Tune: Anacreon in Heaven by John Stafford Smith
དབྱངས་རྟའི་མིང་ལ་ལྷ་ཡུལ་གྱི་ཨ་ནཱ་ཁྲེ་ནོ་ཞེས་ཤིང་ཇཱོན་་སི་ཏཱ་ཧྥོར་དི་་སི་མི་ཋི་ཡིས་བརྩམས།
Written by Francis Scott Key on September 14th,1814.
ཚིག་ནི་ཧྥ་རན་སེ་སི་་སི་ཁོ་ཐེ་་ཁྱེ་ཡིས་༡༨༡༤་ལོའི་ཟླ་བ་དགུ་པའི་ཚེས་༡༤་ཉིན་ལ་བརྩམས།
Oh, say, can you see, by the dawn’s early light,
What so proudly we hailed at the twilight’s last gleaming?
Whose broad stripes and bright stars, thro’ the perilous fight’
O’er the ramparts we watched, were so gallantly streaming.
And the rockets red glare, the bombs bursting in air,
Gave proof through the night that our flag was still there.
Oh, say, does that star-spangled banner yet wave
O’er the land of the free and the home of the brave?
༡ གསུངས་དང་། སྐྱ་རེངས་འོད་ཆེན་འཕྲོས་པའི་ཞོགས་དུས་ལ། །ང་བཅས་སྤོབས་པས་སྐད་འབོད་བྱེད་དོན་ཅི་ཡིན་ལགས། །
སུས་ནི་ཐིག་ཁྲ་དང་ནི་འོད་ལྡན་སྐར་མའི་དར། །བསྒྲེངས་ཏེ་འཇིགས་རུང་གཡུལ་ས་འདི་ནས་བསྐྱོད་ཡོད་དམ། །
སྒྱོགས་ཀྱི་འོད་དམར་དང་ནི་མཁའ་བསྲེགས་མེ་མདའ་ཡིས། །ང་བཅའི་དར་ཆེན་བརྟན་ཅིང་མཐོ་བ་བདེན་དུ་མཐོང་། །
གསུངས་དང་། ཐིག་ཁྲ་སྐར་མའི་དར་ཆེན་ད་དུང་ནི། །རང་དབང་ལྗོངས་དང་དཔའ་བོའི་ཡུལ་ན་མཐོ་ལེགས་སམ། །
On the shore dimly seen, thro’ the mists of the deep,
Where the foe’s haughty host in dread silence reposes,
What is that which the breeze, o’er the towering steep,
As it fitfully blows, half conceals, half discloses?
Now it catches the gleam of the morning’s first beam,
In full glory reflected, now shines on the stream;
‘Tis the star-spangled banner: oh, long may it wave
O’er the land of the free and the home of the brave.
༢ མཐུག་པའི་སྨུག་པ་བརྒྱུད་ནས་ཆུ་ངོགས་མག་མོག་ལས། །ང་རྒྱལ་དགྲ་བོ་ཁུ་སུམ་གཉིད་དུ་ཡུར་བའི་ཚེ། །
བསེར་བུ་དལ་གྱིས་གཡོ་བའི་བྲག་ཐེམ་རྩེ་མོ་ལས། །རབ་རིབ་སྣང་བརྙན་ཤར་བཞིན་མཐོ་རུ་བསྐྱོད་དེ་ཅི། །
དེ་ལས་གཟི་བརྗིད་འཕྲོ་ཞིང་ཆུ་ཀླུང་འོད་ཀྱིས་ཁྱབ། །ད་ལྟ་དེ་ཡིས་ཞོགས་ཀྱི་སྐྱ་རེངས་དང་མ་ཟིན། །
དེ་ནི་ཐིག་ཁྲ་སྐར་མའི་དར་ཆེན་ཡིན་འདུག་པས། །རང་དབང་ལྗོངས་དང་དཔའ་བོའི་ཡུལ་ན་དེ་མཐོ་ཤོག །
When our land is illuminated with liberty’s smile,
If a foe from within strikes a blow at her glory,
Down, down with the traitor that tries to defile
The flag of the stars, and the page of her story!
By the millions unchained,Who their birthright have gained
We will keep her bright blazon forever unstained;
And the star-spangled banner in triumph shall wave,
While the land of the free is the home of the brave.
༣ ཕ་ཡུལ་འདི་ནས་རང་དབང་འཛུམ་མདངས་རྒྱས་ཚེ་ན། །ནང་གི་དགྲ་ཡིས་དར་ཆེན་གཟི་འོད་སྨག་བྱུང་ན། ། ཚན་པ་འདི་མ་ཡིག་ཏུ་ཡོད་མོད་ད་ལྟ་ལེན་སྲོལ་མེད་པ་འདྲ།
ཤིན་དུ་རབ་ཏུ་ཉེས་པའི་ངོ་ལོག་དག་གིས་ཀྱང་། །དར་ཆེན་འདི་དང་དེ་ཡི་གཏམ་རྒྱུད་སྒྲིབ་འདོད་ན། །
སྒྲོལ་བ་ཐོབ་པའི་ཁྲི་འབུམ་འབངས་ཚོགས་འཁྲིག་པ་ཡིས། །དར་འདིའི་འོད་མདངས་སླར་ཡང་བསྐྱེད་ལ་ཐེ་ཚོམ་མེད། །
དེ་ཚེ་སྐར་མ་ཐིག་ཁྲའི་དར་ཆེན་འདི་ཉིད་ཀྱང་། །རང་དབང་ལྗོངས་དང་དཔའ་བོའི་ཡུལ་ནས་མཐོ་བར་ངེས། །
And where is that band who so vauntingly swore
That the havoc of war and the battle’s confusion
A home and a country should leave us no more?
Their blood has wash’d out their foul footstep’s pollution.
No refuge could save the hireling and slave
From the terror of flight or the gloom of the grave,
And the star-spangled banner in triumph doth wave
O’er the land of the free and the home of the brave.
༤ ལྷག་བསམ་དམ་བཅའ་འབུལ་བའི་སྐྱེས་བུ་གང་དུ་བཞུགས། །དེ་རྣམས་གཡུལ་གྱི་འཇིགས་བསྐྲག་ལས་ནི་ཐར་འདོད་ཡོད། །
ལུང་པ་ཕ་ཡུལ་དང་ནི་ང་ཚོ་བྲལ་མེད་ཤོག །དཔའ་རྣམས་ཀྱིས་ནི་རྐང་རྗེས་ཁྲག་བཀྲུས་མཛད། །
བྲན་དང་བྲན་ནག་དག་ལ་སྐྱབས་གནས་ཡོད་མི་སྲིད། །དེ་རྣམས་གཡུལ་དང་འོག་ཡུལ་བརྫུངས་ལ་བྲོས་ཐབས་མེད། །
དེ་ཚེ་སྐར་མ་ཐིག་ཁྲའི་དར་ཆེན་འདི་ཉིད་ཀྱང་། །རང་དབང་ལྗོངས་དང་དཔའ་བོའི་ཡུལ་ན་མཐོ་བར་ངེས། །
Oh, thus be it ever when free men shall stand,
Between their loved homes and the war’s desolation;
Blest with vict’ry and peace, may the heav’n-rescued land
Praise the Power that has made and preserved us as a nation.
Then conquer we must, when our cause is just,
And this be our motto: “In God is our trust”;
And the star-spangled banner in triumph shall wave
O’er the land of the free and the home of the brave.
༥ ཀྱེ་མ་རང་དབང་ལྡན་རྣམས་རང་གི་ཡུལ་གཞིས་དང་། །ཉམ་ང་གཡུལ་སའི་བར་དུ་ཡར་ལངས་ཐུབ་དགོས་ཏེ། །
རྒྱལ་ཁ་དང་ནི་ཞི་བདེའི་སྨོན་ལམ་དག་པ་ཡིས། །རིགས་ཀྱི་ལ་རྒྱ་དབང་ཐང་མཆོག་གིས་སྲུང་བར་ངེས། །
བདེན་པའི་མཐུ་དང་བསླུ་མེད་ཡིད་ཆེས་ལྡན་པས་ན། །ང་བཅས་ཕ་རོལ་རྒོལ་ཞིང་མངའ་ཐང་ལེན་པའི་རྒྱུ་འབྲས་ལྡན། །
དེ་ཕྱིར་སྐར་མ་ཐིག་ཁྲའི་དར་ཆེན་འདི་ཉིད་ཀྱང་། །རང་དབང་ལྗོངས་དང་དཔའ་བོའི་ཡུལ་ནས་མཐོར་བསྒྲེང་ཤོག །
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=2426
དཔྱད་མཆན་སྤེལ།