ཅཱ་ལཱ་་ཨད་དིང་་མུ་ཧམ་མད་་པལ་ཁི་(Jalāl ad-Dīn Muḥammad Balkhī جلال‌الدین محمد بلخى‎) ནི་སྙན་གྲགས་གླིང་ཀུན་ལ་ཁྱབ་པའི་གནའ་བོའི་ཏ་ཟིག་གི་སྙན་ངག་པ་ཞིག་ཡིན་ལ།  ཡོངས་གྲགས་སུ་ཁོང་ལ་རུ་མི་འབོད་དེ།  རུ་མིའམ་པལ་ཁི་ནི་ཁོང་གི་སྐྱེས་ཡུལ་ཡིན།  ཁོང་ནི་མུ་སི་ལེམ་ཆོས་ལུགས་ཀྱི་གསང་བའི་གྲུབ་མཐའ་སུ་ཧྥེ་ཞེས་པ་དེའི་རྗེས་འབྲངས་མཁན་ཞིག་ཡིན་ལ།  ཁོང་གི་བརྩམས་ཆོས་ཁྲོད་དུ་སུ་ཧྥེའི་ལྟ་གྲུབ་མངོན་ལྐོག་གང་འོས་ལྟར་ཚིག་གིས་སྐྱོང་ཡོད།   འོག་གི་བརྩམས་ཆོས་དག་ནི་ཁོ་པའི་ཚིག་བཅད་རྐང་བཞི་མ་དབྱིན་ཡིག་ཏུ་བསྒྱུར་ཡོད་པ་དག་ལས་བསླར་ཡང་གུས་པས་བདམས་ཏེ་གངས་ཅན་པའི་སྐད་དུ་བསྒྱུར་བ་ཡིན་ན།  ཀློག་པ་པོའི་རྟོག་འཆར་གྱི་གསོས་སུ་འགྱུར་བར་སྨོན།

12

Late, by myself, in the boat of myself,
no light and no land anywhere,
cloudcover thick, I try to stay
just above the surface, yet I’m already under
and living within the ocean.

ས་སྲོད་བདག་ཁེར་གྲུ་ཆུང་ནས། 

འོད་མེད་ངེས་མེད་གནས་སུ་འཁྱམ། 

སྟུག་པོའི་སྨུག་ནང་འཕྱིང་འདོད་ཀྱང་། 

འཚོ་བའི་རྒྱ་མཚོར་ལྷུང་སྟེ་འདུག  



25

Friend, our closeness is this:
Anywhere you put your foot, feel me
in the firmness under you.
How is it with this love,
I see your world and not you?

གྲོགས་པོ་ཁྱེད་ནི་ང་དང་གློ་ཉེ་བས།  

གར་བྱོན་གནས་ནས་ང་ནི་དྲན་པར་གྱིས། 

བརྩེ་བ་འདི་ཡང་འདི་ལྟར་ཆགས་དོན་ཅི།  

ཁྱེད་ཀྱི་འཇིག་རྟེན་མཐོང་མོད་ཁྱེད་མ་མཐོང་། 


36

REPORT THIS AD

When I am with you, we stay up all night.
When you’re not here, I can’t go to sleep.
Praise God for these two insomnias!
And the difference between them.

ཁྱེད་དང་འགྲོགས་ཚེ་སད་ནས་ཡོད། 

ཁྱེད་དང་བྲལ་དུས་གཉིད་མི་ཁུག 

སད་དང་གཉིད་མེད་ཐ་དད་དང་། 

ཐ་མ་དད་ལ་གསོལ་འདེབས་བྱེད།  

 


77

For years, copying other people, I tried to know myself.
From within, I couldn’t decide what to do.
Unable to see, I heard my name being called.
Then I walked outside.

ལོ་སྣེར་ལོ་མཐུད་གཞན་ལ་ལད་བྱས་བདག་ངོས་བཙལ། 

སེམས་སྟེང་སེམས་བརྩེགས་བདག་དེ་ཅི་བྱ་གཏོལ་མེད་གྱུར། 

མཐོང་དགོས་མ་མཐོང་བདག་མིང་འབོད་པ་ཁོ་ན་ཐོས། 

གོམས་དགོས་མ་གོམས་བདག་ནི་དེ་ལྟར་ཕྱི་ལ་འགྲིམས།  

 


82

Today, like every other day, we wake up empty
and frightened. Don’t open the door to the study
and begin reading. Take down a musical instrument.
Let the beauty we love be what we do.
There are hundreds of ways to kneel and kiss the ground.

རྣམ་ཀུན་དང་མཚུངས་འདིར་ཉིན་ལ་ཡང་བདག་སོགས་སྟོང་འཇིགས་གཉིས་ཀྱི་ཁྲོད་ནས་སད། 

འོན་ཀྱང་འདི་ལྟར་དཔེ་སྒོ་མ་འབྱེད་ཀློག་ཀྱང་མ་བྱེད་རོལ་ཆ་ལེན་པར་གྱིས། 

བདག་སོགས་དགའ་སའི་མཛེས་ཆོས་དེ་ཉིད་བདག་གིས་དོན་དུ་ལག་ལེན་བགྱིས་མཛོད་དང་། 

ས་གཞིར་འོ་དང་ཕྱག་འཚལ་བྱེད་ལ་ཐབས་ཤེས་བརྒྱ་ལྡན་ཨུ་ཚུགས་བྱེད་དོན་ཅི།  

 



116

Take someone who doesn’t keep score,
who’s not looking to be richer, or afraid of losing,
who has not the slightest interest even
in his own personality: He’s free.

གང་གིས་བསོགས་མི་བྱེད་པས་དེར་ཡི་རངས།  

གང་དེར་ཐོབ་འདོད་མེད་ལ་ཤོར་འཇིགས་མེད། 

གང་དེས་རང་གཤིས་ལའང་བདག་མེད་པས།  

གང་དེ་རང་དབང་ཡིན་པས་ཡི་རངས་འོས། 

 


551

Does sunset sometimes look like the sun’s coming up?
Do you know what a faithful love is like?
You’re crying. You say you’ve burned yourself.
But can you think of anyone who’s not
hazy with smokes?

ཉི་མ་བནུབས་དང་ཉི་མ་འཆར་བ་མི་འདྲའམ། 

དམ་ཚིག་ཅན་གྱི་བརྩེ་དགའ་ཁྱེད་ཀྱིས་ཤེས་ཡོད་དམ། 

ཁྱེད་ཀྱིས་སྨྲེ་བཞིན་ཁྱེད་རང་མེ་ཡིས་མནར་སོང་ཟེར།  

འོན་ཏེ་སུ་ཞིག་དུ་བའི་ཁྲོད་དུ་ལུས་མ་ཡོད། 

 


568

The human shape is a ghost
made of distraction and pain.
Sometimes pure light, sometimes cruel,
trying widely to open,
this image tightly held within itself.

མི་ཡི་ལུས་རྟེན་འདྲེ་ཡིན་རྣམ་གཡེང་དང་། 

སྡུག་བསྔལ་གྱིས་སྤུངས་སྐབས་འགར་འོད་རེ་འཁྱུག 

སྐབས་འགར་གདུག་རྩུབ་ཀྱིས་ནི་བཤག་བྱེད་ན། 

རྟོག་པ་དེ་འདྲས་རང་ཡང་དམ་པོར་བཅིང་། 

 



630

Stay in the company of lovers.
Those other kinds of people, they each
want to show you something.
A crow will lead you to an empty barn,
a parrot to sugar.

རང་གི་དགའ་མ་དང་ནི་གཏན་འགྲོགས་བྱོས། 

དེ་མིན་རྣམས་ལ་སོ་སོའི་འདོད་ངོམ་ཡོད། 

ཕོ་རོག་རྗེས་སུ་འབྲང་ན་མཛོད་སྟོང་འཛུལ། 

ནེ་ཙོའི་གམ་དུ་བཅར་ན་བུ་རམ་ལེན། 

 


1115

The minute I’m disappointed, I feel encouraged.
When I’m ruined, I’m healed.
When I’m quite and solid as the ground, then I talk
the low tones of thunder for everyone.

རེ་ཆད་དུས་ལ་བདག་གིས་སྤོབས་པ་རྙེད། 

གོད་ཆག་བྱུང་ན་བདག་ནི་བསླར་གསོ་ཐེབས། 

ས་གཞི་ཇི་བཞིན་འཇགས་བརྟན་གཉིས་འབྱོར་སྐབས། 

བདག་གིས་འབྲུག་སྒྲ་རྒོད་པོས་བསྒྲགས་ཚིག་འཕེན། 

 


1131

In pain, I breathe easier.
The sacred child is running from the house, screaming,
I hear the gentleness.
Under nine layers of illusion, whatever the light,
on the face of any object, in the ground itself,
I see your face.

སྐྱོ་བས་མནར་དུས་ང་ཡི་འབྱིན་རྔུབ་དབུགས་སྣ་ཧ་ཅང་ཡང་བར་གྱུར། 

ལྷ་སྲས་ཁྱིམ་ནས་འབུད་ཞིང་ཀུ་ཅོ་བྱེད་སྐབས་ངས་ཀྱང་ཞི་བ་ཐོས། 

འཁྲུལ་སྣང་རིམ་དགུ་བརྩེགས་པའི་ཁྲོད་ནས་འོད་ཟེར་གང་ཞིག་འཕྲོས་ཀྱིས་ནས། 

ས་གཞིའི་ཡུལ་ཆོས་ཐམས་ཅད་གསལ་སྐབས་ཁྱོད་ཀྱི་ཞལ་ཀྱང་བདག་གིས་མཐོང་། 

 


1246

The minute I heard my first love story
I started looking for you, not knowing
how blind that was.
Lovers don’t finally meet somewhere.
They’re in each other all along.

བདག་གིས་དགའ་བའི་གཏམ་རྒྱུད་ཐོག་མར་ཐོས་ཉིད་ཁྱོད་རང་བཙལ།  

འོན་ཀྱང་རྨོངས་སྒྲིབ་མ་ཚོར་བདེན་པའི་དོན་པོ་འདི་མ་མཐོང་། 

ཆགས་ལྡན་རྣམས་ལ་མཐར་ཐུག་འཕྲད་པའི་གནས་ཤིག་སྟོན་དུ་མེད། 

ཁོ་རྣམས་ཕན་ཚུན་འདྲིས་ཤིང་གཏན་ནས་བྲལ་བ་བྱེད་མ་མྱོང་། 

 


1504

Do not sit long with a sad friend.
When you go to a garden,
do you look at thorns or flowers?
Spend more time with roses and jasmine.

སྐྱེད་མོས་ཚལ་དུ་ཕེབས་ན་སྐྱོ་གྲོགས་དང་། 

ཡུན་རིང་མཉམ་བཞུགས་མ་བྱེད་ལྟད་མོ་བ། 

ཁྱེད་ནི་ཚེར་མར་དུངས་སམ་གེ་སར་དགའ། 

རྒྱ་སེ་མ་ལི་ཀ་དང་དུས་ནི་འདའ་རོགས་མཛོད། 

 


1616

Inside the Great Mystery that is,
we don’t really own anything.
What is this competition we feel then,
before we go, one at a time, through the same gate?

ཤེས་པས་མི་ཟིན་རྒྱ་ཆེན་གསང་བའི་མདུན་ས་ན།   

བདག་ཅར་དབང་བའི་ཆོས་ནི་དོན་དམ་ཡོད་མི་སྲིད། 

དེ་ན་བདག་སོགས་འཆི་བྲལ་མ་བྱས་འདི་བར་ཏུ། 

འགྲན་སེམས་སྒོ་དེར་ཡང་ཡང་འཇུག་དོན་ཅི་ཡིན་ནམ། 

 



1652

We are the mirror as well as the face in it.
We are tasting the taste this minute
of eternity. We are pain
and what cures pain. We are
the sweet, cold water and the jar that pours.

བདག་རྣམས་མེ་ལོང་དང་ནི་མེ་ལོང་ངོས་ཀྱི་ཞལ་བརྙན་ཡིན། 

བདག་རྣམས་སྐད་ཅིག་དང་ནི་རྟག་བརྟན་བར་འདི་རོལ་མཁན་ཡིན། 

བདག་རྣམས་སྡུག་བསྔལ་དང་ནི་སྡུག་བསྔལ་ཞི་བའི་སྨན་ཀྱང་ཡིན། 

བདག་རྣམས་སྦྲང་རྩི།   གྲང་ཆུ།  སྣོད་བྱེད་བུམ་པ་དེའང་ཡིན། 

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=2420