གྷན་དྷིས་རྒྱ་གར་གྱི་མི་དམངས་ཁྲི་སྟོང་མང་པོར་དབྱིན་ཇིའི་མི་སེལ་སྤེལ་བའི་དབང་སྒྱུར་ལ་དྲག་ཤུགས་མིན་པའི་འགོག་རྒོལ་བྱེད་པར་སྐུལ་མ་བྱས་ཤིང་། གནའ་ནས་ད་བར་དུ་གྷན་དྷིའི་ཤེས་རབ་དང་མཚན་ཉིད་རིག་པའི་འདུ་ཤེས་ཀྱིས་ང་ཚོར་ཤུགས་རྐྱེན་ཐེབས་ཀྱིན་ཡོད། གཤམ་གྱི་སྐད་ཆ་ཚིག་ཀ་བཅུ་ཡིས་ཁྱོད་ལ་འཇིག་རྟེན་བཅོས་བསྒྱུར་གཏོང་ཐུབ་པའི་སྟོབས་ཤུགས་བསྩལ་ངེས།
༡ ཐོག་མར་ཁོ་ཚོས་ཁྱོད་སྣང་མེད་དུ་འཇོག་པ་དང་། དེ་ནས་འཕྱ་སྨོད་བྱེད། དེའི་འཕྲོར་ཁོ་ཚོས་ཁྱོད་དང་འཐབ་རྩོད་བྱེད་ཅིང་། མཐའ་མར་ཁྱེད་རྒྱལ་བར་གྱུར་ཏོ།།
༢ མི་ནུས་མེད་ཀྱིས་བཟོད་སྒོམ་བྱེད་མི་ཤེས། བཟོད་སྒོམ་ནི་སྟོབས་དང་ལྡན་པའི་མངོན་རྟགས་ཡིན།
༣ བདེ་སྐྱིད་ནི་ཁྱེད་ཀྱི་བསམ་པ་དང་། བཤད་པ། བསྒྲུབས་པ་བཅས་ཞི་མཐུན་གཅིག་གྱུར་གྱི་གོང་བུ་ཡིན།
༤ ནང་སེམས་ཀྱི་གཏིང་རིམ་ནས་བྱུང་བའི་”མིན་”ཞེས་པའི་ཚིག་འདི། སྤྲེལ་ལད་འཁྲབ་ཆེད་དང་། ཁྱད་པར་དུ་དཀའ་ངལ་ལ་གཡོལ་ཆེད་ཤོར་བའི་”ཡིན་”ཞེས་པ་ལས་ལྡབ་ཀྱིས་གོང་དུ་འཕགས།
༥ མི་སྡར་མ་ལ་བརྩེ་བ་ཕྱི་རུ་མངོན་ཐུབ་པའི་ནུས་སྟོབས་མེད་དེ། བརྩེ་བ་ནི་ཆེད་དུ་སྙིང་སྟོབས་ཅན་གྱི་ཁྱད་དབང་ངོ།།
༦ མི་ནི་བསམ་བློའི་ཐོན་དངོས་ཡིན། སེམས་ལ་ཀུན་སློང་ཅི་ཞིག་ཡོད་ན། མི་ཡང་དེའི་རང་བཞིན་ཅན་འགྱུར་འགྲོ །
༧ རྒྱ་ཁབ་ཀྱི་རིག་གནས་ནི་རྒྱལ་ཁབ་དེའི་མི་དམངས་ཀྱི་སེམས་ཁམས་དང་རྣམ་ཤེས་ཀྱི་གསེང་དུ་གནས་ཡོད།།
༨ དུས་རྒྱུན་དུ། བསམ་བློ་དང་སྐད་ཡིག བྱ་སྤྱོད་རྣམས་འཆམ་མཐུན་ཡང་དག་འོང་བར་འབད་བརྩོན་བྱེད་དགོས། དུས་རྒྱུན་དུ་ཁྱོད་ཀྱི་བསམ་བློ་གཙང་མར་འགྱུར་བར་འབད་བརྩོན་བྱེད་དགོས། དེ་ལྟར་བྱས་ན་ཡོད་ཚད་ལེགས་པར་འགྱུར་ངེས།
༩ ནོར་འཁྲུལ་ནི་ཁྱབ་སྒྲོག་ཁྲི་སྟོང་བྱས་པ་ལ་བརྟེན་ནས་བདེན་པར་འགྱུར་མི་སྲིད་ལ། དེ་བཞིན་དུ། བདེན་པ་ཡང་ཤེས་མཁན་གོ་མཁན་མེད་པས་ནོར་འཁྲུལ་དུ་འགྱུར་མི་སྲིད།
༡༠ ཤིན་ཏུ་ཆུང་བའི་ལག་ལེན་ཕྲ་མོ་ཙམ་ཡང་ཚིག་སྐམ་ལུང་འདྲེན་ཁྲི་སྟོང་ལས་མཆོག་གོ།།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=2360
དཔྱད་མཆན་སྤེལ།