(བོད་ལྗོངས་ཞིང་འབྲོག་སློབ་གླིང་།)
ཐོག་མར་འུར་རྡོའི་མིང་ཇི་ལྟར་ངོས་འཛིན་སྟངས་དང་། དུས་ནམ་ཞིག་བྱུང་བ། རྒྱུ་ཆ། ཁྱད་ཆོས། དབྱེ་བ། ད་ལྟའི་གནས་བབས་བཅས་མདོར་ཙམ་གླེང་བར་བྱའོ།
འུར་རྡོ་ནི་ཕྱུགས་ཟོག་འཚོ་བྱེད་ཀྱི་ཡོ་བྱད་ཅིག་ཡིན་ལ་ཕྱུགས་རྫི་བ་རྣམས་ཀྱི་རྟག་པར་ལུས་ཀྱི་རྒྱན་ཆ་ཞིག་ཏུ་བརྩིས་ཏེ་རང་གི་ལུས་པོའི་གཞོག་གཡས་གཡོན་ཏུ་བཏགས་ཀྱི་ཡོད་ཕྱུགས་རྫིའི་ཚེའི་ཁ་རྒྱུན་ལ་འུར་རྡོ་ཁྲ་ཆུང་གཟི་རེད། གཟི་གངས་དཀར་སེམས་རེད། འུར་རྡོ་ཁྲ་ཁྲ་བཅུ་གཉིས་ལྷས། ནོར་བརྒྱ་དེད་པའི་སེམས་རྟེན་ཡིན་ཞེས་འུར་རྡོ་ལ་བསྟོད་མང་པོ་ཞིག་ཡོད། ཕྱུགས་རྫི་ཞིག་མཚོན་ན་འུར་རྡོ་ལག་ཏུ་མེད་ན་མཚོན་ཆ་བཞག་ནས་དམག་རྒྱག་སོང་བ་དང་ཨ་ན་མ་ན་ཡིན་པས་ཁོང་ཚོའི་རྟག་ཏུ་འུར་རྡོ་ལུས་དང་བྲལ་གྱི་མེད། འུར་རྡོ་ཕྱུགས་འཚོ་བའི་ཡོ་ཆས་ཙམ་མ་ཟད་རྒྱན་འཕེན་པ་དང་དམག་རྒྱགས་སྐབས་མཚོན་ཆ་གལ་ཆེན་ཞིག་ཏུ་བརྩི་གིན་ཡོད། རྒྱལ་རྩེའི་དབྱིན་བོད་དམག་འཁྲུག་སྐབས་སུ་བོད་མི་རྣམས་ཀྱི་འུར་རྡོ་ལ་བརྟེན་ནས་འཐབ་འཛིང་བྱེད་པ་དང་དགྲ་བོ་རྣམས་ངོ་རྒོལ་བྱས་པས་གཏམ་དཔེ་ལ་ཡང་། འཇམ་པོ་བལ་ལས་བཟོས་པའི། །འུར་རྡོ་ཆུ་མིགདགུ་སྒྲིལ། ། ཆུ་མིག་གཞུང་ལས་རྒྱབ་པའི། །དབྱིན་ཇིའི་སྣ་ལ་ཕོག་སོང་ཞེས་བཞད་གད་ཀྱི་ཉམས་དང་ལྡན་པའི་གཏམ་རྒྱུད་ཀྱང་བྱུང་མྱོང་ངོ་།
༡ འུར་རྡོ་ཞེས་པའི་ཐ་སྙད་ཀྱི་ངོས་འཛིན་སྟངས།
ཐོག་མར་འུར་རྡོ་ཞེས་པའི་དངོས་པོ་དེ་གང་འདྲ་ཞིག་ལ་ངོས་འཛིན་དགོས་ཟེར་ན་དེ་ཡང་《དུང་དཀར་ཚིག་མཛོད་ཆེན་མོ》ལས་འུར་རྡོ་ཞེས་པ་ནི་ཐག་པའི་མཐིལ་དུ་རྡོ་བཞག་ནས་འཕེན་བྱེད་ཀྱི་ལག་ཆ་ཞིག་ཡིན་པ་དང་རིང་ཚད་སྤྱི་ཁྲེ་གང་དང་ཕྱེད་ཀ་ཙམ་ཡོད་པ་ལ་ཐག་པའི་དཀྱིལ་དུ་རྡོ་བླུགས་ས་འུར་མཐིལ་ཞེས་ཅུང་ཆེ་བ་ཞིག་ཡོད་ཐག་སྣེ་གཅིག་ལ་འུར་ལྕེ་ཞེས་ཐག་པ་ཕྲ་མོ་ཞིག་བསྒར་ཡོད་ཅེས་འཁོད་འདུག་དེ་བཞིན་གྱི་《ཡོངས་འཛིན་ཚིག་མཛོད་》ལས་འུར་རྡོ་ནི་བོད་རིགས་རང་གི་གསར་གཏོད་བྱས་པའི་རང་སྲུང་གི་མཚོན་ཆ་དང་སྲོག་ཆགས་སོགས་འགུག་འདུལ་བྱེད་པའི་ལག་ཆ་སྟེ་སྟོད་མངའ་རིས་ནས་སྨད་ཨ་མདོའི་བར་བོད་ཀྱི་ས་གནས་ཡོངས་ལ་ཁྱབ་པ་མ་ཟད་འུར་རྡོའི་བཟོ་རྩལ་གྱི་ལག་རྒྱུན་ནི་ལོ་ངོ་སྟོང་ཕྲག་དང་ཁྲི་ཕྲག་བརྒྱུད་ནས་ད་བར་བོད་ཀྱི་ལོ་རྒྱུས་སུ་གནས་ཡོད་ཅེས་བྲིས་འདུག
༢བྱུང་ཚུལ།
འུར་རྡོ་དུས་ནམ་ཞིག་ལ་བྱུང་ཞེ་ན། བོད་གདོད་མའི་དུས་སུ་རང་བྱུང་ཁོར་ཡུག་འདུལ་སྦྱོང་བྱེད་པ་དང་མཉམ་དུ་དབང་འཛིན་བཅུ་གཉིས་ཀྱི་དུས་སུ་ལག་ཆ་འདི་བྱུང་ཏེ། མངའ་མཛད་དགུའི་ཐོག་མ་གནོད་སྦྱིན་ནག་པོས་དབང་བསྒྱུར་བའི་དུས་དེར་ལག་ཆ་མདའ་གཞུ་དང་སྟ་རེ། རྐང་ཤིང་། སྒྱོགས་རྡོ། ཆུ་གྲི། ཞགས་པ། འུར་ཆ་སོགས་འཚོ་བའི་ལག་ཆ་མང་པོ་བྱུང་སྟེ།《 ཆོས་འབྱུང་མཁས་པའི་དགའ་སྟོན》ལས། ལོ་ངོ་སྟོང་ཕྲག་དུ་མའི་ཡར་སྔོན་ལ་གནས་འདིར་གཞིས་ཆགས་པའི་མི་རྣམས་ཀྱིས་གོས་སུ་ཤིང་ལོ་གྱོན་པ་དང་ཟས་སུ་མ་རྨོས་པའི་ལོ་ཏོག་སྤྱོད་པའི་སྐབས་ནས་རིམ་བཞིན་རི་དྭགས་རྔོན་པ་དང་རྩྭ་ཐང་དང་ནགས་ཚལ་དུ་འཚོ་བ་རོལ་བའི་གདོད་མའི་མི་ཚོས་ཐོག་མར་རྡོ་དང་དབྱུག་པ་དང་། དེ་ནས་མདའ་གཞུ་ལ་བརྟེན་ནས་རི་དྭགས་རྔོན་པ་དང་དྲུག་པ་ཀྲོག་ཀྲོག་འདྲེ་ཡིས་དབང་བྱས་ཏེ། ལང་ཏང་ལིང་ཏང་བར་ཁ་འུར་འཕེན། ཞེས་པས་མངའ་མཛད་དགུའི་ནང་ཚན་དྲུག་པ་ཀྲོག་ཀྲོག་འདྲེ་ཡི་དབང་བསྒྱུར་གྱི་དུས་སུ་ཡང་ལག་ཆ་འདི་སྤྱད་པ་དང་། ད་དུང་ “ ཡུལ་གླིང་སྲིན་པོ་ནག་པོའི་ཡུལ་དགུ་ཟེར། བྲག་རི་དམར་ནག་ནགས་ཁྲོད་གནས་སུ་བཟུང་། མི་རྣམས་སེམས་ཅན་ཤ་ཟ་གདོང་མ་དམར། སྲིན་མོའི་རྐང་དང་འུར་རྡོ་ལག་ཆ་བྱུང་། ” ཞེས་དབང་མཛད་དགུའི་དུས་སྐབས་སུ་དགྲ་གཅན་གཟན་ལ་སོགས་ཕྱི་རོལ་ཡུལ་གྱི་གནོད་པ་འགོག་བྱེད་དང་ཁོར་ཡུག་གི་དགྲ་ཟླ་ལ་ཕར་རྒོལ་བྱེད་པ་སོཊ་ལས་འུར་རྡོ་ཐོག་མར་དེ་ནས་དར་བ་མཚོན། གནའ་མི་རྒད་པོའི་གཏམ་ལས་ཀྱང་། འུར་རྡོ་ནི་གོ་མཚོན་ནང་གི་སྔ་མ་ཡིན་མྱུར་མགྱོགས་ཆེ་བའི་ལག་ཆ་ཡིན་ཞེས་མཚོན་ཆའི་རིགས་ལས་ཅུང་དར་སྔ་བ་ཞིག་ཡིན་པར་རྟོགས་ཐུབ།
༣ འུར་རྡོའི་རྒྱུ་ཆ་ལ་མདོར་ཙམ་གླེང་ན།
འུར་རྡོ་ནི་ནོར་དང་ལུག་གི་སྤུ་ལས་བཟོས་པ་ཡིན།《དམངས་ཁྲོད་དང་ཚ་བ་མདའ་རྫོང་》ལས་ དཀར་པོ་ལུག་གི་སྤུ་ལས་གྲུབ། །སྟོང་ལུག་འཁོར་བའི་རྟེན་འབྲེལ་འགྲིག །ནག་པོ་བེའུའི་སྤུ་ལས་གྲུབ། །འབྲི་བརྒྱ་འཁོར་བའི་རྟེན་འབྲེལ་འགྲིག །ཅེས་པ་ལས་འུར་ཆའི་རྒྱུ་ཆ་གཡང་དཀར་ལུག་གི་བལ་དཀར་པོ་དང་བེའུའི་སྤུ་ནག་པོ་ཡིན་པ་བརྗོད་པ་དང་། དཀར་ནག་འདྲེས་མའི་བཟོས་པས་ཁྲ་ཆེན་དང་ཁྲ་ཆུང་ཞེས་མིང་གི་འབོད་སྲོལ་འདུག
སྤྱིར་བཏང་ལོ་ན་བརྒྱད་ཅུ་ལྷག་ཙམ་གྱི་རྒན་འཁོགས་ཁ་ཤས་འུར་རྡོའི་སྐོར་དྲིས་པས་ན་ཁོང་ཚོའི་འུར་རྡོ་ཞེས་པའི་བཟོ་བའི་རྒྱུ་ཆ་གཙོ་བོ་ནི་ནོར་ལུག་གི་སྤུ་རེད་ཟེར་དེ་མིན་དེང་སྐབས་ད་དུང་མཚོན་ཁྲ་སྣ་མིན་ཅན་གྱི་སྐུད་པ་ལས་བཟོ་བ་ཡང་འདུག་ཟེར།
༤ ཁྱད་ཆོས།
འུར་རྡོ་ནི་བོད་མི་རང་གི་གསར་གཏོད་བྱས་པ་ཞིག་ཡིན་པའི་མི་རིགས་ཀྱི་ཁྱད་ཆོས་ཡོད་པར་སྨོས་ཅི་དགོས་འུར་རྡོ་ནི་བོད་མི་རིགས་ཀྱི་ལོ་རྒྱུས་ཀྱི་དཔང་པོ་དང་མེས་པོ་ཡི་ལག་ཆ། རྫི་བོའི་དཔུང་རོགས། འབྲོག་པའི་མཁོ་ཆས། དགྲ་ལྷ་འཁོར་བའི་རྟེན་དང་བདུད་རྣམས་འདུལ་བའི་ལྷ་སོགས་ཀྱི་ཁྱད་ཆོས་ཡོད།
༥འུར་རྡོའི་དབྱེ་བ།
ཡོངས་འཛིན་ལྟར་ན། ༡ རིང་ཐུང་གི་ཐད་ནས། བརྒྱད་སླས་ལ་འདོམ་པ་བདུན་ཙམ་དང་སོག་སླས་ལ་འདོམ་པ་བཅུ་བཞི་ཙམ། སྤུས་སླས་ལ་འདོམ་པ་ཉེར་་བཞི་ཙམ་བཅས་ཡོད་པར་འཁོད་འདུག
༢རི་མོའི་ཐད་ནས། ཆུ་མིག་དགུ་སྒྲིལ། ཁྲ་ཆེན། ཁྲ་ཆུང་། མིག་མ། ཟུར་དཀར་ཟུར་ནག་སོགས་ཡོད་པར་གསལ་པོ་འཁོད་འདུག
༦ ད་ལྟའི་འུར་རྡོའི་གནས་བབས།
འུར་རྡོ་ནི་ཕྱུགས་ཟོག་འཚོ་བྱེད་ཀྱི་ཡོ་བྱད་ཅིག་ཡིན་ལ་ཕྱུགས་རྫི་བ་རྣམས་ཀྱི་རྟག་པར་ལུས་ཀྱི་རྒྱན་ཆ་ཞིག་ཏུ་བརྩིས་ཏེ་རང་གི་ལུས་པོའི་གཞོག་གཡས་གཡོན་ཏུ་བཏགས་ཀྱི་ཡོད་ཕྱུགས་རྫིའི་ཚེའི་ཁ་རྒྱུན་ལ་འུར་རྡོ་ཁྲ་ཆུང་གཟི་རེད། གཟི་གངས་དཀར་སེམས་རེད། འུར་རྡོ་ཁྲ་ཁྲ་བཅུ་གཉིས་ལྷས། ནོར་བརྒྱ་དེད་པའི་སེམས་རྟེན་ཡིན་ཞེས་འུར་རྡོ་ལ་བསྟོད་མང་པོ་ཞིག་ཡོད། ཕྱུགས་རྫི་ཞིག་མཚོན་ན་འུར་རྡོ་ལག་ཏུ་མེད་ན་མཚོན་ཆ་བཞག་ནས་དམག་རྒྱག་སོང་བ་དང་ཨ་ན་མ་ན་ཡིན་པས་ཁོང་ཚོའི་རྟག་ཏུ་འུར་རྡོ་ལུས་དང་བྲལ་གྱི་མེད། འུར་རྡོ་ཕྱུགས་འཚོ་བའི་ཡོ་ཆས་ཙམ་མ་ཟད་རྒྱན་འཕེན་པ་དང་དམག་རྒྱགས་སྐབས་མཚོན་ཆ་གལ་ཆེན་ཞིག་ཏུ་བརྩི་གིན་ཡོད། རྒྱལ་རྩེའི་དབྱིན་བོད་དམག་འཁྲུག་སྐབས་སུ་བོད་མི་རྣམས་ཀྱི་འུར་རྡོ་ལ་བརྟེན་ནས་འཐབ་འཛིང་བྱེད་པ་དང་དགྲ་བོ་རྣམས་ངོ་རྒོལ་བྱས་པས་གཏམ་དཔེ་ལ་ཡང་། འཇམ་པོ་བལ་ལས་བཟོས་པའི། །འུར་རྡོ་ཆུ་མིགདགུ་སྒྲིལ། ། ཆུ་མིག་གཞུང་ལས་རྒྱབ་པའི། །དབྱིན་ཇིའི་སྣ་ལ་ཕོག་སོང་ཞེས་བཞད་གད་ཀྱི་ཉམས་དང་ལྡན་པའི་གཏམ་རྒྱུད་ཀྱང་བྱུང་མྱོང་ངོ་།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=3366
དཔྱད་མཆན་སྤེལ།