དབྱིན་ཇིའི་རྒྱལ་མོ་ཨི་ལེ་ཛི་སྦ་སི་༼Elizabeth༽་མཆོག་གི་མི་ཚེའི་ལོ་རྒྱུས་ཐན་ཐུན་བརྗོད་པ་ངག་གི་རིག་བྱེད།

                          རྩེ་རི་ཚེ་དབང་རྒྱལ་པོ། (རྨ་ལྷོ།)

           ཁ་སང་ནས་དེ་རིང་བར་ལ་ཁོ་བོས་དབྱིན་ཇིའི་རྒྱལ་མོ་ཨེ་ལེ་ཛི་སྦ་སི་༼Elizabeth ༽འདས་པ་དང་འབྲེལ་བའི་མྱ་ངན་ཤིས་ཚིག་དང་བརྙན་ཐུང་། གསར་འགྱུར། མྱ་ངན་ཚོགས་འདུ་སོགས་ལ་བལྟས་པ་ཡིན། ཁོ་བོས་བསམ་པར་རྒྱུན་ཆད་མེད་པར་འགྱུར་ལྡོག་འབྱུང་བཞིན་པའི་འཇིག་རྟེན་འདིའི་ནང་དུ། དབྱིན་ཇིའི་རྒྱལ་མོ་ཨེ་ལེ་ཛི་སྦ་སི་༼Elizabeth༽ནི་གཏན་འཇགས་ཀྱིས་གནས་པ་ཞིག་ཡིན་ལ། དབྱིན་ཇི་བ་མི་རབས་འགའི་སེམས་གསོ་དང་ང་རྒྱལ་ཅི་ལ་མིན་ནམ།

དབྱིན་ཇིའི་རྒྱལ་མོ་ཨི་ལེ་ཛེ་སྦ་སི་མཆོག་ནི་ཕྱི་ཟླ9ཚེས8ཉིན་སི་ཁོ་ཁྲི་ལན་ཏྲི་(Scotland)དུ་བཞུགས་གནས་ཕོ་བྲང་པོར་མོར་རེས་(Balmore)ཏུ་དགོངས་པ་རྫོགས་པ་དབྱིན་ཇིའི་རྒྱལ་ཁང་བྷ་ཁིས་ཧམ་(Buckingham)་གྱིས་གསལ་བསྒྲགས་སྤེལ་འདུག་ལ། རྒྱལ་མོ་ཨི་ལེ་ཛེ་སྦེ་སི་མཆོག་གིས་དབྱིན་ཡུལ་གྱི་རྒྱལ་ཁྲི་ནི་ལོ་ངོ་བདུན་ཅུའི་རིང་བསྐྱངས་ཤིང་། དབྱིན་ཇིའི་རྒྱལ་རབས་ཀྱི་ནང་ཁྲི་འཛིན་དུས་ཡུན་རིང་ཤོས་གནང་མཁན་དེ་ཡིན་པར་མ་ཟད། ལྷོ་འཛམ་བུ་གླིང་གི་ནང་རྒྱལ་ཁྲི་དུས་ཡུན་རིང་ཤོས་བཟུང་མཁན་དེ་ཡང་ཡིན་པ་རེད། རྒྱལ་མོ་ཨི་ལེ་ཛེ་སྦེ་སི་མཆོག་ཕྱི་ལོ1942ལོར་རྒྱལ་ཁྲིར་ཕེབས་ཤིང་། ཁོང་ནི་དེ་སྔ་དབྱིན་ཇིའི་དབང་བསྒྱུར་འོག་གི་རྒྱལ་ཁབ་བཅུ་བཞིའི་རྒྱལ་མོ་ཡང་ཡིན་པ་རེད།

དེ་ནི་ཁོ་བོས་དབྱིན་ཇིའི་རྒྱལ་མོ་ཨི་ལེ་ཛི་སྦ་སི་༼Elizabeth༽་མཆོག་གི་མི་ཚེའི་ལོ་རྒྱུས་ཐན་ཐུན་བརྗོད་པ་ངག་གི་རིག་བྱེད་ཅེས་པ་ཞིག་བྲིས་པར་འདོད་དེ། གཤམ་ནས་བདག་གིས་རྒྱལ་མོ་ཨི་ལེ་ཛི་སྦ་སི་ཞེས་མི་བརྗོད་པར་ཀུན་གྱིས་བརྗོད་པ་ལྟར་དུ་དབྱི་ལི་ཧྲ་པའེ་སྐུ་ཕྲེང་གཉིས་པའམདབྱི་ལི་ཧྲ་པའེ་ཞེས་བརྗོད་བཞིན་ཡོད་དེ།

       དབྱིན་ཇིའི་རྒྱལ་མོ་ཨི་ལེ་ཛི་སྦ་སི་མཆོག་གི་མིང་ཆ་ཚང་ལ་དབྱི་ལི་ཧྲ་པའེ་·ཡ་ལི་ཧྲན་ཏེ་ལ་·མ་ལི་·ཝུན་ཧྲ་(Elizabeth Alexandra Mary Windsor)ཟེར། དབྱི་ལི་ཧྲ་པའེ་སྐུ་ཕྲེང་གཉིས་པའི་མིང་ཆ་ཚང་ལ “ དཀོན་མཆོག་ཧུང་ཨེན་ཟེར། ཏ་པུའུ་ལེ་ཏེན་དང་བྱང་རྒྱུད་ཨིར་ལན་གྱི་མཉམ་འབྲེལ་རྒྱལ་པོའི་རྒྱལ་ཁབ། དེ་བཞིན་མངའ་ཁོངས་དང་ཁོངས་གཏོགས་གཞན་དག་གི་རྒྱལ་མོ། དབྱིན་ཇིའི་རྒྱལ་ཕྲན་མཉམ་འབྲེལ་གྱི་གཙོ་བདག ཡེ་ཤུའི་ཆོས་ལུགས་ཀྱི་སྲུང་སྐྱོབ་བྱེད་མཁན་དབྱི་ལི་ཧྲ་པའེ་སྐུ་ཕྲེང་གཉིས་པ”ཞེས་བྱ་བ། དེ་ལས་རྙོག་འཛིང་ཆེ་བའི་མིང་ཆ་ཚང་ལ་ད་དུང“ཡེ་ཤུའི་ཆོས་ལུགས་སྲུང་སྐྱོང་བྱེད་མཁན”གྱི་རྒྱབ་ངོས་སུ“ཨའེ་ཏིང་པའོ་གོང་རིམ་གྱི་མཚན་ཐོབ་པའི་སྐུ་ཟླ་མེ་ལི་ཨའོ་ནེ་སིའི་བུད་མེད་བྱེད་པོ་རིམ་པ་དང་ཀེ་ལིན་ཉི་ཀྲི་བུད་མེད་ནན་ཅུའེ། ལན་ཁའེ་སི་ཐེ་གོང་རིམ་གྱི་མཚན་ཐོབ་ལ། གཞན་ཡང་མ་ཨེན་གླིང་གི་མངའ་བདག་ནོ་ཏེ་ཏིའི་གོང་རིམ་གྱི་མཚན་ཐོབ། གུས་པར་འོས་ཤོས་བཅས་ཀྱི་རྟ་བ་ཚོགས་པའི་མངའ་བདག་དང་། མཆོག་ཏུ་གྱུར་ཤོས་ཡིན་པའི་པ་སི་ཤུན་གྱི་རྟ་བ་ཚོགས་པའི་མངའ་བདག ཆེས་རྙིང་ཤོས་དང་ཆེས་གུས་པར་འོས་པའི་སུའུ་ཀེ་ལན་ཞུན་གནས་ཀྱི་རྟ་བ་ཚོགས་པའི་མངའ་བདག  ཆེས་འོད་ཟེར་ལྡན་པའི་པོ་ཐེ་ལི་ཁེ་ཤུན་གྱི་ཞོན་ཧྲིའི་ཚོགས་པའི་མངའ་བདག ཆེས་ཕུལ་དུ་བྱུང་བའི་ཧྲེན་མའེ་ཁིའར་དང་ཧྲེང་ཆའོ་ཀྲི་ཞུན་རྟ་དམག་ཚོགས་པའི་མངའ་བདག་དང་། ཆེས་ཕུལ་དུ་བྱུང་བའི་དབྱིན་ཇིའི་བཙན་རྒྱལ་ཤུན་གྱི་རྟ་དམག་ཚོགས་པ། ཕུལ་བྱུང་ཞབས་ཞུའི་ཞབས་ཞུ་བ་། རྟ་བ་ཚོགས་པའི་མངའ་བདག བཙན་རྒྱལ་ཞབས་ཞུ་ཞུན་ཧྲི་ཚོགས་པའི་མངའ་བདག  ཆེས་བླ་ན་མེད་པའི་རྒྱ་གར་གྱི་པའོ་ཞིན་ཧྲི་ཚོགས་པའི་རྟ་དམག་རྟ་དམག་གི་བདག་པོ། ཆེས་ཕུལ་དུ་བྱུང་བའི་རྒྱ་གར་བཙན་རྒྱལ་ཞོན་ཅན་གྱི་རྟ་དམག་ཚོགས་ཀྱི་མངའ་བདག  དབྱིན་ཇིའི་ཁོངས་ནི་རྒྱ་གར་ཞུན་ཧྲི་ཐོན་གྱི་རྟ་བདག་སོགས་ཡིན།

      དེའི་ནང“ནོ་མན་ཏིའི་གོང་རིམ་གྱི་མཚན་ཐོབ་པའི”གོ་མིང་ནི་མཚོ་འགག་གླིང་ཚོམ་(Channel Islands)ཐོག་གི་ཙེ་ཤིས་གླིང་ཕྲན་(Bailiwick of Jersey)དང་ཀེན་ཤིས་གླིང་ཕྲན་(Bailiwick of Guernsey)གྱི་མངའ་བདག་ཡིན་པའི་ངོས་ནས་བེད་སྤྱོད་གཏོང་གི་ཡོད། གང་ལགས་ཤེ་ན། གླིང་ཕྲན་དེ་གཉིས་ནི་སྲོལ་རྒྱུན་གྱི་ནུའོ་མན་ཏེའི་གོང་རིམ་གྱི་མཚན་ཐོབ་ས་ཁོངས་ཡིན་པ་དང་། གནའ་བོའི་ནུའོ་མན་པས་(Norman)བུད་མེད་ཀྱིས་རྒྱལ་པོའི་གོ་སའི《ས་ལི་ཁེའི་ཞལ་ལྕེ》རྒྱུན་འཛིན་བྱ་རྒྱུར་བཀག་འགོག་བྱས་ཤིང་དབྱི་ལི་ཧྲ་པའེ་སྐུ་ཕྲེང་གཉིས་པའི་གོ་གནས་ཀྱི་མིང་ནི“གོང་རིམ་དཔོན”ལས“བུད་མེད་ཀྱི་མཚན་ཐོབ་མེད་པ་ཞིག་རེད།

རྒྱལ་མོ་ཨི་ལེ་ཛེ་སྦེ་སི་མཆོག་ནི1952ལོའི་ཟླ2ཚེས6ཉིན་ཁྲིར་བཀོད།2015ལོའི་ཟླ9ཚེས9ཉིན། ཝེ་ཏའོ་ལའེ་ཡ་ལས་བརྒལ་བའི་རྒྱལ་མོ་དབྱིན་ཇིའི་ལོ་རྒྱུས་ཐོག་གི་ཡུན་རིང་གི་རྒྱལ་པོར་གྱུར།

2019ལོའི་ཟླ9ཚེས9ཉིན་དབྱིན་ཇིའི་རྒྱལ་མོ་དབྱི་ལི་ཧྲ་པའེ་སྐུ་ཐོག་གཉིས་པས་ཁྲིམས་དོན་གྲོས་གཞི་ཞིག་ལ་ཆོག་མཆན་སྤྲད་པ་དང་། ཁྲིམས་གཞི་དེའི་དམིགས་ཡུལ་ནི་དབྱིན་ཇིའི་དབུ་བཞུགས་བློན་ཆེན་པོ་ལི་སི·གཡོད་ཧན་ཤུན་གྱིས་ཡོ་རོབ་མནའ་འབྲེལ་ནས་འདོན་རྒྱུའི་གྲོས་མཐུན་མ་བཞག་པའི་གནས་ཚུལ་འོག་ཟླ10ཚེས31ཉིན་ཡོ་རོབ་མནའ་འབྲེལ་ནས་དོན་དག་བཀག་འགོག་བྱ་ཆེད་ཅིག་རེད།

2019ལོའི་ཟླ10ཚེས14ཉིན་དབྱིན་ཇིའི་རྒྱལ་མོ་དབྱི་ལི་ཧྲ་པའེ་སྐུ་ཐོག་གཉིས་པས་དབྱིན་ཇིའི་གྲོས་ཚོགས་ཀྱི་ཚིག་མཛོད་ཆེན་མོ་གཙོ་སྐྱོང་གནང་བ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་ཤིང་། ལོ་འདིར་དགུང་ལོ་93ལ་ཕེབས་པའི་རྒྱལ་མོ་ཨི་ལེ་ཛེ་སྦེ་སི་མཆོག་གིས་གྲོས་ཚོགས་ཐོག་གཏམ་བཤད་གནང་བ་ཐེངས་65བ་རེད།རྒྱལ་མོས་སྲིད་གཞུང་གི་ཚབ་བྱས་ནས་བྱ་བའི་འཆར་གཞི་གསར་བ་སྒྲོག་སྦྱང་བྱས།

2020ལོའི་ཟླ4ཚེས5ཉིན་དབྱིན་ཇིའི་རྒྱལ་མོས་རིམས་ནད་བྱུང་ཚུལ་གསར་པའི་ཐད་རྒྱལ་ཡོངས་ཀྱི་བརྙན་འཕྲིན་ནས་གཏམ་བཤད་སྤེལ་བ་རེད། རྒྱལ་མོས་འཐབ་ཕྱོགས་དང་པོའི་སྨན་དོན་མི་སྣ་དང་། གལ་ཆེའི་ལས་གནས་ཀྱི་ལས་དོན་པ།དེ་བཞིན་ཁྱིམ་དུ་སྡོད་རྒྱུ་མཐའ་འཁྱོངས་བྱེད་མཁན་ཚང་མ་བཅས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དབྱིན་ཇིའི་དམངས་ཚོགས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་རིམས་ནད་འགོག་བཅོས་ལ་གྲུབ་འབྲས་ཐོབ་རྒྱུའི་རེ་བ་ཡོད་ཅེས་བཤད། འདི་ནི་ཐེངས་ལྔ་བའི་ཡེ་ཤུའི་འཁྲུངས་སྐར་གྱི་རྒྱལ་ཡོངས་ཀྱི་གཏམ་བཤད་ཅིག་རེད།

2021ལོའི་ཟླ9ཚེས29ཉིན། པ་ཏུའོ་སིའི་གྲོས་ཚོགས་ཐོག་འདེམས་ཤོག་ཆ་ཚང་ཐོབ་ནས་བཅའ་ཁྲིམས་ལ་བཟོ་བཅོས་བརྒྱབ་སྟེ་རྒྱལ་ཁབ་དེ་དང་དབྱིན་ཇིའི་རྒྱལ་པོ་ཚང་དབར་གྱི་འབྲེལ་བ་རྦད་དེ་མཇུག་འགྲིལ་ནས་དབྱིན་ཇིའི་རྒྱལ་མོ་དབྱི་ལི་ཧྲ་པའེ་ནི་རྒྱལ་ཁབ་དེའི་རྒྱལ་ཁབ་ཀྱི་གཙོ་བདག་ཡིན་པ་ཁས་མི་ལེན་པ་མ་ཟད། སྤྱི་མཐུན་རྒྱལ་ཁབ་ལ་བསྒྱུར་བཅོས་བྱས་སོ།།

མི་ཚེའི་བརྒྱུད་རིམ་ཡིད་ཀྱི་འཁྲི་ཤིང་།

༡ བྱིས་དུས་ཀྱི་འཚོ་བ།

    དབྱི་ལི་ཧྲ་པའེ་ནི1926ལོའི་ཟླ4ཚེས21ཉིན་ལུན་ཏོན་ནུབ་ཁུལ་པུའུ་ལུའུ་ཏུན་ཁྲོམ་གཞུང་གི་ཨང17པ་སྟེ་ཁོ་མོའི་སྤོ་བོའི་ཁྱིམ་དུ་འཁྲུངས་ཤིང་། ས་ཆ་དེ་ད་ལྟ་ནི་ཟ་ཁང་རྩེ་གྲས་ཞིག་རེད། ཁོ་མོའི་ཨ་མ་དབྱི་ལི་ཧྲ་པའེ·པའོ་སི་ལའེ་ཨང་ནི་སུའུ་ཀེ་ལན་གྱི་སྒོ་བསྟན་རིགས་གྲགས་ཅན་ཞིག་རེད། ཨ་ཕ་ཨར་པོ་ཐེ་ནི་སྐབས་དེར་དབྱིན་ཇིའི་རྒྱལ་པོ་ཆའོ་ཀྲི་སྐུ་ཕྲེང་ལྔ་པའི་བུ་གཞོན་པར་བསྐོས། ཁྱིམ་ཚང་གི་གྱི་བུ་མོ་ཆེ་བ་ཡིན་པའི་རྐྱེན་གྱིས་དབྱི་ལི་ཧྲ་པའེ་ལོ་དྲུག་ལ་སླེབས་པ་ནས་བཟུང་སྲོལ་རྒྱུན་གྱི་ཕ་ཡུལ་སྐྱོང་བའི་ཐབས་ལམ་ཐོག་གི་སློབ་གསོ་ནན་པོ་དང་ལེན་བྱས་པ་མ་ཟད། ལོ་རྒྱུས་དང་། སྐད་ཡིག རོལ་དབྱངས་བཅས་ཀྱི་ཐད་ལའང་ཡོན་ཚད་ཆེན་པོ་ལྡན་ཡོད། ཁོ་མོས་ཧྥ་རན་སེའི་སྐད་དང་། འཇར་མན་གྱི་སྐད། ནུབ་ཕྱོགས་སྐད་བཅས་ཆུ་རྒྱུག་རྒྱུག་རྒྱུག་ཤོད་ཐུབ་ཀྱི་ཡོད་པས་དེ་སྔ་སློབ་ཆེན་བཞིས་སྤྲད་པའི་རོལ་དབྱངས་དང་ཁྲིམས་རིག་པའི་འབུམ་རམས་པའི་སློབ་གནས་ཐོབ། ཁོ་མོ་ནི་བརྟན་ཞིང་བརླིང་བ་དང་། གཤིས་ཀ་འཇམ་ལ་རང་གི་ལྟ་ཚུལ་ཡང་ཡོད་པས་ལོ་ན་ཆུང་དུས་སུ་ཕ་མེས་ཆའོ་ཀྲི་སྐུ་ཕྲེང་ལྔ་པ་དང་ཕ་མ་གཉིས་ཀས་དགའ་བོ་བྱེད་ཀྱི་ཡོད།

བྱིས་པའི་དུས་སུ་དབྱི་ལི་ཧྲ་པའེ་ཡིས་ཕ་མ་དང་མཉམ་དུ་ཞི་འཇམ་དང་གཟུགས་མེད་ཀྱི་འཚོ་བ་རོལ་བ་དང་། ཁོ་མོ་དང་གཅུང་མོ་མ་ཀེ་ལི་ཐེ་ཀོང་ཇོགཉིས་ནི་ཆེད་མངགས་སྒེར་གྱི་དགེ་རྒན་བྱས་ཤིང་སློབ་ཚན་ཟུར་ཁྲིད་བྱས་པས་འཚོ་བར་སེམས་ཁྲལ་གང་ཡང་མེད། སྐབས་དེར། ཁོ་མོ་ཐ་ན་ཁོ་མོའི་ཕ་མ་ཡང་འདུས། ཡོ་ཁི་བཟའ་ཟླ་གཉིས་ཀྱིས་རྒྱལ་བོའི་གོ་གནས་བཟུང་མ་མྱོང་།འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་ལྷིང་འཇགས་ཀྱི་འཚོ་བ་དེ་རིགས་གཏོར་ནས་ཁོང་ཚོའི་འཚོ་བའི་འགྲོ་ལམ་འགྱུར་ལྡོག་བྱུང་ཡོད། 1936ལོར་དབྱི་ལི་ཧྲ་པའེ་ཡི་ཨ་ཁུ་ཨའེ་ཏེ་ཧྭ་སྐུ་ཕྲེང་བརྒྱད་པས་ཁྱིམ་ཚང་་ཐེངས་གཉིས་ལ་ཁ་བྲལ་བའི་ཞིན་ཕུའུ་སེན་གྱི་ལྕམ་དང་གཉེན་སྒྲིག་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པས་གནས་སྤར་མི་བྱེད་ཀ་མེད་བྱུང་། ཁོ་མོའི་ཨ་ཕ་ཨར་པོ་ཐི་ཡིས་རྒྱལ་བོ་རྒྱུད་འཛིན་བྱས་པ་དང་། ཆའོ་ཀྲི་སྐུ་ཕྲེང་དྲུག་པ་ཡང་ཟེར། དབྱི་ལི་ཧྲ་པའེ་ཡང་འཕྲལ་མར་རྒྱལ་པོའི་གོ་གནས་ཀྱི་ཤུལ་འཛིན་མཁན་དུ་གྱུར་སོང་།

༢ འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་བརྒྱུད་མྱོང་།

    འཛམ་གླིང་འཁྲུག་ཆེན་ཐེངས་་གཉིས་པའི་རིང་ཡོ་རོབ་ཧྲིལ་པོར་འཇར་མན་གྱི་འབར་མདེལ་གང་བྱུང་དུ་གཏོར་བ་དང་དབྱིན་ཇིའི་ལུན་གླིང་ཕྲན་གསུམ་ཡོད་པའི་ནང་རྒྱལ་པོ་བཞུགས་སའི་པའེ་ཅིན་ཕོ་བྲང་ཡང་ཐར་མ་ཐུབ་པ་རེད། ལོ8ལ་སོན་པའི་དབྱི་ལི་ཧྲ་པའེ་དང་གཅུང་མོ་མ་ཀེ་ལི་ཐེ་ཚང་མ་སུའུ་ཀེ་ལན་གྱི་པར་མོ་ལེར་ཉེན་གཡོལ་བྱེད་པར་སླེབས་ཤིང་། དབྱིན་ཇིའི་སྲིད་གཞུང་གིས་རྒྱལ་པོ་ཚང་གི་བདེ་འཇགས་ཐད་ནས་བསམ་གཞིགས་བྱས་ཏེ་རྒྱལ་མོ་དབྱི་ལི་ཧྲ་པའེ་དང་མ་ཀེ་ལི་ཐེ་གཉིས་ཁ་ན་ཏར་གནས་སྤོ་བྱས་ནས་བསམ་ཡུལ་ལས་འདས་པའི་གནས་ཚུལ་མི་ཐོན་པ་བྱེད་རྒྱུའི་གྲོས་འགོ་བཏོན་པ་རེད། དབྱི་ལི་ཧྲ་པའེ་ཡིས་བརྟན་པོའི་ངང“ང་དབྱིན་ཇི་དང་ཁ་བྲལ་གྱི་མེད། ངའི་བུ་མོ་དབྱིན་ཇི་ནས་ཁ་བྲལ་གྱི་མེད། རྒྱལ་པོ་དབྱིན་ཇི་དང་ཁ་མི་འབྲལ་བར་རང་ཉིད་དབྱིན་ཇི་ནས་ཁ་བྲལ་གྱི་མེད། རྒྱལ་པོ་ནི་ཇི་སྲིད་བར་དུ་དབྱིན་ཇི་དང་འབྲལ་མི་སྲིད། ”  1940ལོར་དམག་འཁྲུག་གིས་རྐྱེན་པས་གནས་གྱར་བྱིས་པ་གྲངས་ལས་འདས་པར་སེམས་གསོ་གཏོང་ཆེད། དབྱི་ལི་ཧྲ་པའེ་ཡིས་རླུང་འཕྲིན་ལས་ཁུངས་བརྒྱུད་ནས་ཡོངས་བསྒྲགས་གཏམ་བཤད་ཐེངས་དང་པོ་སྤེལ་སྐབས།“ང་ཚོས་དཔའ་ངར་ཆེ་བའི་མཚོ་དམག་གི་གྲུ་བ་དང་།སྐམ་དམག་གི་དམག་མི། གནམ་གྲུ་གཏོང་མཁན་བཅས་ལ་རོགས་རམ་ཧུར་ཐག་བྱེད་བཞིན་ཡོད་ལ། ང་ཚོས་ཀྱང་ཁྱེད་ཚོ་དང་མཉམ་དུ་དམག་འཁྲུག་ལས་བྱུང་བའི་ཉེན་ཁ་དང་སྡུག་བསྔལ་མཉམ་འཁུར་བྱེད་བཞིན་ཡོད། ང་ཚོས་ཤེས་གསལ་ལྟར་ན་མཇུག་མཐར་ཐམས་ཅད་ལེགས་པོར་འགྱུར་ངེས་ཡིན། ” 1945ལོར་དབྱི་ལི་ཧྲ་པའེ་ཡིས་ཁོང་གི་པཱ་ལགས་ལ་གོ་གནས་བློ་འགུག་གནང་ནས་ཁོང་དམག་འཁྲུག་ལ་རྒྱལ་ཁ་ལེན་རོགས་བྱེད་པའི་ནང་ཐད་ཀར་ཞུགས་ཆོག་ཅེས་གསུངས་པ་རེད། ཁོང་ནི་དམག་འཁྲུག་ལ་རོགས་སྐྱོར་བྱེད་མཁན་བུད་མེད་ཚོགས་པ་ཞིག་ལ་ཞུགས་ཤིང་། དེར་ཁོང་གི་ཨང་རྟགས་ནི་དབྱི་ཧྲ་པའེ་ལེ་ཧྲ་པའེ་·ཝུན་ཧྲ་ཁྲི་ཐོག་གཉིས་པའི་ཀྲུང་ཝེ་ཡིན་པ་དང་། འདི་ནི་ཁོ་མོས་ཐེངས་དང་པོར་བྱིས་པ་གཞན་དང་མཉམ་དུ་སྦྱོང་བརྡར་བྱས་པ་ཡིན། གོ་ཐོས་ལྟར་ན་ཁོ་མོ་རང་ཉིད་ཀྱང་ཐེངས་འདིའི་ཉམས་མྱོང་ལ་ཤིན་ཏུ་དགའ་ཟེར། རྒྱུ་མཚན་ནི་ཐེངས་འདིའི་ཉམས་མྱོང་གི་དབང་གིས་ཁོ་མོའི་ཕྲུ་གུ་སློབ་གྲྭར་བསྐྱལ་བ་ལས་ཁོ་ཚོ་ཁྱིམ་དུ་སློབ་སྦྱོང་བྱེད་དུ་བཅུག་པ་མིན། 1947ལོར་དབྱི་ལི་ཧྲ་པའེ་ཕྱི་ཕྱོགས་སུ་འཚམས་འདྲི་ཐེངས་དང་པོ་གནང་བ་དང་། ཁོ་མོ་ཕ་མ་དང་མཉམ་དུ་ལྷོ་ཨ་ཧྥེ་རི་ཁར་ཐོན།ཁོང་གི་ལོ21ལ་སླེབས་པའི་འཁྲུངས་སྐར་ཉིན་མོར་ཁོང་གིས་དབྱིན་ཇིའི་རྒྱལ་ཕྲན་མཉམ་འབྲེལ་དང་བཙན་རྒྱལ་ལ་རླུང་འཕྲིན་བཏང་ནས་ཚེ་གང་དབྱིན་ཇིའི་རྒྱལ་ཕྲན་མཉམ་འབྲེལ་དང་བཙན་རྒྱལ་མི་དམངས་ལ་ཞབས་འདེགས་ཞུ་བའི་ཁྲོད་ཞུགས་རྒྱུའི་དམ་བཅའ་བཞག་པ་རེད།

༣ གཉེན་སྒྲིག་ཆེན་མོའི་གསེར་ཁྲིར་གསོལ་བ།

    1939ལོར་དབྱི་ལི་ཧྲ་པའེ་ཡིས་མཚོ་དམག་སློབ་གྲྭར་དཔེ་ཆ་འདོན་བཞིན་པའི་རྒྱལ་སྲས་ཧྥེ་ལི་ཕུའུ་ (The Prince Philip, Duke of Edinburgh,1921ལོའི་ཟླ6ཚེས10ཉིན་སྐྱེས།-2021ལོའི་ཟླ4ཚེས9ཉིན་སྐུ་འདས་སོང་།) འཕྲད་བྱུང་། སྐབས་དེར་དབྱི་ལི་ཧྲ་པའེ་ལོ13ལ་སླེབས་པ་དང་།ཧྥེ་ལི་ཕུའུ་ལོ18ལ་སླེབས་ཡོད། ཕྱོགས་གཉིས་ཀ་ནི་ཐག་རིང་གི་གཉེན་ཉེ་ཡིན་པ་དང་ཁོ་ཚོའི་རྨོ་བོ་ཚང་མ་ཝུའེ་ཏུའོ་ལི་ཡའི་རྒྱལ་མོ་རེད། དེ་རྗེས་ཁོང་གཉིས་པོས་སྣག་སྨྱུག་ཐོག་ནས་བརྩེ་སེམས་མཚམས་མི་ཆད་པར་འཕེལ་ཞིང་། 1947ལོར་ཧྥེ་ལི་ཕུའུ་ཡིས་རྒྱལ་རྒྱུད་རྒྱུན་འཛིན་བྱེད་དབང་དོར་བ་དང་། རྒྱལ་ཁོངས་དང་ཆོས་ལུགས་དད་མོས་ལ་འགྱུར་ལྡོག་བཏང་བ་མ་ཟད།ལོ་དེའི་ཟླ11ཚེས20ཉིན་དབྱི་ལི་ཧྲ་པའེ་དང་ཁྱོ་ཤུག་ཏུ་གྱུར་ཡོད། གཉེན་སྒྲིག་བྱས་རྗེས་བཟའ་ཟླ་གཉིས་ལུན་ཏོན་གྱི་ཁེ་ལའེ་ལུན་སིའི་ཕོ་བྲང་དུ་སྡོད་ཀྱིན་ཡོད།

1951ལོ་ནས་བཟུང་ཆའོ་ཀྲི་སྐུ་ཕྲེང་དྲུག་པའི་གཟུགས་གཞི་ཇེ་ཉན་དུ་སོང་བ་དང་དབྱི་ལི་ཧྲ་པའེ་ཡིས་ཨ་ཕའི་ཚབ་བྱས་ཏེ་མི་མང་འཛོམས་སར་ཞུགས་པ་རེད།ལོ་དེར་ཁོང་གིས་ཀེ་རི་སེ་དང་།དབྱི་ཐ་ལི། མར་ཐ་བཅས་ལ་འཚམས་འདྲི་བྱས།(སྐབས་དེར་ཧྥེ་ལི་ཕུའུ་དང་མཉམ་དུ་དེ་གར་བཅའ་སྡོད་བྱས་ཡོད།) ཟླ10བར་ཁོ་མོས་སླར་ཡང་ཁ་ན་ཏ་དང་ཧྭ་ཧྲིན་ཏུང་ལ་འཚམས་འདྲི་བྱས།

1952ལོའི་ཟླ1པོར་དབྱི་ལི་ཧྲ་པའེ་དང་ཧྥེ་ལི་ཕུའུ་ཡིས་སླར་ཡང་ཨོ་སི་ཁྲུ་ལི་ཡ་དང་ནེའུ་ཙི་ལན་དུ་འཚམས་འདྲི་གནང་བ་རེད། ཟླ2ཚེས6ཉིན་དབྱི་ལི་ཧྲ་པའེ་ཁེན་ནས་ཕ་དབྱིན་ཝང་ཆའོ་ཀྲི་སྐུ་ཐོག་དྲུག་པ་གྲོངས་པའི་གཏམ་ངན་དེ་རིགས་དང་དེ་བཞིན་རང་ཉིད་ཁྲིར་མངའ་གསོལ་ཞུ་བའི་གཏམ་བཟང་འབྱོར་བ་རེད། ཁོ་མོས་གོ་གནས་འཛིན་པའི་དུས་དེར་ཁོ་མོ་ནི་སྡོང་མགོའི་མགྲོན་ཁང་ཞིག་ཏུ་ཡོད་ལ།དེའི་བརྒྱུད་རིམ་དེར་ས་གནས་དེ་གའི་མི་དམས་ཀྱིས་ཁོ་མོའི་མིང་ལ“ཤིང་སྡོང་ལ་ཀོང་ཇོ་ཟེར་ཞིང་འོག་ཏུ་ཤིང་སྡོང་ནི་རྒྱལ་མོ་ཡིན་ཞེས་བརྗོད་བཞིན་གདའ། དབྱི་ལི་ཧྲ་པའེ་ཁྲིར་གསོལ་བའི་མཛད་སྒོ་དེ1953ལོའི་ཟླ6ཚེས2ཉིན་ཝེ་སི་མེ་སི་ཐེ་ཆོས་ཁང་དུ་འཚོགས་པ་རེད།

༤ རྒྱལ་མོའི་འགན་ཁུར་བཞེས་པ།

    ཁྲིར་མངའ་གསོལ་བའི་རྗེས་ནས་དབྱི་ལི་ཧྲ་པའེ་དང་ཁྱོ་ག་ཧྥེ་ལི་ཕུའུ་ཆིན་གཉིས་ནི་ལོན་ཏོན་གྲོང་ཁྱེར་ལྟེ་གནས་ཀྱི་པའེ་ཅིན་ཧན་ཕོ་བྲང་དུ་སྤོས། འོན་ཀྱང་སྔོན་ཆད་ཀྱི་རྒྱལ་བོ་དང་འདྲ་བར་དབྱི་ལི་ཧྲ་པའེ་ནི་པའེ་ཅིན་ཧན་ཕོ་བྲང་དུ་འཚོ་སྡོད་བྱེད་པར་མི་དགའ། ཁོ་མོའི་ངོས་ནས་བརྗོད་ན། ལོན་ཏོན་ནུབ་རྒྱུད་ཀྱི་ཝུན་ཧྲ་གྲོང་མཁར་ནི་ཁོ་མོའི་ཁྱིམ་རེད། རྒྱལ་མོ་དབྱི་ལི་ཧྲ་པའེ་ནི་དབྱིན་ཇིའི་ལོ་རྒྱུས་སྟེང་ཕྱི་ལ་བཅར་འདྲི་བྱས་པ་ཆེས་མང་བའི་རྒྱལ་པོ་ཞིག་ཡིན་ལ། 1954ལོའི་བར་རྒྱལ་མོ་དབྱི་ལི་ཧྲ་པའེ་དང་ཧྥེ་ལི་ཕུའུ་ཡིས་ལོ་ཕྱེད་ནང་འཛམ་གླིང་ལ་ཡུལ་སྐོར་བྱས་པ་དང་། ཁོ་མོ་ནི་ཨོ་སི་ཁྲུ་ལི་ཡ་དང་། ནེའུ་ཙི་ལན། ཧྥི་ཅི་བཅས་ལ་འཚམས་འདྲི་བྱེད་མཁན་གྱི་གནས་ཐོག་རྒྱལ་པོ་དང་པོ་དེར་གྱུར་པ་རེད། 1957ལོའི་ཟླ10པར་རྒྱལ་མོ་དབྱི་ལི་ཧྲ་པའེ་ཡིས་ཨ་རིར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པ་དང་། 1959ལོར་ཡང་བསྐྱར་ཁ་ན་ཏར་འཚམས་འདྲིར་ཕེབས་པ་རེད། 1961ལོར་ཁོ་མོས་ཐེངས་དང་པོར་རྒྱ་གར་དང་ཕ་ཁི་སི་ཐན་ལ་འཚམས་འདྲི་བྱས་ཤིང་། ཁོ་མོས་ཡོ་རོབ་ཀྱི་རྒྱལ་ཁབ་མང་ཆེ་བ་དང་ཡོ་རོབ་ཕུད་པའི་ས་ཁུལ་གཞན་དག་མང་པོར་འཚམས་འདྲི་གནང་བ་དང་འབྲེལ་དབྱིན་ཇིའི་རྒྱལ་ཕྲན་མཉམ་འབྲེལ་གྱི་འགོ་གཙོའི་ཚོགས་འདུར་རྟག་ཏུ་ཞུགས་བཞིན་ཡོད།

དབྱི་ལི་ཧྲ་པའེ་ཡིས་གོ་རྒྱུན་འཛིན་པའི་དུས་འགོར་མི་མང་པོ་ཞིག་གིས་“དབྱི་ལི་ཧྲ་པའེ་ཡི་དུས་སྐབས་གསར་པ”འཆར་གྲབས་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།ཡིན་ནའང་དོན་དངོས་སུ་ཁོ་མོས་ངེས་པར་དུ་དབྱིན་ཇི་ནི་ཁ་ཐོར་ཡ་བྲལ་དུ་གྱུར་པའི་ནུབ་ཁའི་ཉི་མའི་བཙན་རྒྱལ་དང་། རིམ་བཞིན་ཉམས་རྒུད་དུ་སོང་བའི་དམག་དོན། དཔལ་འབྱོར་གྱི་བཙན་དབང་། རིམ་གྱིས་ཐོར་ཞིག་ཏུ་འགྲོ་བའི་ཁྲོད་ཀྱི་དབྱིན་ཇིའི་རྒྱལ་ཕྲན་མཉམ་འབྲེལ་ཐར་ཐོར་དུ་གནས་ཡོད་མོད། ཁོ་མོས་རྒྱུན་ཆད་མེད་པར་འབད་བརྩོན་བྱས་ནས་སྔོན་གྱི་མི་སེར་སྤེལ་ཡུལ་དང་དབྱིན་ཇིའི་བར་གྱི་དམིགས་བསལ་གྱི་འབྲེལ་བ་རྒྱུན་འཁྱོངས་བྱེད་རྩིས་བྱས་ལ། སྐབས་ལ་ལར་(དཔེར་ན་ཨ་ཧྥེ་རི་ཁ་ལྷོ་མ་ལྟ་བུ)ཁོ་མོས་འབྲེལ་བ་འདི་རིགས་སྲུང་འཛིན་བྱེད་པར་བྱས་རྗེས་ཆེན་པོ་བཞག་ཡོད།

དབྱི་ལི་ཧྲ་པའེ་ནི་ཆོས་ལུགས་དང་། ཀུན་སྤྱོད་ཀྱི་ཚད་གཞི། ཁྱིམ་ཚང་གི་ལས་དོན་བཅས་ཀྱི་ཐད་བག་འཁུམ་ཧ་ཅང་ཆེན་པོ་ཡོད། ཁོ་མོས་ཆོས་ལུགས་ཀྱི་འགན་འཁྲི་ལ་གཟབ་ནན་བྱེད་ཀྱིན་ཡོད་པ་མ་ཟད། ཁོ་མོའི་དམ་བཅའ་དེར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། འདི་ཡང་ཁོ་མོ་གོ་གནས་ནས་ཕྱིར་འཐེན་བྱེད་མི་ཐུབ་པའི་རྒྱུ་རྐྱེན་གཅིག་ཡིན། ཁོ་མོ་ཨ་མ་དང་འདྲ་བར་རྒྱལ་མོ་དབྱི་ལི་ཧྲ་པའེ་ལགས་སྐུ་ཕྲེང་བརྒྱད་པས་ཨའེ་ཏེ་ཧྭ་ཡི་གོ་གནས་ནས་ཕྱིར་འཐེན་པར་བཟོད་སྒོམ་གཏན་ནས་གནང་མེད། གང་ལགས་ཤེ་ན། ཁོ་མོས་བལྟས་ན་ཁོ་མོ་རང་ཉིད་ཀྱི་འགན་འཁྲི་དོར་བ་མ་ཟད། རང་གི་ཕའི་འགན་འཁྲི་དེ་འཁུར་དུ་བཅུག་ཅིང་། འགན་འཁྲི་དེ་ནི་དེའི་ཕའི་གཉེན་ཉེར་གྱི་ཚེ་ཚད་ཐུང་དུ་གཏོང་བའི་ཉེས་ཅན་གཏེ་བོ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པས་རེད།ཁོ་མོས་རང་གི་དབང་གྲགས་ལ་བརྟེན་ནས་མོའི་སྲིང་མོ་མ་ཀེ་ལི་ཐེ་ཀོང་ཇོ་གཉེན་སྒྲིག་བྱས་མྱོང་བའི་སྐྱེས་པ་ཞིག་དང་གཉེན་སྒྲིག་བྱེད་པར་བཀག་འགོག་བྱས། འོན་ཀྱང་ལོ་མང་པོའི་རིང་ལ་ཁོ་མོས་ཀྱང་རང་གི་བུ་ཁྲར་ཨེར་སི་(Charles Philip Arthur George Mountbatten-Windsor King Charles III)དང་མཛའ་གྲོགས་ཁ་མི་ལ་ཕ་ཁི་པོ་ལེ་སི་གཉིས་ཀྱི་འབྲེལ་བ་ཡང་ཁས་མི་བླངས་པ་རེད།

ཆབ་སྲིད་སྟེང་ནས་ཁོ་མོའི་ལངས་ཕྱོགས་ཅུང་རབ་རིབ་ཅིག་ཡིན་ཞིང་། ཁོ་མོས་མི་མང་ཚོགས་སར་ཁོ་མོའི་ཆབ་སྲིད་ཀྱི་ལྟ་ཚུལ་བཤད་མ་མྱོང་ནའང་། ཁོ་མོས་སྲིད་ཏང་ཡོངས་ཀྱི་ཆབ་སྲིད་མི་སྣ་མང་པོ་དང་མཛའ་མཐུན་གྱི་འབྲེལ་བ་རྒྱུན་འཁྱོངས་བྱེད་བཞིན་ཡོད། སྤྱིར་བཏང་དུ་ཁོ་མོའི་དགའ་ཤོས་བྱེད་པའི་དབུ་བཞུགས་བློན་ཆེན་ཝུན་སི་ཏུན·ཆིའུ་ཅིར་ (Winston Leonard Spencer Churchill,1874ལོའི་ཟླ11ཚེས30ཉིན་སྐྱེས།-1965ལོའི་ཟླ1ཚེས24ཉིན་སྐུ་འདས།)དང་།      ཧ་ལོ་ཏེ·མའེ་ཁེ་སྨི་ལུན།(Harold Macmillan,1894ལོའི་ཟླ2ཚེས10ཉིན་སྐྱེས།——1986ལོའི་ཟླ12ཚེས29ཉིན་སྐུ་འདས།)    ཧ་རོ་ཏེར་ཝེ་ཤུན་ (James Harold Wilson, Baron Wilson of Rievaulx,1916ལོའི་ཟླ3ཚེས11ཉིན་སྐྱེས།—1995ལོའི་ཟླ5ཚེས24ཉིན་སྐུ་འདས།) བཅས་ཀྱི་ལྟ་ཚུལ་ངོས་འཛིན་བྱེད་ཀྱི་ཡོད་ལ། ཁོ་མོ་ཆེས་མི་དགའ་བའི་དབུ་བཞུགས་བློན་ཆེན་ནི་མ་ཀེ་ལི་ཐེ་·ས་ཆེར་ (Margaret Hilda Thatcher,1925ལོའི་ཟླ10ཚེས13ཉིན་སྐྱེས།—2013ལོའི་ཟླ4ཚེས8ཉིན་སྐུ་འདས།) རེད། ཁོ་མོ་དང་དབུ་བཞུགས་བློན་ཆེན་ཟུར་པ་གཉིས་ནི་ཁོ་མོས་རྒྱལ་རྒྱུད་འཛིན་མཁན་གྱི་ལོ་དང་པོར་སྐྱེས་པའི་དབུ་བཞུགས་བློན་ཆེན་ཐུའོ་ཉི་·པུ་ལེར་(Anthony Charles Lynton Blair,1953ལོའི་ཟླ5ཚེས6ཉིན་སྐྱེས།) གྱི་འབྲེལ་བ་ནི་ཧ་ཅང་ཡག་པོ་ཞིབ་ཡིན།

རྒྱལ་མོས་དབྱིན་ཇིའི་གཅིག་གྱུར་ལ་ཤུགས་རྐྱེན་ཐེབས་སྲིད་པའི་གྲོས་གཞི་དེ་དག་གི་སྟེང་ནས་མོའི་ལངས་ཕྱོགས་ཁྱབ་བསྒྲགས་བྱས། ཁོ་མོས་དེ་སྔ་དབྱིན་ཀེ་ལན་(England)དང་སུའུ་ཀེ་ལན་(Scotland)གཉིས་མུ་མཐུད་དུ་གཅིག་གྱུར་རྒྱུན་འཁྱོངས་ཐུབ་རྒྱུར་རྒྱབ་སྐྱོར་བྱས་པར་བརྟེན་སུའུ་ཀེ་ལན་གྱི་མི་རིགས་རིང་ལུགས་པ་ཁ་ཤས་ཁོང་ཁྲོ་བསླངས་ཡོད། ཁོ་མོས་ཨེར་ལན་བྱང་མའི་(Northern Ireland)《པེའར་ཧྥ་སི་ཐེའི་གྲོས་མཐུན་》(Good Friday Agreement)ལ་བསྟོད་བསྔགས་བྱས་པར་ཡང་རྒྱལ་ཕྲན་མཉམ་འབྲེལ་རིང་ལུགས་པ་མང་པོས་ངོ་རྒོལ་བྱས་པ་རེད།

རྒྱལ་པོ་ཚང་གི་ཁོངས་མི་གཞན་དག་ལ་རྟག་ཏུ་རྩོད་གཞི་མང་པོ་བྱུང་བ་དང་། ལྷག་པར་དུ་རྒྱལ་མོའི་ཕྲུ་གུ་ཚོ1980ལོར་དང་1990ལོའི་བར་གྱི་གཉེན་སྒྲིག་གི་གནད་དོན་ལ་འཕྲད་མོད།འོན་ཀྱང་དབྱི་ལི་ཧྲ་པའེ་སྐུ་ཕྲེང་གཉིས་པས་རང་ཉིད་ལ་རྩོད་གཞི་ཐོན་པ་ཉུང་བ་ཡོད། སྔོན་ཆད་དང་བསྡུར་ན་ལྷོད་གཡེང་ཅུང་ཟད་བཏང་ཡང་། ཁོ་མོས་མི་མང་ཚོགས་སར་མཚོན་ཚུལ་སྔར་བཞིན་ཧ་ཅང་དངོས་གཞི་རེད། ཁོ་མོས་མི་མང་འདུ་སར་རང་ཉིད་ཀྱི་བརྩེ་དུང་མཚོན་འདོད་མེད་པས་དབྱིན་ཇིའི་མང་ཚོགས་ཀྱིས་ཁོ་མོར་བརྩེ་དུང་ཟབ་མོ་བཅངས་མི་ཐུབ།

དབྱི་ལི་ཧྲ་པའེ་སྐུ་ཐོག་གཉིས་པར་སྔར་ནས་བཟུང་དགའ་བསུ་ཞུ་མྱོང་མེད་པ་དང་མ་མཐར་ཡང་ཝུའེ་ཏུའོ་ལི་ཡ་རྒྱལ་མོ་ཁོང་གི་དབང་སྒྱུར་དུས་སྐབས་སུ་དགའ་བསུ་ཐོབ་མེད་པ་ཡང་ཡོད།ཐེངས་གཅིག་ལ་སྤྱི་དམངས་ཀྱི་བློ་ལ་མ་བབས་པ་ནི་1997ལོར་ཏེ་ཨན་ན·སི་པིན་སའེ་(Diana Spencer .1961ལོའི་ཟླ7ཚེས1ཉིན་སྐྱེས།-1997ལོའི་ཟླ8ཚེས31ཉིན་སྐུ་འདས།)སྐུ་གཤེགས་རྗེས་རྒྱལ་མོ་དང་རྒྱལ་པོ་ཚང་གི་ཁོངས་མི་གཞན་དག་སྤྱི་དམངས་ཀྱིས་མྱ་ངན་ཞུ་བའི་བྱེད་སྒོར་ཞུགས་མེད་པ་དེ་རེད། འདིར་སྤྱིར་བཏང་ཝང་ཝང་ཁང་གི་ཚགས་པར་ཆུང་བས་སྐྱོན་བརྗོད་མང་པོ་བྱས་ཏེ་དབྱིན་ཇི་པས་རྒྱལ་པོ་ཚང་ལ་སྤྲོ་སེམས་མེད་པ་དང་ངོ་སོ་མེད་པའི་ངོས་འཛིན་བྱེད་དུ་བཅུག་པ་རེད།

མི་མང་བོ་ཞིག་གིས་དབྱི་ལི་ཧྲ་པའེ་སྐུ་ཕྲེང་གཉིས་པས་ཏེ་ཨན་ན་ལ་དགའ་པོ་དེ་ཙམ་མེད་པ་དང་ཁོ་མོས་གོང་མ་ཚང་ལ་གཏོར་བཤིག་བཏང་བའི་ངོས་འཛིན་བྱེད་ཀྱི་ཡོད། མཇུག་ཏུ་སྤྱི་དམངས་ཀྱི་གནོན་ཤུགས་ཆེ་བའི་དབང་གིས་གོང་མ་ཚང་གི་ཁོངས་མི་ཡོངས་ཀྱིས་རྒྱལ་མོའི་པུར་སྒམ་གསེར་གྱི་ཕོ་བྲང་བརྒྱུད་སྐབས་གུས་འདུད་མི་ཞུ་ཀ་མེད་བྱུང་བ་རེད། རྒྱལ་མོས་ཀྱང་མཐོང་དཀོན་པའི་བརྙན་འཕྲིན་གྱི་ཐད་གཏོང་གི་རྣམ་པའི་ཐོག་ནས་ཏེ་ཨན་ན་འདས་པར་མྱ་ངན་ཞུས། དབྱི་ལི་ཧྲ་པའེ་སྐུ་ཕྲེང་གཉིས་པའི་འགྱུར་ལྡོག་འདི་ནི་ཐོ་ཉི་·པུ་ལེར་འཁྱམ་བཤད་བྱས་པའི་འབྲས་བུ་ཡིན་སྲིད།

༥ རྟེན་འབྲེལ་གྱི་མཛད་སྒོ་ཆེན་མོ།

   1997ལོའི་རྗེས་སུ་དབྱི་ལི་ཧྲ་པའེ་སྐུ་ཕྲེང་གཉིས་པར་དེ་སྔ་མི་རྣམས་ཀྱིས་བརྩི་བཀུར་བྱེད་པའི་རྒྱལ་ཁབ་ཀྱི་གཙོ་བདག་གི་གཟུགས་བརྙན་བསྐྱར་དུ་ཐོབ་པ་རེད། 2002ལོར་རྒྱལ་ཡོངས་ཀྱིས་ཁོ་མོར་དབུ་བརྙེས་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོ་ཆེན་མོ་འཚོགས་ཤིང་། སྐབས་དེ་དུས་ཁོ་མོ་ནི་དབྱིན་ཇི་ཡོངས་སུ་སྐོར་སྐྱོད་བྱས་ནས་དབྱིན་ཇིའི་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་མང་པོར་རྒྱལ་དོན་འཚམས་འདྲི་གནང་བ་མ་ཟད། ད་དུང་ཁྲོམ་སྐོར་བྱེད་སྒོ་དང་རོལ་དབྱངས་འདུ་ཚོགས་མང་པོར་ཞུགས་པ་རེད། ཟླ6པར་མི་སྟོང་ཕྲག་ཁ་ཤས་ཕོ་བྲང་དཀར་པོའི་ཕྱི་རོལ་དུ“རྒྱལ་པོའི་ཕོ་བྲང”ཞེས་པའི་བྱེད་སྒོར་ཞུགས་པ་དང་དབྱིན་ཇིའི་ས་ཆ་ཁག་གི་རོལ་དབྱངས་མཁས་ཅན་མང་པོ་དེ་གར་འཛོམས་ནས་འཁྲབ་སྟོན་བྱེད་ཀྱི་ཡོད།རྟེན་འབྲེལ་བྱེད་སྒོ་སྤེལ་བའི་སྐབས་རྒྱལ་པོའི་རྒྱལ་ཡུམ་སྟབས་མ་ལེགས་པར་ཚེ་ལས་འདས།

ཨ་མ་དང་སྲིང་མོ་འདས་རྗེས་ཁོ་མོ་དང་ཕྲུ་གུའི་བར་གྱི་འབྲེལ་བ་ཇེ་ཉེར་སོང་ལ། ཁོ་མོ་དང་མནའ་མ་ལྕམ་ཝེ་སེ་ཁི་སི་པོ་རིམ་གྱི་འབྲེལ་བ་ཧ་ཅང་འགྲིག་མཐུན་དུ་གྱུར་པ་ཡིན།འོན་ཀྱང་ཁོ་མོ་བུ་ཁྲ་ཨར་སི་རྒྱལ་སྲས་དང་འཕྲད་པ་ཧ་ཅང་ཉུང་།རྒྱལ་རྒྱུད་འཛིན་མཁན་ཁ་སྨི་ལ·ལུའོ་སི་མ་ལི·ཧྲང་ཏེའི་འབྲེལ་བར་་ཁོ་མོས་རྒྱབ་སྐྱོར་མ་བྱས་ཀྱང་ཁོང་གིས་ཡོངས་བསྒྲགས་ཐེངས་མང་བྱས་ནས་ཁ་སྨི་ལ་དང་ལེན་བྱེད་ཐུབ་པ་བྱུང་། ཕྱོགས་གཞན་ཞིག་ནས་མོ་དང་ཚ་བོ་ཚ་མོའི་བར་གྱི་འབྲེལ་བ་ཧ་ཅང་ཟབ། ལྷག་པར་དུ་རྒྱལ་སྲས་ཝེ་ལེན་(William Arthur Philip )དང་དགྲ་ལྷ་ཧྥེ་ལེ་ཕུའུ་སི་(Zara Anne Elizabeth)ལྟ་བུ།

༦ གཟུགས་པོའི་གནད་དོན།

   2003ལོར་ལུས་ཕུང་བདེ་ཐང་གི་རྒྱལ་མོ་ལ་གཤགས་བཅོས་ཐེངས་གསུམ་ལ་བྱས། ཟླ་དང་པོར་ཁོ་མོས་གཡས་ཕྱོགས་ཀྱི་པུས་མོ་བཅག་པའི་རུས་པ་མཉེན་མོ་མིན་པས་ཟླ12པར་པུས་མོ་གཡོན་མར་གཤགས་བཅོས་བྱས་པ་དང་འབྲེལ་གདོང་གི་དབང་པོར་གནོད་སྐྱོན་ཕོག་པའི་ངོ་གདོང་ཡང་གཤགས་བཅོས་ཀྱང་བྱས་པ་རེད། ཕྱི་ཕྱོགས་ཀྱིས་ཚོད་དཔག་བྱས་པ་ལྟར་ན་འདི་ནི་པགས་པའི་འབྲས་སྐྲན་ལས་བྱུང་བ་རེད་ཟེེར་མོད། འོན་ཀྱང་དཀར་གསེར་ཧན་ཕོ་བྲང་གིས་རྒྱལ་མོ་སྟོན་པ་ལ་སྐྱོན་ཆེན་པོ་མེད་ཅེས་བརྗོད།

     ཉེ་དུས་ཀྱི་གཤགས་བཅོས་རབ་དང་རིམ་པ་ལས་མི་རྣམས་ཀྱིས་དབྱི་ལི་ཧྲ་པའེ་རྒྱལ་མོ་ལས་ལ་ཞུགས་པར་སེམས་ཁྲལ་བྱེད་ཀྱི་ཡོད་པས་ངལ་གསོ་མང་ཙམ་རྒྱག་འདོད། རྒྱལ་མོ་དགུང་ལོ་མཐོན་པོར་བསླེབས་མོད། འོན་ཀྱང་ཁོ་མོ་རང་ཉིད་ཀྱིས་མངོན་གསལ་གྱིས་གོ་གནས་ལས་ཕྱིར་བུད་པ་བསྟན། དབྱི་ལི་ཧྲ་པའེ་དང་ཉེ་བའི་མི་མང་པོ་ཞིག་གིས་རྒྱལ་མོ་རང་ཉིད་གནས་ནས་ཕྱིར་འབུད་མི་ཐུབ་ཟེར། འོན་ཀྱང་ཁོ་མོས་ཁོ་མོའི་བུ་ཕྲུག་ལ་རྒྱལ་དོན་གྱི་བྱེད་སྒོ་སྔར་ལས་མང་བ་འཁུར་དུ་འཇུག་པར་འཐད་པ་བྱུང་། ཁོ་མོས་ཕྱི་རྒྱལ་ལ་འཚམས་འདྲི་བྱེད་པའི་ཐེངས་གྲངས་ཀྱང་ཉུང་དུ་བཏང་ཡོད།(སྤྱིར་ན་མོས་ལོ་ལྟར་རྒྱལ་དོན་འཚམས་འདྲི་ཐེངས་གཉིས་དང་དབྱིན་ཇིའི་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཏུ་འཚམས་འདྲི་ཐེངས་གཉིས་བྱེད་ཀྱི་ཡོད)ཡིན་ནའང་ཁོ་མོའི་ཨ་མ་དང་མོས་ལུས་པོ་ཁོ་ན་ཐེག་མི་ཐུབ་ན་ད་གཟོད་ལས་ཀ་མཚམས་འཇོག་རྒྱུ་ཟེར།

༧ སྤྱི་བའི་བྱ་གཞག

    ཉེ་བའི་ལོ་འདི་དག་གི་རིང་ལ་སྤྱི་དམངས་ཀྱིས་དབྱི་ལེ་ཧྲ་པེ་ཡིས་མང་ཚོགས་ཚོགས་ར་ནས་སྔར་ལས་མང་བའི་བསམ་ཚུལ་མངོན་པ་ཤེས། ཁོ་མོས་མང་ཆེ་བའི་སྐབས་སུ་ད་དུང་རྒྱལ་ཅུན་གྱི་བརྗིད་ཉམས་ལྡན་པའི་གཟུགས་བརྙན་རྒྱུན་འཁྱོངས་བྱེད་ཀྱི་ཡོད་མོད། འོན་ཀྱང་ཁོ་མོས་མི་མང་འདུ་འཛོམས་བྱ་ཡུལ་དུ་འཛུམ་དམུལ་དམུལ་བྱས་པ་དང་འབྲེལ“9·11དོན་རྐྱེན”ནང་རྐྱེན་ལམ་དུ་ཤོར་བའི་འདས་པོར་མྱ་ངན་ཞུ་བའི་ཚོགས་འདུའི་ཐོག་མིག་ཆུ་བཏང་བ་རེད།

2007ལོར་དབྱི་ལི་ཧྲ་པའེ་སྐུ་ཐོག་གཉིས་པའི་ཆེད་སྤྱོད་འཕྲིན་ལམ་གྱིས་བརྙན་ཐུང་དྲ་ཚིགསYouTubeཞེས་པ་མཉམ་སྤྱོད་བྱས་པ་དང་རྒྱལ་པོ་ཚང་མང་པོའི་རྩ་ཆེའི་པར་གཞི་བསྟན་པ་ཕུད་དེ་བས་ཐོག་མར་དྲ་ཐོག་ནས་རྒྱལ་མོའི་ཡེ་ཤུའི་འཁྲུངས་སྐར་གྱི་འཕྲིན་ཡིག་བསྟན་ནས་ཁོ་མོ་ལ་བརྙན་འཕྲིན་གྱི་ཡེ་ཤུའི་འཁྲུངས་སྐར་བསྒྲགས་ཡིག་སྤེལ་ནས་ལོ50འཁོར་བར་དྲན་གསོ་ཞུས་པ་རེད།པའེ་ཅིན་ཧན་ཕོ་བྲང་གིས་རྒྱལ་མོ་མཆོག་གིས་ཆུ་བོའི་དུམ་བུ་ཞིག་བཏོད་དེ་དྲ་ཚིགས་སུ་བསྐྱལ་བ་དེ་ནི་གནས་ཚུལ་དེ་མི་དེ་བས་མང་བར་བརྒྱུད་སྤྲོད་བྱས་ནས་ན་གཞོན་མི་རབས་དབར་གྱི་བར་ཐག་ཐུང་དུ་གཏོང་རྒྱུའི་རེ་བ་བྱེད་པ་ཞིག་ཡིན་ཞེས་བཤད་པ་རེད།

༨ གོ་གནས་ནས་ནམ་ཡང་ཕྱིར་འཐེན་མི་བྱེད།

   2008ལོར་དབྱིན་ཇིའི་རྒྱལ་པོ་ཚང་གི་མཐོ་རིམ་གསར་འགྱུར་གྱི་ཡོང་ཁུངས་ཞེས་པར་ལོ82ལ་སླེབས་པའི་རྒྱལ་མོ“གོ་གནས་ནས་ནམ་ཡང་མི་ལོག་རྒྱུའི”ཁས་ལེན་ལ་འགྱུར་ལྡོག་བྱུང་ནས་2013ལོར་རང་ཉིད་ལོ87དུ་སླེབས་སྐབས་དངོས་སུ་གོ་གནས་ཕྱིར་འཐེན་བྱས་ཏེ་ཁྲར་སིར་རྒྱལ་བོའི་གོ་གནས་སྤྲོད་རྒྱུའི་འཆར་གཞི་ཡོད་པ་རེད། རྒྱལ་པོ་ཚང་གི་གནས་ཚུལ་ལྟར་ན།དབྱི་ལི་ཧྲ་པའེ་སྐུ་ཐོག་གཉིས་པས་ཁྲར་སི་ལ་ཁོ་མོས་དབྱིན་ཇིའི་རྒྱལ་བོར་སྔ་སྣུར་དུ་འགྱུར་དུ་འཇུག་རྩིས་ཡོད་ཅེས་བཤད་པ་རེད། འོན་ཀྱང་དབྱི་ལི་ཧྲ་པའེ་སྐུ་ཕྲེང་གཉིས་པ་རང་ཉིད་ཀྱིས་དོན་དེར་ར་སྤྲོད་བྱས་མེད་ལ། ཕྱི་ཕྱོགས་ནས་རྒྱལ་མོ་གོ་གནས་ལས་ཕྱིར་འཐེན་བྱེད་སྲིད་ཅེས་པའི་བཤད་ཚུལ་ལའང་དོགས་པ་ཟ་བཞིན་ཡོད། འོན་ཀྱང་པའེ་ཅིན་ཧན་ཕོ་བྲང་དཀར་པོའི་མགྲིན་ཚབ་པས་དེ་སྔ་དབྱི་ལི་ཧྲ་པའེ་སྐུ་ཐོག་གཉིས་པས་ཁོ་མོ་གནས་ནས་ཕྱིར་འཐེན་མི་སྲིད་ཅེས་བཤད་པ་དང་ཁོ་མོ་རང་གི་ལྟ་བ་དེར་འགྱུར་ལྡོག་བྱུང་མེད་ལ། ཐ་ན་ད་ལྟའི་བར་དབྱི་ལི་ཧྲ་པའེ་སྐུ་ཕྲེང་གཉིས་པའང་ལས་གནས་ནས་ཕྱིར་འཐེན་ཉིན་གཅིག་ལའང་མ་བྱས།

2010ལོར་དབྱི་ལི་ཧྲ་པའེ་སྐུ་ཐོག་གཉིས་པས་གླ་ཕོགས་སྤར་ཏེ་གོང་མ་ཚང་གི་དབྱིན་སྒོར་ཁྲི600ཡི་ནོར་སྲིད་ཀྱི་ཆད་གྲངས་གསབ་དགོས་པའི་རེ་བ་བཏོན་པ་ཡིན། ཤེས་རྟོགས་བྱུང་བར་གཞིགས་ན། དེ་ནི་ཁོ་མོས་ལོ20ཡི་རིང་ཐེངས་དང་པོར་གླ་ཕོགས་སྤར་དགོས་པའི་བླང་བྱ་བཏོན་པ་རེད། 2012ལོའི་ཟླ6ཚེས2ཉིན་དབྱིན་ཇིའི་རྒྱལ་མོ་དབྱི་ལི་ཧྲ་པའེ་སྐུ་ཐོག་གཉིས་པས་རི་འཛེག་བྱས་ནས་ལོ60འཁོར་བའི་དྲན་གསོའི་ཉིན་མོ་བསུས་ནས་དབྱིན་ཇིའི་ལོ་རྒྱུས་ཐོག་གི་ཨང་གཉིས་པ་དེ་ལོ60ལྷག་ཙམ་རིང་གི་རྒྱལ་པོར་གྱུར།

2012ལོའི་ཟླ6ཚེས27ཉིན་དབྱི་ལི་ཧྲ་པའེ་སྐུ་ཐོག་གཉིས་པས་ཨེར་ལན་བྱང་མའི་དུས་སྐབས་སུ་ཨེར་ལན་གོང་མའི་སྤྱི་མཐུན་རྒྱལ་ཁབ་དམག་དཔུང་གི་མཐོ་རིམ་དམག་དཔོན་དང་པེ་ཨའེ་ད་ལྟའི་འགན་འཁུར་བཞིན་པའི་དམག་དཔོན་གཉིས་པ་མ་ཏིང·མའེ་ཅི་ཉི་སི་(James Martin Pacellill McGuinness)དང་ཐུག་འཕྲད་བྱུང་བ་མ་ཟད་ཕྱག་བཏང་ཡང་གནང་བ་རེད། ཨིར་ལན་གྱི་ལན་དང་སྤྱི་མཐུན་དམག་དཔུང་གིས1998ལོར་ཨིར་ལན་བྱང་མའི་ཞི་བའི་གྲོས་མཐུན་ལ་མིང་རྟགས་མ་བཀོད་གོང་ལོ30རིང་གི་དབྱིན་ཇིའི་དབང་སྒྱུར་ལ་ངོ་རྒོལ་བྱེད་པའི་བྱེད་སྒོ་སྤེལ་ཏེ་དབྱིན་ཇིའི་དམག་མི་དང་མི་སེར་སྟོང་ཕྲག་ཙམ་ཤི་བ་དེའི་ནང་རྒྱལ་མོའི་གཉེན་ཉེ་ལུའུ་དབྱི་སི་·མོང་པཱ་ཏུན་ཞུན་ཅུའེ་(Louis Mountbatten,1900ལོའི་ཟླ6ཚེས25ཉིན་སྐྱེས།-1979ལོའི་ཟླ8ཚེས27ཉིན་སྐུ་འདས།)ཚུད་ཡོད་པ་རེད།

༩ ཕྱི་རྒྱལ་དུ་འཚམས་འདྲི་བྱས་པ།

    དབྱི་ལི་ཧྲ་པའེ་སྐུ་ཐོག་གཉིས་པ1986ལོར་ཀྲུང་གོར་འཚམས་འདྲི་ཐེངས་དང་པོ་གནང་བ་དང་ཁོ་མོ་ནི་ཀྲུང་གོར་འཚམས་འདྲི་གནང་མཁན་དབྱིན་ཇིའི་རྒྱལ་པོ་དང་པོ་དེ་རེད།

དབྱི་ལི་ཧྲ་པའེ་སྐུ་ཕྲེང་གཉིས་པ་དབྱིན་ཀེ་ལན་ཆོས་ཚོགས་ཀྱི་ཆེས་མཐོའི་འགོ་ཁྲིད་ཡིན་པ་དང་། ཁོ་མོས་ད་དུང1961ལོར་དབྱིན་ཇིའི་རྒྱལ་པོའི་མིང་ཐོག་ནས་ཧྥན་དུ་གང་(The Vatican City State)ལ་ཐེངས་དང་པོར་འཚམས་འདྲི་བྱས་པ་རེད།

1953ལོ་ནས1992ལོའི་བར་ལ་དབྱི་ལི་ཧྲ་པའེ་སྐུ་ཐོག་གཉིས་པས་འཚམས་འདྲི་གནང་མྱོང་བའི་རྒྱལ་ཁབ་40ལྷག་ཙམ་ཟིན་ཡོད།

དབྱི་ལི་ཧྲ་པའེ་སྐུ་ཐོག་གཉིས་པས1986ལོར་ཨོ་སི་ཁྲུ་ལི་ཡར་(Commonwealth of Australia)འཚམས་འདྲི་བྱེད་སྐབས་ཝེ་ཏའོ་ལི་ཡ་ཐོག་ཁང་ཆེན་མོའི་(Queen Victoria Building)སྐོར་གྱི་གསང་བའི་འཕྲིན་ཡིག་ཅིག་བཞག་ཡོད། འོན་ཀྱང་ཁོ་མོས་ཤིས་ཉི་གྲོང་ཁྱེར་གྱི་འགོ་འཛིན་ལ་འཕྲིན་ཡིག་དེ2085ལོར་གཞི་ནས་ཀུན་ལ་ཡོངས་བསྒྲགས་བྱས་ཆོག་ཅེས་གསུངས།

༡༠ རྒྱལ་སྲིད་ལས་ཁུངས་ལ་ཞུགས་པ།

   2012ལོའི་ཟླ12ཚེས8ཉིན་དུས་རྒྱུན་ཡོངས་བསྒྲགས་ངང་ཆབ་སྲིད་ཀྱི་ལྟ་བ་མི་སྤེལ་བའི་དབྱིན་ཇིའི་རྒྱལ་མོ་དབྱི་ལི་ཧྲ་པའེ་སྐུ་ཐོག་གཉིས་པའི་ནང་བློན་ཚོགས་འདུར་ཞུགས་ཤིང་། ཁོ་མོ་ནི་ལོ་བརྒྱའི་རིང་གི་ཞི་བདེའི་དུས་སྐབས་སུ་སྲིད་གཞུང་གི་ནང་བློན་ཚོགས་འདུར་ཞུགས་མཁན་དབྱིན་ཇིའི་རྒྱལ་པོ་ཨང་དང་པོར་གྱུར་པ་རེད།

དབྱི་ལི་ཧྲ་པའེ་སྐུ་ཐོག་གཉིས་པ་ཐང་ཉིང་ཁྲོམ་གཞུང་གི་དབུ་བཞུགས་ཧྥུའུ་རུ་ཚོགས་འདུར་ཞུགས་སྐབས་དུས་རྒྱུན་གྱི་དབུ་བཞུགས་བློན་ཆེན་སྡོད་སའི་རྐུབ་སྟེགས་ཐོག་བཞུགས་ནས་ཉིན་དེར་ནང་བློན་ཁང་གིས་གྲོས་བསྡུར་བྱས་པའི་གྲོས་གཞི་ཐོག་མ་དེ་ནི་དབྱིན་ཇིའི་རྒྱལ་རྒྱུད་ཤུལ་འཛིན་བཅའ་ཁྲིམས་ལ་འགྱུར་ལྡོག་གཏོང་རྒྱུ་དང་བུ་མོས་རྒྱལ་ཁབ་ཀྱི་གཙོ་བདག་མུ་མཐུད་བྱེད་དུ་འཇུག་རྒྱུའི་སྐོར་གྱི་གྲོས་འགོ་ཞིག་རེད།

༡༡.ཨོ་རྩལ་འགྲན་ཚོགས་ལ་ཞུགས་།

དབྱིན་ཇིའི་ས་གནས་དེ་གའི་དུས་ཚོད2012ལོའི་ཟླ7ཚེས27ཉིན་གྱི་དགོང་མོ་2012ལོའི་ལོན་ཏོན་ཨོ་རྩལ་འགྲན་ཚོགས་འགོ་ཚུགས་པ་དང་དབྱི་ལི་ཧྲ་པའེ་སྐུ་ཐོག་གཉིས་པ་མཆོག་ཕེབས་པ་རེད། དབྱི་ལི་ཧྲ་པའེ་སྐུ་ཕྲེང་གཉིས་པ་དང་007ཀྲན་མུའུ་སི་·པང་ཏེའི་(James Bond)དང་ཏན་ཉི་འར་·ཁེ་ལེ་ཀེ་(Daniel Craig)ཟློས་གར་འཁྲབ་པ།007རྒྱལ་མོ་ཡིས་གདན་ཞུས་དང་ལེན་བྱས་ཏེ་རྒྱལ་མོའི་ཁྱིམ་དུ་ཕེབས་ནས་ལས་འགན་གསར་པ་དང་ལེན་བྱས། དེ་རྗེས007དང་རྒྱལ་མོ་མཉམ་དུ་གྱེན་འཕུར་གནམ་གྲུར་འཛེགས་ནས་གནམ་གྲུར་བསྡད་དེ་ལུན་ཏོན་ཧྲིལ་པོ》བརྒལ་བ་རེད། ཁོང་ཚོ་ལུན་ཏོན་གྱི་མིག་(The London Eye)དང་ལུན་ཏོན་གྱི་མཆོད་རྟེན་(Tower of London)སོགས་བཟོ་སྐྲུན་གྱི་དངོས་པོ་བརྒལ་རྗེས་མཐར་ལུན་ཏོན་གྱི་བར་སྣང་དུ་འབྱོར། དབྱི་ལི་ཧྲ་པའེ་སྐུ་ཕྲེང་གཉིས་པ་དང007གློ་བུར་དུ་མཆོང་ཐེངས་གཅིག་གིས་མཆོང་གདུགས་ཁ་ཕྱེ་ནས་ལུན་ཏོན་གྱི་དཀར་ཡོལ་(Olympic Stadium)དུ་བབས་པ་རེད། སྐབས་དེར་ཚོགས་ར་ཡོངས་ཀྱི་དངངས་སྐྲག་ཅིག་དང་གོང་མ་ཚང་གི་ཟུར་བཞུགས་ཁང་ནང་དབྱི་ལི་ཧྲ་པའེ་སྐུ་ཕྲེང་གཉིས་པའི་གློ་བུར་དུ་ཐོན་པ་ཞིག་རེད།

༡༢ ཕོ་ནད་སྨན་ཁང་དུ་སྡོད་པ།

  ས་གནས་དེ་གའི་དུས་ཚོད2013ལོའི་ཟླ3ཚེས4ཉིན་ཉིན་གཅིག་གི་སྨན་བཅོས་བྱས་རྗེས་དབྱི་ལི་ཧྲ་པའེ་སྐུ་ཐོག་གཉིས་པ་སྨན་ཁང་ནས་ཁ་བྲལ་ཏེ་པའེ་ཅིན་ཧན་ཕོ་བྲང་དུ་ནད་གསོ་བྱས་པ་རེད། དབྱི་ལི་ཧྲ་པའེ་སྐུ་ཐོག་གཉིས་པ་ལུན་ཏོན་གྲོང་ཁྱེར་གྱི་ལྟེ་བར་གནས་པའི་སྒེར་བཙུགས་ཨའེ་ཏི་ཧྭའི་རྒྱལ་པོ་སྐུ་ཕྲེང་བདུན་པའི་སྨན་ཁང་ནས་ཐོན་ཏེ་གོམ་པ་སྤོས་ནས་འགྲམ་དུ་སྒུག་བསྡད་པའི་རྒྱས་སྤྲོས་རླངས་འཁོརགྱི་་མདུན་དུ་སླེབས་སྐབས་གདོང་གཤིས་ཡག་པོ་འདུག་ལ་འཛུམ་མདངས་ཀྱང་འཕྱུར་བ་ཞིག་མཐོང་། ཤེས་རྟོགས་བྱུང་བར་གཞིགས་ན། དབྱི་ལི་ཧྲ་པའེ་སྐུ་ཐོག་གཉིས་པས་ཚེས3ཉིན་གྱི་ཕྱི་དྲོ་ཕོ་རྒྱུའི་གཉན་ཚད་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱས་པས་འདི་ནི་ལོ87ལ་སླེབས་པའི་རྒྱལ་མོ་སྨན་ཁང་དུ་སྡོད་ཐེངས་དང་པོ་ཡིན་པ་རེད།

༡༣ ལོ88ལ་སླེབས་པའི་སྐྱེས་སྐར་།

  2014ལོའི་ཟླ4ཚེས21ཉིན་དབྱི་ལི་ཧྲ་པའེ་སྐུ་ཐོག་གཉིས་པར་ལོ88འཁོར་བའི་འཁྲུངས་སྐར་བསུས་པ་དང་དབྱིན་ཇིའི་གོང་མ་ཚང་གིས་དབྱི་ལི་ཧྲ་པའེ་སྐུ་ཐོག་གཉིས་པའི་བརྙན་པར་ཁྱབ་བསྒྲགས་བྱས་པ་རེད།

རྒྱལ་རྒྱུད་ཀྱིས་ཁྱབ་བསྒྲགས་བྱས་པའི་དཀར་ནག་འདྲ་པར་འདི་ནི་ཟླ་བ་གོང་མར་པའེ་ཅིན་ཧན་ཕོ་བྲང་དུ་པར་ལེན་བྱས་པ་རེད། པར་རིས་ཐོག་དབྱི་ལི་ཧྲ་པའེ་སྐུ་ཐོག་གཉིས་པས་ཕྲེང་ཤལ་གསུམ་གྱི་རྣམ་པའི་མུ་ཏིག་གི་མགུལ་རྒྱན་བཏགས་ཡོད་པ་དང་སོ་སྟོན་བཞིན་པའི་འཛུམ་མདངས་དེ་ནི་ཁོ་མོ་ལ་ལོ་བཅུ་ལྷག་ཙམ་ཞབས་གཡོག་ཞུས་ཡོད་པའི་ལས་རོགས་དང་གོང་མའི་གྱོན་ཆས་བཟོ་མཁན་ཞིག་གིས་བཟོས་པ་ཞིག་རེད།

དབྱི་ལི་ཧྲ་པའེ་སྐུ་ཕྲེང་གཉིས་པའི་འདྲ་པར་གསར་ཤོས་ནི“དབྱིན་ཇི་ནི་སྤྱིར་བཏང་མིན་པའི་ཡིན”ཞེས་པའི་སྲིད་གཞུང་གིས་པར་ལེན་བྱ་རྒྱུའི་མངགས་བཅོལ་བྱས་པ་ཞིག་ཡིན་པ་དང་འཆར་གཞི་དེའི་དམིགས་ཡུལ་ནི་དབྱིན་ཇིའི་ཉོ་ཚོང་དང་། ལྟ་སྐོར། མ་འཇོག སློབ་གསོ་བཅས་ཁྱབ་གདལ་གཏོང་རྒྱུ་དེ་ཡིན་པ་དང་རྒྱལ་མོ་ནི་དབྱིན་ཇིའི་གཟུགས་བརྙན་ཡག་ཤོས་ཀྱི་དམིགས་བསལ་ཕོ་ཉ་ཡིན་པ་སྨོས་མེད་ཡིན། ཚོད་དཔག་བྱས་ན་དབྱིན་ཇིར་ཡུལ་སྐོར་ཕྱི་དངུལ་ཨ་སྒོར་དུང་ཕྱུར5བསྡུ་བ་རེད།

༡༤  ལོ90ལ་སླེབས་པའི་སྐྱེས་སྐར་།

  2016ལོའི་ཟླ4ཚེས21ཉིན་དབྱིན་ཇིའི་རྒྱལ་མོ་དབྱི་ལི་ཧྲ་པའེ་སྐུ་ཐོག་གཉིས་པ་ལོ90ལ་སླེབས་པའི་འཁྲུངས་སྐར་བསུ་བ་དང་དབྱིན་ཇིའི་གོང་མ་ཚང་གི་སྦྲག་སྲིད་ཀྱིས་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་པར་ཞིག་ཁྱབ་བསྒྲགས་བྱས་པ་སྟེ། དབྱིན་ཇིའི་གོང་མ་ཚང་གི་ཁྱིམ་རྒྱུད་མི་རབས་བཞི་འཛོམས་ཀྱི་ཆོས་ཁང་དེ་ཡིན་པ་རེད།

པར་རིས་ཁྲོད་དུ། རྒྱལ་སྲས་ཆའོ་ཀྲེ་དགོད་ཞོར་དུ་ལྦུ་བའི་པང་ལེབ་ཅིག་གི་སྟེང་དུ་ལངས་ཏེ། ཨ་ཕ་རྒྱལ་སྲས་ཝེ་ལེན་གྱི་ལག་པ་འཐེན། ཁོའི་གཡོན་ཕྱོགས་སུ་ཡོད། དེ་ནི་དབྱིན་ཇིའི་རྒྱལ་མོ་དབྱི་ལི་ཧྲ་པའེ་སྐུ་ཕྲེང་གཉིས་པ་དང་ཁྲར་སིའི་རྒྱལ་སྲས་ཏེ། དབྱིན་ཇིའི་གོང་མ་ཚང་གི་ལས་ཐོག41པ་དང་།་42,43པ་བཅས་ཤུལ་འཛིན་མཁན་གྱིས་རྒྱུན་འཛིན་པ་ཨང40པར་གུས་འདུད་ཞུས་པ་རེད།

འདྲ་པར་འདི་པར་ལེན་པའི་སྐབས་སུ་འགྲན་སློང་མང་པོ་ཞིག་ལ་འཕྲད། ཐོག་མར་དུས་ཚོད་གཏན་ཁེལ་བྱེད་དཀའ། རྒྱུ་མཚན་རྒྱལ་མོ་བྲེལ་བ་ཧ་ཅང་ཆེ། གཉིས་པ། ས་གནས་ཀྱང་འདེམས་དཀའ། པར་རྒྱག་མཁན་གྱིས་དང་ཐོག་པའེ་ཅིན་ཧན་ཕོ་བྲང་གི་སེར་ཚོགས་ཚོམས་ཆེན་དུ་པར་རྒྱག་རྒྱུའི་གདམ་ག་བྱེད་མོད། འོན་ཀྱང་དབང་ཆ་ལྕི་དྲགས་པས་དོར་བ་རེད། མཐར་འདྲ་པར་ནང་གི་ཚོམས་ཆེན་དཀར་པོ་བདམས་པ་དང་འབྲེལ་རྒྱལ་པོའི་དོན་སྙིང་བརྒྱུད་བསྒྲགས་བྱས་པ་དེ་ནི་རྒྱུན་འཛིན་དང་བརྟན་ལྷིང་གི་དོན་སྙིང་ལ་རག་ལས་ཡོད་དོ།།

༡༥  རྒྱལ་ཁབ་ཕྱུག་པོ་ཆགས་ཐུབ།

  ཕྱི་རྒྱལ་གྱི་གཙོ་རྒྱུན་སྨྱན་སྦྱོར་གྱིས་དཔྱད་དཔོག་བྱས་པ་བརྒྱུད་རྒྱལ་མོའི་མིང་ཐོག་གི་རྒྱུ་ནོར་རིན་ཐང་བསྡོམས་འབོར་དབྱིན་སྒོར་དུང་ཕྱུར228ཙམ་ཟིན་ཡོད།དབྱིན་ཇིའི་གོང་མ་ཚང་གིས་གོ་ལ་ཧྲིལ་པོའི་རྒྱུ་ནོར་བང་རིམ་གྱི་མདུན་གྲལ་ཉི་ཤུ་བདེ་སྡོད་བྱེད་ཆོག་པ་དང《ཕུའུ་པུའུ་སི》(Forbes)ཞེས་པའི་གཟའ་འཁོར་གཉིས་ཀྱི་དུས་དེབ་ཐོག་ཚད་ལེན་ཞིབ་རྩིས་བྱས་པའི་མའེ་ཁེར·པུ་ལུང་པོ་ཀེ་(Michael Bloomberg)དང“ངོ་གདོང་དཔེ་དེབ”ཀྱི་སྤྱི་ཚོགས་འབྲེལ་བའི་དྲ་ཚུགས་ཀྱི་སྲོལ་གཏོད་པ་མ་ཁེ·ཀྲ་ཁེ་པོ་ཁེའི་(Mark Elliot Zuckerberg)རྒྱུ་ནོར་གྱི་གཞི་ཁྱོན་ཧ་ཅང་ཆེན་པོ་ཡོད་པ་རེད།པའེ་ཅིན་ཧན་ཕོ་བྲང་གིས་རྒྱལ་རྒྱུད་ཀྱི་གཏན་འཇགས་རྒྱུ་ནོར་དོ་དམ་ཅུས་ཀྱིས་མ་དངུལ་བཏང་བ་དང་འབྲེལ་དབྱིན་ཇིའི་རྒྱལ་རྒྱུད་ཀྱི་རྒྱུ་ནོར་དོ་དམ་བྱེད་ཀྱི་ཡོད།དེའི་མ་རྩའི་ཚོད་རྩིས་རིན་ཐང2005ལོར་ལྡབ་གཅིག་ལྷག་ཙམ་འཕར་ནས་དབྱིན་སྒོར་དུང་ཕྱུར228ཟིན་ཡོད།

རྒྱལ་ཁབ་ཕྱུག་པོ་ཆགས་ཀྱང་རྒྱལ་མོའི་འཚོ་བ་བལྟོས་བཅས་ཀྱིས་གྲོན་ཆུང་བསྲི་ཚགས་བྱུང་ནས་ལོ་ཤས་ནང་མི་མང་འདུ་འཛོམས་བྱ་ཡུལ་དུ་གྱོན་གོས་གསར་པ་ཡང་ཡང་བརྗེ་བཞིན་མེད་པ་ཞིག་ཡིན་ནོ།།

༡༦“ན་ཙི་ལི”རླུང་འཚུབ།

 དབྱིན་ཇིའི《ཉི་མའི་ཚགས་པར》(The Sun is a small-format daily newspaper owned by News Corporation, a conglomerate owned by businessman Keith Rupert Murdoch) ཐོག་2015ལོའི་ཟླ7ཚེས17ཉིན་གྱི་མཚན་མོ་དབྱིན་ཇིའི་རྒྱལ་མོ་དབྱི་ལི་ཧྲ་པའེ་སྐུ་ཐོག་གཉིས་པས་ལོ80ལྷག་ཙམ་རིང“ན་ཙིའི་ལག་སྦྲེལ”མདུན་དུ་བསྐྱོད་པའི་པར་རེ་རེ་བཞིན་བཀོད་པར་དབྱིན་ཇིའི་གོང་མ་ཚང་གིས་ཁ་རྡུང་དྲག་པོ་བཏང་བ་རེད། རྒྱལ་པོ་ཚང་གི་མགྲིན་ཚབ་པས་རྒྱལ་མོའི་ནང་མིའི་པར་དེ《ཉི་མའི་ཚགས་པར》གྱིས་བེད་སྤྱོད་དང་འབྲེལ་གོ་ནོར་ཐེབས་པ་དེ་ནི་བློ་ཕམ་འོས་པ་ཞིག་རེད།

དབྱིན་ཇིའི་གོང་མ་ཚང་གིས་དེ་མ་ཉིད་དུ་དབྱིན་ཇི་བ་མང་ཆེ་བས་ལོ80གོང་གི་མྱོང་ཚོར་ལ་བརྟེན་ནས་ལོ་དེ་དག་ནང་གི་འདྲ་པར་རྙིང་པར་ལྟ་སྟངས་འཛིན་གྱི་ཡོད་མོད། འོན་ཀྱང་དེ་ནི་ནང་མིས་རྩེད་མོ་རྩེ་བའི་འདྲ་པར་དཀྱུས་མ་ཞིག་ཡིན་པ་དང་འདྲ་བར་ནང་གི་མི་རྣམས་ཀྱིས་རྗེས་ཀྱི་གནས་ཚུལ་འགྱུར་ལྡོག་ལ་སྔོན་དཔག་གཏན་ནས་བྱེད་མི་ཐུབ་ཅེས་ལན་བཏབ་པ་རེད། རྒྱལ་པོ་ཚང་གི་ཆ་འཕྲིན་མི་སྣ་ཞིག་གིས“རྒྱལ་མོ་ལོ་ན་ཕྲ་བས་རྦད་དེ་ཉེས་མེད་རེད། རྒྱལ་མོའི་ནང་མིས་དམག་འཁྲུག་རྒྱག་སྐབས་རྒྱལ་ཁབ་ཀྱི་ཁེ་ཕན་དོན་གཉེར་བྱེད་ཀྱི་ཡོད། ཁོ་མིས་ལོ་63རིང་རྒྱལ་ཁབ་དང་མང་ཚོགས་ཀྱི་ཆེད་དུ་ལེགས་སྐྱེས་ཕུལ་བ་ཚང་མ་ནི་མིག་ལྡན་ཀུན་གྱི་མཐོང་ཆོས་སུ་གྱུར་ཡོད”ཅེས་བཤད་བྱུང་།

ལོ་རྒྱུས་རིག་པ་མཁས་ཅན་ཀྲན་མུའུ་སི་·ཧོ་ལན་ཏེ་(James Holland)རྒྱལ་པོ་ཚང་གི་རྣམ་འགྱུར་ལ་མོས་མཐུན་བྱེད་ཀྱི་ཡོད། ཧོ་ལན་ཏེས“དུས་རབས་གོང་མའི་ལོ་རབས་སུམ་ཅུ་བཞི་བཅུ་ཙམ་སྐབས་ཕྲུ་གུ་གཅིག་ཀྱང་མེད་པས“ལག་བཀྱག་ནས”རྩེད་མོ་རྩེ་མྱོང་མཁན་གཅིག་ཀྱང་མེད། དེ་ཐོག་ནས་ཁོང་ཚོ་ནི་ང་ཚོ་དང་འདྲ་བའི་མི་ཡིན་པ་མཚོན་ཐུབ། དྲ་གྲོགས་ཁ་ཤས་ཀྱིས་ཀྱང་ངག་ཐོག་ནས་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཆའོ་ཞི·ཁུའུ་ཁེ་ཡིས་“འཇིགས་སུ་རུང་བའི་གསར་འགྱུར།འཛམ་གླིང་དམག་ཆེན་གཉིས་པའི་གོང་དུ་མི་སུ་འདྲ་ཞིག་གིས་ཀྱང་ན་ཙིར་གྱི་བྱེད་སྤྱོད་ཤེས་མི་སྲིད།”ཅེས་པ་གསུངས་སོ།།

༡༧ གསེར་དཀར་གཉེན་སྒྲིག་གི་དྲན་གསོའི་ཉིན་མོ།

 2017ལོའི་ཟླ11ཚེས20ཉིན་དབྱིན་ཇིའི་རྒྱལ་མོ་དབྱི་ལི་ཧྲ་པའེ་སྐུ་ཐོག་གཉིས་པ་དང་སྐུ་ཟླ་ཆིན་ཝང་ཕེ་ལི་ཕུའུ་གཉིས་གཉེན་སྒྲིག་བྱས་ནས་ལོ70འཁོར་བའི་དྲན་གསོའི་ཉིན་མོ་བསུས་ཤིང་། རྒྱལ་མོ་བཟའ་ཟླ་གཉིས་ཀྱིས་སྤྱི་དམངས་ཀྱི་རྟེན་འབྲེལ་བྱེད་སྒོ་སྤེལ་གྱི་མེད་པར་ཝུན་ཧྲ་ཕོ་བྲང་དུ་རྒྱལ་པོ་ཚང་གི་སྒེར་གྱི་དགོང་མོའི་གསོལ་སྟོན་བཤམས་ནས་གཉེན་ཉེ་གདན་དྲངས་ནས་ཁོང་ཚོའི“གསེར་དཀར་གཉེན་སྒྲིག”བྱས་པར་རྟེན་འབྲེལ་ཞུས་པ་རེད།

བཀོད་སྒྲིག་ལྟར་ན། ལུན་ཏོན་ཝེ་སི་མེ་སི་ཐི་ཆོས་ཁང་གིས་ཉིན་དེའི་ཕྱི་དྲོར་དུས་ཚོད་གསུམ་གྱི་རིང་ལ་རྟེན་འབྲེལ་ཞུས་པ་རེད། 1947ལོའི་ཟླ11ཚེས20ཉིན།ལོ21ལ་སླེབས་པའི་རྒྱལ་མོ་དབྱི་ལི་ཧྲ་པའེ་ཀོང་ཇོ་དང་ལོ26ལ་སླེབས་པའི་ཐག་རིང་ཁང་པའི་ཆུ་ཚོད་ཕུ་ལི་ཕུའུ་རྣམ་གཉིས་ཀྱིས་ཆོས་ཁང་དེར་གཉེན་སྒྲིག་གཟབ་རྒྱས་ཤིག་བྱས་པ་དང་། སྐབས་དེ་དུས་གོ་ལ་ཧྲིལ་པོའི་མི་དུང་ཕྱུར2ལྷག་ཙམ་གྱིས་གསར་འགྱུར་དང་རླུང་འཕྲིན་བརྒྱུད་ནས་གཉེན་སྟོན་གྱི་གནས་ཚུལ་དངོས་ཉན་པ་རེད།

རྒྱལ་མོའི“གསེར་དཀར་གཉེན་སྒྲིག”ལ་དྲན་གསོ་ཞུ་ཆེད། དབྱིན་ཇིའི་གོང་མ་ཚང་གི་སྦྲག་སྲིད་ཀྱིས་དྲན་གསོའི་ཉིན་མོར་སྦྲག་རྟགས་ཆ་ཚང་གཅིག་འགྲེམས་སྤེལ་བྱས་ནས་དམངས་ཚོགས་ཀྱིས་སྦྲག་འཛིན་བརྒྱུད་དེ་རྒྱལ་མོ་གཉེན་སྒྲིག་བྱས་པ་ལ་པར་བསྐྱར་དྲན་བྱས་པ་དང་། པའེ་ཅིན་ཧན་ཕོ་བྲང་གིས་ཀྱང་དྲན་གསོའི་ཉིན་མོའི་སྔ་ནུབ་ཏུ་རྒྱལ་མོ་སྟངས་དཔྱལ་ཞིག་གིས་ཝུན་ཧྲ་མཁར་རྫོང་དུ་བརྒྱབ་པའི་དྲན་རྟེན་སྐུ་པར་གསར་ཤོས་དེ་འགྲེམས་སྤེལ་བྱས་པ་རེད།

༡༨  གསེར་དཀར་བཀྲ་ཤིས་ཀྱི་དྲན་གསོའི་ཉིན་མོ།

 2022ལོའི་ཟླ2ཚེས6ཉིན་དབྱིན་ཇིའི་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཀྱི་རྒྱལ་མོ་དབྱི་ལི་ཧྲ་པའེ་སྐུ་ཐོག་གཉིས་པ་ཁྲིར་འབྱོར་ནས་ལོ70འཁོར་བའི་གསེར་དཀར་བཀྲ་ཤིས་ཀྱི་དྲན་གསོའི་ཉིན་མོར་བསུ་བ་ཞུས་པ་རེད། དབྱིན་ཇིའི་ལུན་ཏོན་དུ་ས་གནས་དེ་གར་དབྱིན་ཇིའི་རྒྱལ་མོ་དབྱི་ལི་ཧྲ་པའེ་སྐུ་ཐོག་གཉིས་པ་ཁྲིར་འཛེགས་ནས་ལོ70འཁོར་བའི་དྲན་གསོའི་ཉིན་མོ་བསུས་པ་དང་སུའུ་ཀེ་ལན་གྱི་སྐུ་སྲུང་རུ་ཁག་ པའེ་ཅིན་ཧན་ཕོ་བྲང་དུ་འཚོགས་པའི་སྲུང་དམག་ལས་གནས་བརྗེ་བའི་མཛད་སྒོར་ཞུགས་པ་རེད། དེའི་རྣམ་པ་རྒྱ་ཆེ་ལ་བརྗིད་ཉམས་ལྡན་པ་ཞིག་ཡོད།

ས་གནས་དེ་གའི་དུས་ཚོད2022ལོའི་ཟླ5ཚེས31ཉིན་དབྱིན་ཇིའི་རྒྱལ་མོ་དབྱི་ལི་ཧྲ་པའེ་སྐུ་ཐོག་གཉིས་པ་སུའུ་ཀེ་ལན་པའར་མོ་ལེར་མཁར་རྫོང་ནས་ཐོན་ཏེ་དབུན་ཧྲ་མཁར་རྫོང་དུ་ཕྱིར་ལོག་བྱས་ཏེ་ཟླ6ཚེས2ཉིན་ནས་བཟུང་དུས་ཡུན་ཉིན4ཡི་དྲན་གསོའི་བྱེད་སྒོའི་ནང་ཞུགས་རྩིས་ཡོད་པ་རེད། ས་གནས་དེ་གའི་དུས་ཚོད་ཟླ6ཚེས2ཉིན་ནས་བཟུང་དབྱིན་ཇིའི་ས་གནས་ཁག་གིས་དུས་ཡུན་ཉིན4ཡི་དབྱིན་ཇིའི་རྒྱལ་མོ་དབྱི་ལི་ཧྲ་པའེ་སྐུ་ཐོག་གཉིས་པ་ཁྲིར་འཛེགས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་བ་རེད། རིམ་སྤེལ་བྱེད་སྒོའི་ནང་དམག་གཟིགས་མཛད་སྒོ་དང་། འཕུར་སྐྱོད་འཁྲབ་སྟོན། རོལ་དབྱངས་འདུ་ཚོགས་སོགས་ཚུད་ཡོད། ས་གནས་དེ་གའི་དུས་ཚོད་ཟླ6ཚེས2ཉིན་གྱི་དགོང་མོར་དབྱིན་ཇིའི་པའེ་ཅིན་ཧན་ཕོ་བྲང་དུ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། དབྱིན་ཇིའི་རྒྱལ་མོ་དབྱི་ལི་ཧྲ་པེ་སྐུ་ཐོག་གཉིས་པས་དེ་ཉིན་རང་ཉིད་གནས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་ཉིན་དང་པོར་བྱེད་སྒོར་ཞུགས་རྗེས་གཟུགས་པོ་བདེ་བོ་མེད་པར་བརྟེན་ཟླ6ཚེས3ཉིན་གྱི་རྟེན་འབྲེལ་བྱེད་སྒོའི་ནང་གནས་སྐབས་ཞུགས་མཚམས་འཇོག་རྒྱུ་ཡིན་ཞེས་བཤད་པ་རེད།

༡༩  འགན་འཁྲི་ཉུང་དུ་གཏོང་བ་།

  2022ལོའི་ཟླ་7པར《ཉིན་རེའི་སྦྲག་པར》ནང་པའེ་ཅིན་ཧན་ཕོ་བྲང་ནང་ཁུལ་གྱི་འཕྲིན་སྤེལ་མི་སྣའི་སྐད་ཆ་དྲངས་ནས་གནས་ཚུལ་སྤེལ་བར་གཞིགས་ན།པའེ་ཅིན་ཧན་ཕོ་བྲང་གིས་ལོ་བཅུའི་ནང་དབྱིན་ཇིའི་རྒྱལ་མོ་དབྱི་ལི་ཧྲ་པའེ་སྐུ་ཐོག་གཉིས་པའི་འགན་འཁྲི་ཁག་དང་པོ་ཆུང་དུ་བཏང་ཡོད།

༢༠ སྐུ་ཚེ་ལས་འདས་པ།

 ས་གནས་དེ་གའི་དུས་ཚོད2022ལོའི་ཟླ9ཚེས8ཉིན་དབྱིན་ཇིའི་རྒྱལ་མོ་དབྱི་ལི་ཧྲ་པའེ་སྐུ་ཐོག་གཉིས་པ་སུའུ་ཀེ་ལན་པའར་མོ་ལེར་མཁར་རྫོང་དུ་སྐུ་གཤེགས་པ་དང་སྐུ་གཤེགས་དུས་དགུང་ལོ96ཡིན་ཞིང་། སའི་གོ་ལའི་སྐབས་དོན་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཝུན་ཧྲ་མཁར་རྫོང་དུ་དར་ཆ་ཕྱེད་ཀ་ཆག་ཡོད་བརྗོད་ལ། BBCཡིས་ས་གནས་དེ་གའི་དུས་ཚོད་ཟླ9ཚེས8ཉིན་གྱི་ཕྱི་དྲོའི་ཆུ་ཚོད6དང་སྐར་མ30ཡི་ཐོག་དབྱིན་ཇིའི་པའེ་ཅིན་ཧན་ཕོ་བྲང་གིས་དར་ཆ་ཕྱེད་ཀ་ཕབ་ནས་མྱ་ངན་ཞུས་པ་ཡིན་པ་བརྗོད་བཞིན་གདའ།

དབྱིན་ཇིའི་མཁའ་དབྱིངས་ཀྱི་གསར་འགྱུར་མིང་ལ་དབྱི་ལི་ཧྲ་པའེ་སྐུ་ཐོག་གཉིས་པར་སྐུ་གཤེགས་རྗེས་ཁྲར་སི་རྒྱལ་སྲས་དེ་མ་ཐག་དབྱིན་ཇིའི་རྒྱལ་པོ་གསར་པར་གྱུར་ཡོད། དབྱིན་ཇིའི་རྒྱལ་ཡོངས་སུ་མྱ་ངན་ཞུ་བའི་དུས་ཚོད་འགོ་ཚུགས་པ་དང་འབྲེལ་རྒྱལ་མོའི་འདས་མཆོད་ལ་རྒྱུན་མཐུད་བྱ་རྒྱུ་དང་། སྔོན་དཔག་བྱས་པར་གཞིགས་ན་འདས་མཆོད་བསྒྲུབས་ནས་ཉིན་བཅུ་སོང་རྗེས་སྤེལ་རྒྱུ་ཡིན་ཞིང་།དབྱིན་ཇིའི་སྨྱན་བྱེད་ཀྱིས་རྒྱལ་མོའི་སྐུ་ཕུང་དེ་པའེ་ཅིན་ཧན་ཕོ་བྲང་དུ་འགྱུར་རྒྱུ་ཡིན་པས་དེ་གར་ཉིན་ལྔ་སྡོད་སྲིད་ཅེས་བཤད་པ་རེད།

༢༡  ཁྱིམ་ཚང་གི་ཁོངས་མི།

ཨ་ཕ། ཆའོ་ཀྲི་སྐུ་ཕྲེང་དྲུག་པ་མཆོག (George VI,1895ལོའི་ཟླ12ཚེས14ཉིན་སྐྱེས།—1952ལོའི་ཟླ2ཚེསཉིན་སྐུ་འདས།)

དབྱིན་ཇིའི་ཝུན་ཧྲ་རྒྱལ་རབས (The House of Windsor)(ས་ཁེ་སེན་དང་ཁོ་པའོ། ཀོ་ཏ་རྒྱལ་རབས་བཅས)རྒྱལ་བོ་ཡིན་ཞིང་། “རྒྱལ་སྲིད་ལ་དགའ་ཞེན་ཆེ་བའི་རྐྱེན་གྱིས་མཛེས་མར་དེ་བས་དགའ”ཞེས་པའི་གཅེན་པོ་ཨའེ་ཏེ་ཧྭ་སྐུ་ཕྲེང་བརྒྱད་པ་(Edward Albert Christian George Andrew Patrick David)ལས་གནས་ནས་ཕྱིར་འཐེན་ཏེ་རྒྱལ་ས་རྒྱུན་འཛིན་བྱས་པ་རེད། འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་སྐབས་སུ་ལྐུགས་པའི་ནད་སེལ་བ་དང་བརྙན་འཕྲིན་སྟེང་ནས་ངོ་མཚར་ཆེ་བའི་གཏམ་བཤད་པ། དབྱིན་ཇིའི་མང་ཚོགས་ཀྱིས་འཇར་མན་ལ་དམག་བརྡ་གཏོང་རྒྱུའི་སྐུལ་མ་བ་བཅས་ཡིན།

ཨ་མ། དབྱི་ལི་ཧྲ་པའེ་·པའོ་སི་ལའེ་ཨང་།(Elizabeth Angela Marguerite Bowes-Lyon,1900ལོའི་ཟླ8ཚེས4ཉིན་སྐྱེས།—2002ལོའི་ཟླ3ཚེས30ཉིན་སྐུ་འདས།)

དབྱིན་ཇིའི་ཀེ་ལ་མུའུ་སིའི་བུ་མོ་ཡིན་ལ། 1714ལོའི་རྗེས་སུ་འཇར་མན་གྱི་རྒྱལ་ཁོངས་མིན་པའི་བཙུན་མོ་དང་པོ་དེའང་ཡིན། ཐོག་མཐའ་བར་གསུམ་དུ་རྒྱལ་མོའི་རྒྱབ་ཀྱི་བསམ་པའི་ཀ་བ་ཡིན་པས་རྒྱལ་མོར་གྲོས་འགོ་བཏོན་པ་ཡིན།

ཁྱོ་ག རྒྱལ་པོ་ཧྥེ་ལི་ཕུའུ། (The Prince Philip, Duke of Edinburgh,1921ལོའི་ཟླ6ཚེས10ཉིན་སྐྱེས།-2021ལོའི་ཟླ4ཚེས9ཉིན་སྐུ་འདས།)

དབྱིན་ཇིའི་དམག་གསུམ་གྱི་ཆེས་མཐོའི་སྤྱི་ཁྱབ་བཀོད་འདོམས་པ། དེ་སྔའི་མིང་ལ་ཧྥེ་ལི་ཕུའུ་མོང་པཱ་ཏུན་ཟེར། འཇར་མན་དང་ཏེན་མག་གི་རྒྱུད་པ་ཡིན་པའི་ཀེ་རི་སེའི་རྒྱལ་སྲས་ཡིན། རྒྱལ་མོ་ཀེ་རི་སེའི་རྒྱལ་ས་བསྐྱུར་འདོད་པའི་ཆེད་དུ་ཝུན་ཧྲ་རུས་མིང་ལ་བསྒྱུར། གཞོན་ནུའི་དུས་ཀྱི་གཟུགས་པོའི་རིང་ཚད190ཙམ་ཟིན་པ་དང་ལུས་རྩལ་ལ་དགའ་པོ་ཡོད་པས་རྒྱལ་ཁབ་ཁག་ཏུ་མི་རྣམས་ཧང་སངས་དགོས་པའི་སྐད་ཆ་མང་པོ་བཤད་ཀྱི་ཡོད། ཁོང་གི་ཨ་ཞང་ནི་དབྱིན་ཇིའི་ལོའོ་དབྱི་སི་·མེང་པ་ཏུན་(Louis Mountbatten,1900ལོའི་ཟླ6ཚེས25ཉིན་སྐྱེས།-1979ལོའི་ཟླ8ཚེས27ཉིན་སྐུ་འདས།) དམག་དཔོན་ཞིག་ཡིན།

བུ་ཆེ་བ། ཁྲར་སིའི་རྒྱལ་སྲས། (Charles Philip Arthur George Mountbatten-Windsor,King Charles III 1948ལོའི་ཟླ11ཚེས14ཉིན་སྐྱེས།)

རྒྱལ་པོ་ཝེར་ཧྲི་ནི་དབྱིན་ཇིའི་རྒྱལ་རྒྱུད་འཛིན་མཁན་དང་པོ་ཡིན་ཞིང་། དབྱིན་ཇིའི་ལོ་རྒྱུས་ཐོག་རྒྱལ་རྒྱུད་འཛིན་མཁན་ཡུན་རིང་ཤོས་སྒུག་མཁན་ཞིག་ཀྱང་ཡིན།།

རྒྱལ་སྲས་ཨན་ཏི་ལུའུ་ཡིས་མ་ཏའོ་གླིང་ཕྲན་གྱི་འཐབ་འཁྲུག་ལ་ཞུགས་པར་མ་ཟད་རྒྱལ་ཁ་ཆེན་པོ་ཐོབ་མཁན་ཞིག་ཡིན།

མཇུག་གཏམ།

དབྱི་ལི་ཧྲ་པའེ་མཆོག་ནི་ཁྲི་ཐོག་ཏུ་སྡོད་ཡུན་རིང་ཤོས་ཡིན་པའི་རྒྱལ་མོ་དང་། ཁྲི་ཐོག་ཏུ་སྡོད་ཡུན་རིང་ཤོས་ཡིན་པའི་འཛམ་གླིང་གི་རྒྱལ་པོ། ད་ལྟའི་རྒྱལ་པོ་ལོ་ན་ཆེ་ཤོས་བཅས་ཡིན།2016ལོའི་ཟླ4ཚེས21ཉིན།རྒྱལ་མོ་དབྱི་ལི་ཧྲ་པའེ་སྐུ་ཐོག་གཉིས་པས་ཁོང་གི་དགུང་ལོ་90ལ་ཕེབས་པའི་འཁྲུངས་སྐར་ལ་བསུ་བ་ཞུས་པ་མ་ཟད། ཅི་ཉི་སིའི་འཛམ་གླིང་མཚན་སྙན་ཡང་མང་པོ་ཐོབ་ཡོད།

2015ལོའི་ཟླ9ཚེས9ཉིན་དབྱི་ལི་ཧྲ་པའེ་སྐུ་ཐོག་གཉིས་པ་ནི་ཁོ་མོའི་ཙེང་ཙེང་མེས་ཝུའེ་ཏུའོ་ལི་ཡ་རྒྱལ་མོ་ལས་རྣམ་པར་རྒྱལ་ནས་དབྱིན་ཇིའི་གདན་ཐོག་གི་དུས་ཚོད་རིང་ཤོས་ཀྱི་རྒྱལ་པོར་གྱུར་པ་རེད།

དབྱིན་ཇིའི་མཁའ་དབྱིངས་གསར་འགྱུར་འཕྲིན་ལམ་གྱི2022ལོའི་ཟླ6ཚེས་12ཉིན་གནས་ཚུལ་སྤེལ་བར་གཞིགས་ན། དབྱིན་ཇིའི་རྒྱལ་མོ་དབྱི་ལི་ཧྲ་པའེ་སྐུ་ཐོག་གཉིས་པ་གནད་ལ་འཁེལ་བའི་ཟིན་ཐོ་ཡོད་པའི་འཛམ་གླིང་གི་ལོ་རྒྱུས་ནང་གནས་ཐུབ་པའི་རྒྱལ་པོ་གཉིས་པར་གྱུར་པ་རེད།

དབྱིན་ཇིའི་རྒྱལ་པོ་གསར་པ་(Charles)་གསུམ་པ་མཆོག་ནས་གསལ་བསྒྲགས་ཤིག་གནང་འདུག་པ་དེའི་ནང་། རྒྱལ་མོ་དགོངས་པ་རྫོགས་པ་འདི་ནི་ངོས་རང་དང་ངའི་ནང་མི་ཚོར་སེམས་སྡུག་ཆེ་ཤོས་ཀྱི་གནད་དོན་ཞིག་ཡིན་པ་གསུངས་འདུག

ཨ་རིའི་ཙུང་ཐུང་པའེ་ཏིན་བཟའ་ཟླ་གཉིས་ཀྱིས་དབྱིན་ཇིའི་རྒྱལ་མོ་དབྱི་ལེ་ཧྲ་པེསྐུ་ཕྲེང་གཉིས་པ་ཚེ་ལས་འདས་པར་གསལ་བསྒྲགས་བྱས་དང་སྦྲགས་མྱ་ངན་ཞུས། གསལ་བསྒྲགས་ལྟར་ན།དབྱིན་ཇིའི་རྒྱལ་མོ་ནི་རྒྱལ་བོ་གཅིག་པུ་མིན། ཁོ་མོས་དུས་རབས་ཤིག་ལ་མཚན་ཉིད་བཞག་ཡོད་ཅེས་གསུངས་སོ།།

རྟེན་འབྲེལ་ལ་བརྟག་མཁན་ང་ཚོ་ནང་པ་ཁོ་ན་མིན་པར་དབྱི་ལི་ཧྲ་པའེ་·ཡ་ལི་ཧྲན་ཏེ་ལ་·མ་ལི་·ཝུན་ཧྲ་(Elizabeth Alexandra Mary Windsor)མཆོག་ནི་སྐུའི་དགོངས་རྫོགས་རྗེས་སུ་ཕོ་བྲང་གི་ངོས་སུ་འཇའ་ཚོན་ཉིས་བརྩེགས་ཤར་འདུག་ལ།  མི་མང་གིས་རྒྱལ་མོ་མཆོག་ལྷ་ཡུལ་དུ་ཕེབས་པ་རེད།  དཀོན་མཆོག་གིས་ལྷ་ཡུལ་དུ་གདན་དྲངས་པ་རེད་ལ་སོགས་པའི་དཔྱད་བརྗོད་སྤེལ་བཞིན་གདའ་འོ།།

གསལ་བཤད། བདག་གིས་མི་སྣའི་རུས་མིང་དང་ས་གནས་ཀྱི་མིང་། ཡིག་ཆ་མིང་དག་གི་དབྱིན་ཡིག་ནས་བོད་སྐད་ལ་རང་གི་ཚོད་ཀྱིས་བསྒྱུར་བ་ཙམ་ཡིན་པས་མ་དག་པའམ་ནོར་བ་རྒྱུན་འབྱམས་སུ་སོང་བ་དག་ཀློག་པ་པོ་དག་ལ་དགོངས་འགལ་མེད་པར་ཞུའོ།།

 

 

དཔྱད་གཞིའི་ཡིག་ཆའི་སྐོར།

[1] British Country Profile. The Ministry of Foreign Affairs. 2018-09 [2019-03-02]

[2] The Queen of England has the longest standby. Central radio website. 2015-09-10 [Quoted on 2015-09-17]

[3] Britain’s Queen Elizabeth II has approved a bill to block a “no deal” Brexit. Minnan Network [2019-09-10]

[4] What the Queen said in her 65th speech to Parliament about Brexit. [Photo/Xinhua]

[5] The Queen makes an unusual speech on COVID-19: “We will prevail.” Beijing News online. 2020-04-06 [Quote date 2020-04-06]

[6] Britain’s Queen Elizabeth II celebrates her 93rd birthday. People’s Daily Online [2019-05-10]

[7] Queen Elizabeth II was born on April 21, 1926 [2013-04-21]. NetEase [2019-05-10]

[8] Queen Elizabeth II: A dream through 100 years of legend. Sohu.com [2019-05-10]

[9] In her 60 years on the throne, the Queen once risked being murdered on a visit (photo). China News Service [2019-05-10]

[10] Queen Elizabeth II sets a new throne record: The Queen’s love is also on standby. Phoenix [2019-05-10]

[11] The model Queen Elizabeth II. Sina.com [2013-10-07]

[12] The Queen made a sensational appearance in the royal Box. tencent

[13] The royal family has unveiled its latest portrait as the Queen celebrates her 88th birthday. Refer to the message. [Date: 2014-04-21]

[14] Prince George smiles as the Queen celebrates her 90th birthday. China Youth Network [Quote date 2016-04-20]

[15] The fourth Queen’s 90th birthday. Ifeng.com [quoted on 2016-04-20]

[16] Queen Elizabeth II is the “king of Kings”. The royal family’s wealth is unprecedented. Xinhua Net International channel. September 9, 2015 [2015-10-19]

[17] A photograph of the queen of the British press giving a Nazi salute as a child has been condemned by the royal family. Xinhua Net International channel. July 19, 2015 [2015-10-19]

[18] The Queen and her wife celebrate their golden wedding with a family dinner. People’s Daily Online [Quote date 2017-11-22]

[19] Guinness World Records Annual review [April] Hoverboard flying, robot dancing and human dominoes. Guinness Book of Guinness

[20] Britain’s Queen Elizabeth II is heading back to Windsor Castle to attend celebrations marking her 70th anniversary on the throne. CCTV News [date: 2022-06-03]

[21] Events are being held across Britain to mark the 70th anniversary of Queen Elizabeth II’s reign. CCTV News [date: 2022-06-03]

[22] The Queen has taken a break from celebrations to mark her 70th anniversary on the throne after becoming unwell. CCTV News [date: 2022-06-03]

[23] Global Connection | Britain: Celebrating the Queen’s Diamond Jubilee. Xinhua News Agency [dated 2022-06-03]

[24] Queen Elizabeth II has died, Buckingham Palace said Tuesday. Xinhua News Agency [date: 2022-09-09]

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=1856