རྩོམ་པ་པོ་: ཅང་སུའུ་ཞིང་ཆེན་ཏུང་ཐའེ་གྲོང་ཁྱེར་བུ་བཅོལ་ཁང་གི་ལིའུ་ཡིང

ཡིག་སྒྱུར་བ་:མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ ཚེ་རིང་འབྱོར་རྒྱས

 

རུས་མིང་ཞེས་པ་ནི་མིའི་རིགས་ཀྱིས་བྱེ་བྲག་པ་དབྱེ་ཕྱིར་བྱེ་བྲག་པ་རེ་རེར་བཏགས་པའི་དམིགས་གསལ་གྱི་མཚོན་བཏགས་ཤིག་ཡིན་ལ་སྐད་ཡིག་ཆ་འཕྲིན་བརྒྱུད་དེ་མི་ཚོགས་ཀྱི་བྱེ་བྲག་པའི་ཁྱད་པར་དབྱེ་བ་འབྱེད་པའི་མཚོན་རྟགས་ཤིག་ཀྱང་ཡིན། ཐོག་མར་རུས་མིང་ཡོད་ཚེ་མིའི་རིགས་ཀྱིས་ད་གཟོད་གོ་རིམ་ལྡན་པའི་ངང་ནས་གཞན་དང་འབྲེལ་འདྲིས་བྱེད་ཐུབ། འདི་ནི་མི་ཞིག་གི་འཐུས་ཚབ་དང་མཚོན་རྟགས་ཡིན་ལ། དེ་བས་ཀྱང་རུས་མིང་ལ་སྤྱི་ཚོགས་ཀྱི་དོན་སྙིང་ལྡན་པ་མཚོན་ཐུབ། དེ་མིན་  རུས་མིང་ནི་རུས་དང་མིང་གིས་གྲུབ་པ་ཡིན་ རུས་ལ་རྒྱུད་འཛིན་རང་བཞིན་ལྡན་པ་དང་། མིང་ནི་ཕ་མ་རྒན་རབས་རྣམས་ཀྱིས་རང་ཉིད་ཀྱི་བྱིས་པར་བཅངས་བའི་རེ་བ་དང་སྨོན་ལམ་གཞིར་བཟུང་ནས་བཏགས་པ་ཡིན་པས་དམིགས་གསལ་གྱི་ཁྱད་ཆོས་ངེས་ཅན་ཞིག་ཡོད།  དེར་བརྟེན་བྱེད་སྒོ་ནི་རུས་མིང་གི་སྤྱི་ཚོགས་དོན་སྙིང་དང་རུས་མིང་གི་རྒྱུད་འཛིན་རང་བཞིན། རུས་མིང་གི་དམིགས་གསལ་ཁྱད་ཆོས་གསུམ་ནས་གཞི་འཛིན་ཏེ་སྤེལ་ཆོག།

བྱེད་སྒོའི་ཁྲོད་དགེ་རྒན་གྱིས་བྱིས་པར་རང་འགུལ་གྱིས་བསམ་བློ་གཏོང་བ་དང་རྟོག་ཞིབ་བྱེད་དུ་བཅུག་དགོས་པ་ལས་ཐད་ཀར་ལན་འདེབས་མི་རུང། དཔེར་ན་བྱིས་པར་རུས་ནི་སྔོན་ལ་ཡོད་པ་དང་མིང་ནི་རྗེས་ལ་ཡོད་ཅེས་པའི་ལན་ཐད་ཀར་མ་འདེབས་པར། རུས་དང་མིང་གཉིས་སྔོན་ལ་ཡོད་པ་ནི་གང་ཡིན་ནམ་ཚོད་དཔག་བྱེད་དུ་བཅུག་ཆོག། ཁྱོད་ཀྱིས་བལྟས་ན་རང་ཉིད་ཀྱི་རུས་ནི་ཅི་ཞིག་རེད། འདི་ལྟ་བུའི་གནད་དོན་གྱིས་བྱིས་པའི་ཡིད་དབང་དེ་བས་ཀྱང་འགུག་ཐུབ། ཡང་དཔེར་ན་རུས་མིང་གི་སྤྱི་ཚོགས་དོན་སྙིང་ཤེས་ཚོར་བྱེད་པའི་སྐབས་སུ་བྱིས་པར་བྱེད་ཐབས་གསུམ་ལ་བརྟེན་ནས་མི་གཞན་གདན་འདྲེན་ཞུས་ནས་རོལ་རྩེད་རྩེ་རུ་བཅུག་ཆོག། བསྡུར་བ་བྱས་ནས་རུས་མིང་གི་སྤྱི་ཚོགས་དོན་སྙིང་ལ་ཉམས་ལེན་གསལ་བར་བྱས།

ངའི་འཆར་འགོད།

དམིགས་ཡུལ།

      ༡    རུས་མིང་གི་སྤྱི་ཚོགས་དོན་སྙིང་ལ་རྒྱུད་ལོན་རག་ཙམ་བྱེད་པ། རུས་མིང་གི་འབྱུང་ཁུངས་ལ་རྩད་ཞིབ་བྱེད་པ། རུས་ཀྱི་རྒྱུད་འཛིན་རང་བཞིན་ལ་ཤེས་ཚོར་བྱེད་པ། མིང་གི་དམིགས་གསལ་ཁྱད་ཆོས་ལ་བསམ་ཤེས་བྱེད་པ།

༢  རང་ཉིད་ཀྱི་རྟོགས་པ་དང་བསམ་ཚུལ་གསལ་བར་བཤད་འདོད་པ་དང་རུས་མིང་གསར་པ་བཏགས་པར་ཚོད་ལྟ་བྱེད་པ།

༣ མཁྱེན་དཔྱོད་ཟབ་ཅིང་ཡངས་པའི་ཀྲུང་གོའི་རུས་མིང་རིག་གནས་ལ་མྱོང་རོལ་བྱེད་ནས་ ཕ་མ་རྒན་རབས་རྣམས་ཀྱིས་རང་ཉིད་ལ་བཅོལ་བའི་བརྩེ་བ་དང་སྨོན་འདུན་བཟང་པོར་ཉམས་ལེན་བྱེད་པ།

གྲ་སྒྲིག།

༡      རང་ཉིད་ཀྱི་རུས་མིང་ཤེས་པ་མ་ཟད་རུས་མིང་གི་ནང་དོན་ལ་ཡང་རྒྱུད་ལོན་བྱེད་དགོས་པ།

༢   འཛིན་གྲྭ་ཡོངས་ཀྱི་བྱིས་པའི་རུས་མིང་གི་རི་མོ་བྲིས་པ་དང་རི་མོའོ་ནང་དུ་རུས་དང་མིང་གི་ཡི་གེ་ཚོས་མདོག་མི་འདྲ་བ་གཉིས་ཀྱིས་སྟོན་དགོས།

བརྒྱུད་རིམ།

གཅིག་  རུས་མིང་གི་ནུས་པ་ཤེས་ཚོར་བྱེད་པ་དང་རུས་མིང་གི་སྤྱི་ཚོགས་དོན་སྙིང་ཤེས་རྟོགས་བྱེད་པ།

༡    རུས་མིང་གི་ནུས་པ་ཤེས་ཚོར་བྱེད་པ།

དགེ་རྒན་(འཛིན་གྲྭ་ཡོངས་ཀྱི་བྱིས་པའི་རུས་མིང་གི་རི་མོ་སྟོན་པ་) :ལྟོས་དང་འདི་ནི་ཅི་ཞིག་རེད། འདིའི་ཐོག་ལ་ཁྱོད་ཀྱི་མིང་ཡོད་དམ། ཡོད་ན་གང་ལ་འདུག།

དགེ་རྒན་ :ཁྱོད་ཚོས་ད་དུང་ས་ཆ་གང་ཞིག་ནས་རང་ཉིད་ཀྱི་རུས་མིང་མཐོང་མྱོང།  དངོས་པོ་འདི་དག་གི་སྟེང་དུ་ཅིའི་ཕྱིར་རང་ཉིད་ཀྱི་རུས་མིང་ཡོད་པ་རེད།

དགེ་རྒན་ :དངོས་པོའི་སྟེང་དུ་རང་ཉིད་ཀྱི་རུས་མིང་ཡོད་པ་ལས་དངོས་པོ་འདི་ནི་རང་ཉིད་ཀྱི་ཡིན་པ་མཚོན་ཐུབ།

དགེ་རྒན་ :ནམ་ཞིག་ལ་ཁྱོད་ཚོར་གཞན་གྱིས་རང་ཉིད་ཀྱི་རུས་མིང་འབོད་པ་ཐོས་མྱོང།

དགེ་རྒན་ :ཁྱོད་ཚོས་ནམ་ཞིག་ལ་རང་ཉིད་ཀྱི་རུས་མིང་བཤད་སྲིད།

དགེ་རྒན་(ཞའོ་ཧའོ་)  :རུས་མིང་ནི་ང་ཚོ་མི་རེ་རེའི་མཚོན་རྟགས་ཇི་བཞིན་ཕན་ནུས་ཧ་ཅང་ཆེ། ངའི་རུས་མིང་ཡོད་པའི་དངོས་པོ་ནི་ང་རང་ཉིད་ལ་དབང་བ་ཡིན་ལ་ངའི་རུས་མིང་གིས་ཀྱང་ང་རང་ཉིད་མཚོན།།

༢   གྲོགས་པོ་དང་མཉམ་དུ་རོལ་རྩེད་རྩེ་ནས་རུས་མིང་གི་སྤྱི་ཚོགས་དོན་སྙིང་ཤེས་རྟོགས་བྱེད་པ།

དགེ་རྒན་ :དེ་རིང་ང་ཚོས་གྲོགས་པོ་གདན་འདྲེན་བྱས་ནས་ལག་རྡེབ་རྩེད་མོ་རྩེ་དགོས། སུ་ཞིག་གིས་སྔོན་ལ་གདན་འདྲེན་ཞུ་མཁན་བྱེད་པར་འདོད།

དགེ་རྒན་ :དེ་རིང་ང་ཚོའི་གདན་འདྲེན་ཞུ་སྟངས་རྒྱུན་ལྡན་དང་མི་འདྲ་བར་རོལ་རྩེད་ཐེངས་གསུམ་རྩེ་དགོས། ཐེངས་དང་པོར་གདན་འདྲེན་ཞུ་མཁན་གྱིས་གདན་འདྲེན་ཞུ་བའི་གྲོགས་པོའི་རུས་མིང་བཤད་ཆོག་། ཐེངས་གཉིས་པར་གདན་འདྲེན་ཞུ་མཁན་གྱིས་གདན་འདྲེན་ཞུ་བའི་གྲོགས་པོའི་རུས་མིང་གི་ཡི་གེ་དང་པོ་འདི་བཤད་ཆོག། ཐེངས་གསུམ་པར་གདན་འདྲེན་ཞུ་མཁན་གྱིས་གདན་འདྲེན་ཞུ་བའི་གྲོགས་པོའི་རུས་མིང་བཤད་མི་ཆོག་པར། འདི་མིན་གྱི་སྐད་ཆ་བཤད་ཆོག།(བྱིས་པའི་རོལ་རྩེད་)

དགེ་རྒན་ :ཁྱོད་ཚོས་བྱེད་སྟདས་གང་གི་སྒོ་ནས་གྲོགས་པོ་གདན་འདྲེན་བྱེད་པར་དགའ། རྒྱུ་མཚན་ནི་ཅི་ཞིག་ཡིན།

དགེ་རྒན་ :གདན་འདྲེན་ཞུས་བ་རྣམས་བྱེད་སྟངས་གང་ལ་དགའ། རྒྱུ་མཚན་ནི་ཅི་ཞིག་ཡིན།

དགེ་རྒན་ (ཞའོ་ཇལ་) :གདན་འདྲེན་ཞུ་སྐབས་གྲོགས་པོའི་རུས་མིང་ཐད་ཀར་འབོད་པའི་བྱེད་སྟངས་ནི་ཆེས་སྟབས་བདེ་བ་ཡིན། རྒྱུ་མཚན་ནི་ རུས་མིང་ནི་མི་རེ་རེ་གཞན་དང་ཁྱད་པར་བྱེད་པའི་མཚོན་རྟགས་གལ་ཆེན་ཞིག་ཡིན། རུས་མིང་གཅིག་གིས་མི་གཅིག་མཚོན།

གཉིས་  རུས་དང་མིང་གི་འབྱུང་ཁུངས་ལ་རྒྱུད་ལོན་བྱེད་པ། རུས་ཀྱི་རྒྱུད་འཛིན་རང་བཞིན་ལ་ཤེས་ཚོར་བྱེད་པ། མིང་གི་དམིགས་གསལ་ཁྱད་ཆོས་ལ་བསམ་ཤེས་བྱེད་པ་།

༡ རུས་ཀྱི་འབྱུང་ཁུངས་ལ་རྒྱུད་ལོན་བྱེད་པ་དང་རུས་ཀྱི་རྒྱུད་འཛིན་རང་བཞིན་ལ་ཤེས་ཚོར་བྱེད་པ།

(༡)    རང་ཉིད་ཀྱི་རུས་གང་ཡིན་པ་ཤེས་པ།

དགེ་རྒན་ :ང་ཚོའི་རུས་མིང་ནི་རུས་དང་མིང་གིས་གྲུབ་པ་རེད། དེ་ན་ཁྱོད་ཚོས་རུས་དང་མིང་སྔོན་ལ་གང་ཡིན་པ་ཚོད་དཔག་གཅིག་བྱོས་དང། ཁྱོད་ཀྱི་རུས་ནི་ཅི་ཞིག་ཡིན།(བྱིས་པས་རུས་མིང་གི་རི་མོར་ལྟ་ཞིབ་དང་ཚོད་དཔག་བྱེད་པ་)

དགེ་རྒན་ (ཞའོ་ཇལ་) :ང་ཚོ་ཀྲུང་གོ་བའི་རུས་མིང་ནི་ རུས་སྔོན་དང་མིང་རྗེས་ལ་ཡོད།  ད་ལྟ་ཁྱོད་ཚོ་ཚང་མས་རང་ཉིད་ཀྱི་རུས་གང་ཡིན་པ་ཤེས་སོང་ངམ།

(༢)   བྱིས་པས་རུས་ཀྱི་རྒྱུད་འཛིན་རང་བཞིན་ཤེས་ཚོར་བྱེད་པར་ཁྲིད་སྟོན་བྱེད་པ།

དགེ་རྒན་ :ཁྱོད་ཚོའི་རུས་འདི་ཡིན་པའི་རྒྱུ་མཚན་ནི་གང་ཡིན་ནམ། རུས་འདི་གང་ནས་ཡོང་བ་ཡིན་ནམ། ཨ་ཕ་(ཨ་མ་)ཡི་རུས་ནི་གང་ནས་ཡོང་བ་ཡིན་ནམ།

དགེ་རྒན་ (ཞའོ་ཇལ་):ང་ཚོའི་གྲོགས་པོ་ཆུང་ཆུང་རྣམས་ཨ་ཕ་དང་མཉམ་དུ་རུས་གཅིག་བྱས་ན་ཆོག་ལ། ཨ་མ་དང་མཉམ་དུ་རུས་གཅིག་བྱས་ན་ཡང་ཆོག། ཨ་ཕ་(ཨ་མ་)ཡང་ཁོ་ཚོའི་ཨ་ཕ་(ཨ་མ་)དང་མཉམ་དུ་རུས་གཅིག་བྱས་པ་རེད། རུས་ནི་འདི་འདྲ་བཞིན་མི་རབས་ནས་མི་རབས་བར་བརྒྱུད་ཡོང་བ་རེད།

༢     མིང་གི་འབྱུང་ཁུངས་ལ་རྒྱུད་ལོན་བྱེད་པ་དང་ མིང་གི་དམིགས་གསལ་ཁྱད་ཆོས་ལ་བསམ་ཤེས་བྱེད་པ། ཕ་མ་རྒན་རབས་རྣམས་ཀྱིས་རང་ཉིད་ལ་བཅོལ་བའི་བརྩེ་བ་དང་སྨོན་འདུན་བཟང་པོར་ཉམས་ལེན་བྱེད་པ།

(༡)     རང་ཉིད་ཀྱི་མིང་ཤེས་པ་དང་མིང་གི་དམིགས་གསལ་ཁྱད་ཆོས་ལ་བསམ་ཤེས་བྱེད་པ།

དགེ་རྒན་ :ཁྱོད་ཀྱི་མིང་ལ་ཅི་ཟེར། ང་ཚོའི་རུས་ནི་སྐབས་འབར་གཞན་དང་གཅིག་མཚུངས་ཡིན་སྲིད་ལ་མིང་ཡང་འདི་འདྲ་ཞིག་ཡིན་ནམ།

དགེ་རྒན་ :ང་ཚོའི་མིང་ནི་གཞན་དང་འདྲ་བ་ཧ་ཅང་ཉུང་བར་ཐུན་མོང་མ་ཡིན་པ་ཞིག་རེད།

(༢)     རང་ཉིད་ཀྱི་མིང་གི་གོ་དོན་ངོ་སྤྲོད་བྱས་ནས་ཕ་མ་རྒན་རབས་རྣམས་ཀྱིས་རང་ཉིད་ལ་བཅོལ་བའི་བརྩེ་བ་དང་སྨོན་འདུན་བཟང་པོར་ཉམས་ལེན་བྱེད་པ།

དགེ་རྒན་ :ཨ་ཕ་དང་ཨ་མས་ཅིའི་ཕྱིར་ཁྱོད་ལ་མིང་འདི་བཏགས་པ་ཡིན་(བྱིས་པས་རང་ཉིད་ཀྱི་མིང་གི་གོ་དོན་ཕན་ཚུན་གྲོས་གླེང་བྱེད་པ་)

དགེ་རྒན་ (ཞའོ་ཇལ་):ཕ་མས་ང་ཚོར་བཏགས་པའི་སྙན་ཞིང་འཇིབས་པའི་མིང་རྣམས་ནི་དོན་སྙིང་ཞིག་ལྡན་བཞིན་ཡོད། ལ་ལས་ང་ཚོར་དགའ་སྤྲོ་བདེ་སྐྱིད་ཡོང་བར་སྨོན། ལ་ལས་ང་ཚོར་བདེ་ཐང་མཛེས་སྡུག་ཡོད་པར་སྨོན། ལ་ལས་ང་ཚོར་སྤྱང་གྲུང་ལྡན་བ་དང་བླ་གྲོས་འཕེལ་བར་སྨོན། མིང་གིས་ཕ་མ་རྒན་རབས་རྣམས་ཀྱིས་ང་ཚོར་བཅོལ་བའི་སྨོན་འདུན་དང་བཅངས་བའི་བརྩེ་བ་ཇི་མ་ཇི་བཞིན་དུ་མཚོན།  ཁྱོད་ཚོ་རང་ཉིད་ཀྱི་ཕ་མར་དགའ་པོ་ཡོད་དམ། དེ་རིང་ཡུལ་ལ་ལོག་ནས་ཕ་མར་དོན་སྙིང་ལྡན་པའི་མིང་འདི་འདྲ་ཞིག་བཏགས་པར་བཀའ་དྲིན་ཆེ་ཞུ་དགོས།

གསུམ།     རྩེད་མོ: བྱིས་པར་མིང་བཏགས་ནས་རུས་མིང་ལ་ཤེས་རྟོགས་དང་རྒྱུད་ལོན་སྲ་བརྟན་དུ་བཏང་དགོས།

དགེ་རྒན་ :ད་ལྟ་ང་ཚོས་ཀྱང་ཨ་ཕ་དང་ཨ་མ་ཐེངས་གཅིག་བྱེད། གལ་སྲིད་ཁྱོད་ལ་རང་ཉིད་ཀྱི་ཕྲུ་གུ་གཅིག་ཡོད་ཚེ་ ཁྱོད་ཀྱིས་ཕྲུ་གུ་ལ་རུས་མིང་ཅི་ཞིག་བཏགས་པར་འདོད།

 


 

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=3583