ལྕགས་རྟ་བཟོ་རྩལ་གྱི་དཔེ།

ལྕགས་རྟ་ཞིག་ཞོན་པའི་སྐབས་ཁྱེད་ཀྱིས་སྐོར་བཞིན་པའི་འཕྲུལ་འཁོར་དེ་བཟོ་བར་ལོ་ངོ་བརྒྱ་ཕྲག་དུ་མའི་དུས་ཡུན་འགོར་བ་དང་ལྕགས་རྟའི་ཆ་ཤས་རེ་རེ་ལའང་ཡུན་རིང་གི་ལོ་རྒྱུས་ཡོད།ལྕགས་རྟ་འཁོར་ལོའི་དཔེས་བསྟན་པ་ལྟར། ང་ཚོས་དུས་སྐབས་ཀྱི་རིམ་པ་མང་པོ་ཞིག་གི་བར་ནས་རིག་གཞུང་མ་འདྲ་བ་དུ་མ་ཞིག་གསར་བཟོ་བྱས་ཡོད།རིག་གནས་དེ་ནི་མི་རིགས་དེའི་སྤྱོད་ལམ་དང་བསམ་བློའི་འཁྱེར་སོ། ལུགས་སྲོལ། དད་མོས་བཅས་ལས་གྲུབ་པ་དང་།རིག་གནས་ཀྱིས་མིའི་རིགས་ཀྱི་སྒྱུ་རྩལ་ལས་རིགས་དང་རྩོམ་རིག་སྐད་ཡིག གསར་བཏོད།མི་རིགས་ཀྱི་སྲོལ་རྒྱུན་བཅས་ཀྱི་སྣང་བརྙན་བསྐྲུན་ཡོད།དེ་དག་ནི་མི་འཚོ་གནས་བྱེད་སའི་ས་ཁམས་དང་གནམ་གཤིས་ཀྱི་ཤུགས་རྐྱེན་འོག་བསྐྲུན་པ་ཞིག་རེད།ང་ཚོ་ལོ་ངོ་ས་ཡ་དུ་མར་འགོར་བའི་འགྲོ་བ་མིའི་རིག་གནས་ཀྱི་ལེགས་སྐྱེས་འོག་ནས་སྐྱེ་འཚར་བྱུང་བ་ཞིག་ཡིན། དེབ་འདིའི་འགོ་གཞུག་ཀུན་ནས་ཁྱེད་ཀྱིས་གནའ་བོའི་རིག་གནས་ཀྱི་ཤུལ་བཞག་མང་པོ་ཞིག་གི་སྐོར་རྟོགས་ཐུབ་ལ། ད་དུང་ཁྱེད་ཀྱིས་འདས་ཟིན་པའི་མིའི་རིགས་ཀྱི་མེས་པོ་ཚོའི་ཆོད་སེམས་དང་ལས་རིགས་ཀྱིས་ད་ལྟའི་འཚོ་གནས་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་པ་ཡང་རྟོགས་ནུས།

ཆེས་སྔ་བའི་རིག་གནས།

ཆེས་ཐོག་མའི་འགྲོ་བ་མིའི་རིག་གནས་ནི་ལོ་ངོ་ས་ཡ་གཉིས་ཙམ་གྱི་གོང་ནས་འཕེལ་རྒྱས་ཀྱི་འགོ་བརྩམས་པ་དང་། དང་པོ་ནི་རིག་གནས་འདི་དག་གི་ལེགས་བྱང་རིག་གནས་དང་པོ་ནི་རྡོ་ཆས་སྤྱད་ནས་ལག་ཆ་བཟོ་བ་དང་དེ་བཀོལ་སྤྱོད་ཀྱི་སྦྱོང་བརྡར་བྱས་པ་དེ་ཡིན། དེ་མཚུངས་སུ་མིའི་རིགས་ཀྱིས་ཟས་ཀྱི་ཆེད་དུ་རྩེ་རྣོ་བའི་སྟབས་བདེའི་ལག་ཆ་རྡོ་ཆས་རིགས་སྤྱད་དེ་རི་དྭགས་རྔོན་པ། དེའི་གཞུག་ནས་ཁོ་ཚོས་གཟུགས་སྟོབས་ཆེ་བའི་རི་དྭགས་རིགས་རྔོན་ཕྱིར་ཚང་མ་མཉམ་རུབ་བྱེད་པའི་ལས་རིགས་དར་བ་དང་།དེའི་རྗེས་སུ་སྤྱི་ཚོགས་ཀྱི་བདེ་འཇགས་ཀྱི་ཆེད་དུ་སྤྱི་ལ་ཁྱབ་པའི་ཀུན་སྤྱོད་ཀྱི་སྒྲིག་ཁྲིམས་བཟོ་བའི་སྲོལ་ཡང་དར་བ་རེད། གཉིས་པ་ནི་སྔ་མོའི་རིག་གནས་ཀྱི་གལ་ཆེའི་ལེགས་བྱང་རིག་གནས་གཉིས་པ་ནི་ཞིང་ལས་རེད།ཕལ་ཆེར་སྤྱི་ལོའི་སྔོན་གྱི་ལོ་ ༩༠༠༠དགུ་སྟོང་ཙམ་ནས་འཛམ་གླིང་གི་ཡུལ་གྲུ་ཁ་ཤས་ཀྱི་མིའི་རིགས་ཀྱིས་ས་གནས་གཅིག་ན་ཡུན་རིང་གནས་བཅས་ཏེ་རང་ཉིད་ཀྱིས་འདེབས་ལས་བྱས་པའི་འཚོ་བར་རོལ་འགོ་བརྩམས་པ་ རེད།ཞིང་བ་ཚོས་ཐེངས་གཅིག་གི་འབྲུ་རིགས་ཐོན་འབབ་ཀྱིས་རང་ལས་ལྷག་མི་གཞན་གསོ་སྤྱད་ཡང་འདང་ངེས་བྱུང་བ་དང་།སྐབས་ཐོག་དེར་མི་ཁ་ཤས་ལ་ལག་རྩལ་ལས་རིགས་གཞན་རྫ་ བཟོ་དང་སླས་རིགས་ཀྱི་ལག་རྩལ་ཡང་ལྡན། སྤྱི་ལོའི་སྔོན་གྱི་ལོ་༣༥༠༠སུམ་སྟོང་ལྔ་བརྒྱ་ཙམ་ནས་འཛམ་གླིང་གི་ཡུལ་གྲུ་འགའི་གལ་ཆེའི་ཡར་རྒྱས་ཤིག་ནི་གྲོང་ཁྱེར་རེ་ཟུང་གི་རྣམ་པ་མངོན་བཞིན་པ་དེ་རེད།གྲོང་ཁྱེར་དེ་དག་ཏུ་ལྷན་འདུས་ཀྱི་ མི་ཚོགས་ཆེན་པོ་དེ་ཡང་དེ་མཚུངས་ཀྱིས་རང་ཉིད་ཆེད་ལས་རང་བཞིན་གྱི་ངལ་རྩོལ་བ་རེ་འགྱུར་པའི་གོ་སྐབས་མང་བོ་ཐོབ་གྱིན་ཡོད།དཔེར་ན་ཁང་བ་བརྩིགས་པ་དང་བག་ལེབ་སྲེག་མཁན།རི་མོ་བ་ལྟ་བུ་རེད།སྣོན་པ་ཞིག་བྱས་ན།གྲོང་ཁྱེར་གྱི་འཚོ་བའི་དགོས་མཁོའི་དོན་དུ་གཞུང་གིས་གཞི་རྒྱ་ཆེ་བའི་ལམ་ལུགས་གང་མང་བཙུགས་པ་དང་།རིགས་མི་གཅིག་པའི་མི་སྣ་དུ་མ་མཉམ་འདུས་བྱུང་བ་དེ་ནི་རླབས་ཆེའི་བསམ་བློའི་སྒྱུར་བཅོས་གྱི་གཞི་རྩ་རུ་གྱུར་བ་རེད།

རིག་གནས་ཀྱི་འགྱུར་བ།

རིག་གནས་འགྱུར་བའི་རྒྱུ་རྐྱེན་གང་དག་ཡིན་ནམ།བསམ་བློ་གསར་བ་དང་གསར་བཏོད་རིགས་ཀྱིས་མི་རྣམས་བྱ་བའི་བསྒྲུབ་ཐབས་གསར་པའི་ཕྱོགས་སུ་འཁྲིད་ཀྱིན་ཡོད་པ། དཔེར་ན། ཡི་ གེ་འབྲི་བའི་ལམ་ལུགས་གསར་བཏོད་བྱས་པ་དེས་མིའི་བསམ་བློའི་རིགས་ཟིན་བྲིས་བཀོད་པ་དང་གསར་རྙེད་སྒྲོག་སྟོན་བྱེད་ཐུབ་པ།མི་དང་མིའི་བར་ལ་འབྲེལ་མཐུད་བྱེད་བཅུག་པ་དག་རེད། ཁོར་ཡུག་ནང་གི་འགྱུར་བ་དེས་ཀྱང་རིག་གཞུང་འགྱུར་བའི་རྒྱུ་རྐྱེན་བྱེད་ལ། དུས་ཚོད་ཀྱི་ཐད་ནས་ཡུལ་དེའི་གནམ་གཤིས་ཀྱི་འགྱུར་ལྡོག་གིས་ཀྱང་འགྱུར་བ་གཏོང་ངེས། ད་དུང་རང་བྱུང་གི་གནོད་འཚེ་ཆུ་ལོག་དང་ས་ཡོམ་རིགས་ཀྱིས་ཡུལ་བཀོད་རྩ་བསྒྱུར་བྱེད་པས། མི་རྣམས་ཀྱིས་དེ་བསྟུན་ཀྱིས་གནས་ཡུལ་སྤོ་བ་དང་ཡང་ན་འཚོ་གནས་གསར་བ་ཞིག་ལེགས་སྒྲིག་བྱེད་དགོས་ཀྱི་ ཡོད། ཕྱོགས་གཞན་ཞིག་ན།འགྱུར་བའི་འབྱུང་རྩ་གཙོ་བོ་ཞིག་ནི་རིག་གནས་གཞན་དང་མཉམ་འདྲེས་བྱས་བ་དེ་ཡིན།རིག་གནས་མི་འདྲ་བའི་ཁོར་ཡུག་ནས་ཡོང་བའི་མི་དང་འཕྲད་དུས་རིག་གནས་ཕན་ཚུན་གྱིས་འཚོ་བའི་ལམ་ཁར་འགྱུར་བ་གཏོང་གི་ཡོད། དེ་བཞིན་ནང་ལོགས་རིག་གནས་ཀྱི་འགྱུར་བའི་གནད་དོན་ནི། དཔེར་ན། མི་འབོར་འཕེལ་རྒྱས་ཕྱིན་པ་དང་རིག་གནས་གཅིག་པའི་ཚོགས་སྡེ་སོ་སོའི་བར་ལ་འཐབ་རྩོད་ཀྱི་རྐྱེན་པས་བྱ་བའི་སྒྲུབ་ཐབས་གསར་བའི་རིགས་གསར་བཏོད་བྱེད་གི་ཡོད།

དེང་དུས་ཀྱི་རིག་གནས། དེང་སང་ང་ཚོ་སྣེ་འཛོམས་རིག་གནས་ཀྱི་འཇིག་རྟེན་ཞིག་ན་གནས་ཡོད་(multicultural world) སྟབས།ང་ཚོས་འཛམ་གླིང་གི་ཡུལ་གྲུ་སོ་སོའི་ཐུན་མིན་གྱི་ རིག་གནས་སློབ་སྦྱོང་བྱེད་ཐུབ་པ་དང་། ང་ཚོས་མུ་མཐུད་ནས་རིག་གནས་ཕན་ཚུན་ལ་ནུས་པ་ཡང་འདོན་ཐུབ་གི་ཡོད། ང་ཚོ་སྔ་མོའི་རིག་གནས་ཀྱི་རྒྱུན་དང་སྦྲེལ་ཡོད་པ་བཞིན་མ་འོངས་པའི་རིག་གནས་ཀྱང་ང་ཚོ་དང་སྦྲེལ་ངེས་རེད།༼རིག་གནས་ཀྱི་འབྲེལ་བ་སླེབ་དུས་ཕན་ཚུན་གོ་རྟོགས་ཐེབས་པ་ནི། དཔེར་ ན།ས་གནས་ཀྱི་ཨ་རི་བས་ཡུ་རོབ་ཀྱི་གནས་ཡུལ་བ་ཚོར་ཞོག་ ཁོག་མངར་མོ་དང་མ་རྨོས་ལོ་ཏོག་སོགས་འདེབས་སྟངས་བསླབས་པས་ཡུ་རོབ་པ་ཚོས་ཕྱིར་སོང་ནས་རང་གི་ཕ་ཡུལ་ནས་དེ་ལྟར་བསླབས་པས་ཡུ་རོབ་གླིང་ཡོངས་ལ་འདེབས་སྲོལ་ཆགས་པ་དང་རྗེས་སུ་འཛམ་གླིང་གང་སར་འདེབས་སྲོལ་ཆགས་པ་ལྟར་རེད།༽

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=3127