་འཛིན་སྒྲོལ་དཀར་ལྷོད་ཀྱིས་བྱོན།།

༢༠༢༣.༤.༢༩ ཉིན་བརྩམས།

སྣང་གྲོལ་གཉུག་མའི་གདངས་གླུ།

 

རིན་ཆེན་གཡང་ཊིའི་མཛེས་པ།།
དབྱངས་ཅན་ལུས་སུ་བརྒྱན་པ།།
བརྩེ་བའི་སོར་ཕྲེང་སྤྲིན་དཀར།།
མགུར་མའི་ཕྱོགས་སུ་འཁྱིལ་བ།།
མི་ཟད་བདེན་པའི་དངོས་གྲུབ།།
ངག་རིག་མཛེས་པའི་བདུད་རྩི།།
སྙན་ཚིག་དབྱངས་སུ་དྲངས་པ།།
རྣ་བའི་ཡིད་དབང་འཕྲོག་བྱུང་།།
སྙན་ངག་བུམ་བཟང་གཤིས་སུ།།
རྫོགས་མེད་དྲན་ཤིང་བཞག་ཡོད།།
སྒྱུ་འཕྲུལ་བདེ་བའི་རོལ་དབྱངས།།
སེམས་ཀྱིས་སྐད་ཅིག་རོལ་ཀྱང་།།
གཉུག་མའི་ཚོར་རླུང་གཡུཊ་བྱུང་།།
ཕྱིར་མིག་དབང་པོའི་རྟོག་སྣང་།།
བདེ་ཆེན་ཁབ་ཏུ་ཆགས་བྱུང་།།
བློ་ཡི་སྣང་བའི་གཟུགས་འགྱུར།།
མཛེས་སྡུག་འཕར་མ་འདྲ་བའི།།
གཉུག་མའི་སྣང་བ་འཕྲོག་བྱུང་།།
དབྱངས་ཅན་འཇའ་ཚོན་ལྷ་མོ།།
སྤྲིན་བྲལ་ནམ་མཁར་ཤར་བྱུང་།།
རྨད་བྱུང་འཛུམ་གྱིས་ཕྱུགས་པ།།
གསེར་འོད་ཉི་མའི་རང་བཞིན།།
ལྷ་ཡི་གར་མའི་རོལ་དབྱངས།།
བདེ་བའི་ཁམས་སུ་དཀྲོལ་བྱུང་།།

༢༠༢༢.༡༠.༡༦ཉིན་བརྩམས།

བརྩེ་བའི་མགུལ་རྒྱན།

 

སྣང་བའི་ལས་ཀྱིས་བཏུས་པ།།
མེ་ཏོག་འཛུམ་དཀར་སྒྲོལ་མ།།
བརྩེ་བའི་མུ་ཏིག་མགུལ་རྒྱན།།
བྱམས་པའི་སྐེ་ལ་བཏེགས་པ།།
མི་རྟག་སྤྲིན་པ་འགུལ་འགུལ།།
ཡིད་ཀྱི་ཚོར་བ་འགུལ་བྱུང་།།
ཚིག་གི་འདབ་མ་ཐར་འཐོར།།
བསྡུས་ནས་སྙན་ངག་གྲུབ་པ།།
སྣང་སེམས་སྤྲུགས་པའི་ཚོར་བ།།
སྟོང་ཆེན་ལུང་བར་བརྒལ་བ།།
ངག་རིག་མཚོ་མོའི་འཛུམ་ལ།།
དྲན་གདུང་དབྱངས་སུ་སྦྱར་བ།།
ཆར་བ་སེམས་སུ་འཐིམ་བྱུང་།།
ནམ་མཁའི་འཛུམ་ཀྱིས་ཕྱུཊ་པ།།
ཉི་ཟླའི་བྱིན་རླབས་ཡིན་ཕྱིར།།
བརྩེ་བའི་དབྱངས་ཅན་དྲན་པ།།
རྨི་ལམ་ལམ་ཕྲེང་བརྒལ་ནས།།
དབྱངས་ཅན་དྲན་པའི་ཚོར་བ།།
སྲིད་པའི་དབྱིངས་སུ་བཞུད་པ།།
འགོགས་མེད་རང་བྱུང་དྲན་པ།།
སྙན་ངག་ཉི་འོད་འཕྲོས་འཕྲོས།།
དབྱངས་ཅན་ལྷ་མོར་འཕྲོས་པ།།
ཚིག་གི་འཛུམ་འགྱུར་མཆོད་པ།།
ཞེ་བློ་གཙང་མས་འབུལ་འདོད།།

༢༠༢༢.༣ཉིན་བརྩམས།

སེམས་བྱུང་གི་གླུ།

རྣམ་རྟོག་རྒྱ་མཚོའི་རླབས་རྒྱུན།།
ཚིག་གི་གདངས་ལ་སྦྱོར་བཞིན།།
སྣང་སྟོང་འཁོར་བའི་ངོགས་སུ།།
སྙན་ངག་མེ་ཏོག་བཞེངས་ཡོད།།
མི་རྟག་མཛེས་པའི་པད་མར།།
ཚིག་གི་དྲན་ཤིང་བཞེངས་པ།།
ཡིད་ཀྱི་ཨ་ལོང་དབྱིངས་སུ།།
བརྩེ་བའི་འོད་ཟེར་འཕྲོས་པ།།
འཁོར་བ་རྒྱ་མཚོའི་ཀློང་དུ།།
ལས་ཀྱི་སྨིན་དྲུག་བཞུགས་པ།།
མཛེས་པའི་ཞལ་གཟུགས་རི་མོ།།
དབྱངས་ཅན་ལྷ་མོར་སྦྱར་བ།།
སྲིད་པའི་འདབ་བརྒྱད་པད་མ།།
ཚིག་གི་རྒྱན་དུ་འཁྲུངས་ཡོད།
རྨི་ལམ་སྣང་སྟོང་ངོས་སུ།།
སྙན་ངག་མཚོ་མོ་བཞུར་འདྲ།།
ཡངས་པའི་ཐང་ཆེན་ཞིག་ན།།
བརྩེ་བའི་མཚོ་མོ་བཞུར་ཡོད།
གཞི་འཛིན་སྨིན་དྲུག་ཡིན་པ།།
ལས་ཀྱི་འཁོར་བའི་གཤིས་རེད།།
རྟག་པའི་དབྱངས་ཀྱི་ངོས་ལ།།
ཚིག་གི་སྒྱུ་འཕྲུལ་བཞེངས་པ།།
སྤྲིན་དཀར་ཕོ་བྲང་དབུས་སུ།།
མགུར་མའི་དབུ་ཁྱུད་བྲིས་པ།།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=3763