བོད་ཡིག་དང་དབྱིན་ཡིག་གཉིས་ཀྱི་བྱ་ཚིག་འགྱུར་བའི་ཁྱད་ཆོས་ལ་དཔྱད་པ།

_____དབྱིན་ཡིག་སློབ་སྦྱོང་གི་ཐབས་ལམ་གསར་གཏོད།

 

 

ནང་དོན་གནད་བསྡུས།

སྐད་ཡིག་གང་ཞིག་ལ་མཚོན་ན། བརྗོད་བྱའི་དོན་གསལ་པོར་སྟོན་བྱེད་ཀྱི་ནུས་པ་གཙོ་བོ་དུས་གསུམ་དང་འབྲེལ་བའི་བྱ་ཚིག་ཡིན་ལ། བརྗོད་དོན་གང་ཞིག་ཡིན་ཡང་དུས་གསུམ་དང་མ་འབྲེལ་བའི་དོན་རྐྱེན་གང་ཡང་མེད་པའོ།། ལྷག་པར་དུ་སྐད་བརྡ་རིག་པའི་གཞུང་ལུགས་དག་བེད་སྤྱད་ནས་བརྟག་ཚེ། བོད་ཡིག་དང་དབྱིན་ཡིག་གཉིས་ལ་ཐུན་མོང་གི་མཚུངས་ཆོས་ཤིག་ཡོད་པ་ནི་བྱ་ཚིག་གི་འགྱུར་བ་ལས་དུས་ཀྱི་གནས་བབ་མཚོན་པ་དེ་ཡིན་ཞིང་། མཚུངས་ཆོས་དེ་དག་ལ་ཞིབ་བསྡུར་བྱས་པ་དེས་ཀྱང་དབྱིན་ཡིག་སྦྱང་མཁན་གྱི་བོད་རིགས་སློབ་མ་ཚོར་དབྱིན་ཡིག་བརྡ་སྤྲོད་ཐད་ཀྱི་དཀའ་གནད་འགའ་སེལ་བར་ཕན་པ་ཡང་ཡོད་པའོ།།

བརྡ་ཆད་གཙོ་བོ། བྱ་ཚིག བྱ་ཚིག་གི་འགྱུར་རྣམ། དུས་གསུམ།

 

དང་པོ། བྱ་ཚིག་གི་མཚན་ཉིད་དང་དབྱེ་བ།

གཅིག བོད་ཡིག་བྱ་ཚིག་གི་མཚན་ཉིད་དང་དབྱེ་བ་བཤད་པ།

༄༅།། མི་རིགས་གང་ཞིག་ཡིན་ཡང་སྐད་དང་ཡི་གེ་ནི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་རིམ་བཞིན་འཚོ་བའི་དགོས་མཁོ་ལས་བྱུང་བ་ཞིག་ཡིན་ལ། དེ་ཡང་ཐོག་མར་བྱུང་བའི་བརྗོད་པ་ནི་རང་སེམས་ཀྱི་མདུན་པ་བསྒྲུབ་པའི་ཆེད་དུ་བྱ་བ་སྤྱོད་པ་སྣ་ཚོགས་བཟླས་དགོས་པས་བྱ་བྱེད་སྟོན་པའི་སྐད་ཀྱི་གདངས་ཐོག་མར་བྱུང་ཡོད་དེ། དཔེར་ན། ནགས་ཚལ་ཆེན་པོ་ཞིག་གི་ནང་དུ་གཅན་གཟན་ལ་ཕྲད་ན་བྲོས་དང་། བཟུང་དང་། རྒྱུག་དང་སོགས་བྱ་བྱེད་སྟོན་པའི་ཐ་སྙད་དག་བྱུང་བ་རེད། སྤྱིར་བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་དེ་དག་ཀྱང་མིང་གི་ཚོགས་དང་། ཕྲད་རྣམ་དབྱེའི་ཚོགས། བྱ་བའི་ཚིག་གི་ཚོགས་བཅས་གསུམ་ལས་གྲུབ་པ་ཞིག་ཡིན་པས་དེ་གསུམ་གྱིས་མ་ཁྱབ་པའི་བརྗོད་པ་ནི་བོད་ཀྱི་བརྡ་ལ་མེད་པའོ།། བོད་ཡིག་གི་ནང་བྱ་ཚིག་ལ་ལས་ཚིག་ཞེས་བརྗོད་མོད། ལས་ཚིག་མ་འོངས་བར་བྱ་ཚིག་དང་ལས་ཚིག་ད་ལྟ་བར་བྱེད་ཚིག་ཟེར་ཏེ། ༼སྨོན་ལམ་ཚིག་མཛོད༽ནང་འཁོད་དོན། གང་ཟག་གི་ལུས་ངག་གི་བྱ་སྤྱོད། སེམས་ཀྱི་འཕྲོ་འདུ། དངོས་པོའི་སྟེང་གི་འཕོ་འགྱུར་བཅས་ཀྱི་རྣམ་པ་མཚོན་པའི་དུས་གསུམ་གྱི་ཁྱད་པར་ཡོད་པའི་ཚིག་ཅིག་སྟེ། དཔེར་ན་འབྲི། ཀློག བཤད། ཉན་བྱ་བྱེད་ཐ་དད་དང་། འགྲོ། སྡོད། ལང་། ཉལ་སོགས་བྱ་བྱེད་ཐ་མི་དད་པ་དང་། ཤེས། རྟོགས། སྐྲག་སོགས་གཟུགས་མི་འགྱུར་བའི་བྱ་ཚིག་རྣམས་སོ།།[1]ཞེས་དང་། ༼རྟགས་ཀྱི་འཇུག་པའི་དཀའ་འགྲེལ་གནད་ཀྱི་སྒྲོན་མེ༽ཞེས་པའི་ནང་ཚོགས་གསུམ་གྱི་དཔེ་བརྗོད་ཅིག་བཀོད་ཡོད་པ་འདི་ལྟར། བཟོ་པས་ལྕགས་ལ་རྩི་བཏང་ལྟ་བུར་ཆ་མཚོན་ན། བཟོ་བ་ནི་མིང་གི་ཚོགས། པས་ཞེས་པའི་བྱེད་སྒྲ་ནི་རྣམ་དབྱེའི་ཚོགས། ལྕགས་ཞེས་པ་མིང་གི་ཚོགས། ལ་ནི་རྣམ་དབྱེའི་ཚོགས། རྩི་ནི་མིང་གི་ཚོགས། བཏང་ནི་བྱ་བའི་ཚིག་གི་ཚོགས་ཡིན། [2]ཞེས་སོགས་དཔེར་བརྗོད་ཀྱི་ཁྲོད་དུ་བྱ་ཚིག་གི་མཚན་ཉིད་དང་ཚོགས་གཞན་གྱི་ཁྱད་པར་འབྱེད་ཡོད། བྱ་ཚིག་གི་ཚིགས་ལ་ཡང་བྱ་བྱེད་ཐ་དད་པ་དང་། བྱ་བྱེད་ཐ་མི་དད་པ་རིགས་ཀྱི་དབྱེ་བ་ཆེན་པོ་གཉིས་ཡོད། བྱ་བྱེད་ཐ་དད་པའང་དབྱེ་བ་དགུ་ལྡན་གྱི་བྱ་ཚིག་དང་དབྱེ་བ་བདུན་ལྡན་གྱི་བྱ་ཚིག་ཞེས་བྱེ་བྲག་གཉིས་དང་། བྱ་བྱེད་ཐ་མི་དད་ལའང་དབྱེ་བ་ལྔ་ལྡན་དང་གསུམ་ལྡན་བཅས་གཉིས་ཡོད་པའོ།།

ཐ་སྙད་སྦྱར་གཞི། བྱེད་འབྲེལ་ལས་ཚིག

བྱ་བྱེད་ཐ་དད་པ།

བྱེད་མེད་ལས་ཚིག

བྱ་བྱེད་ཐ་མི་དད་པ།

transitive verbs Intransitive verbs
བཀྲ་ཤིས་ཀྱིས་རི་མོ་འབྲི།

Tashi draws picture

འབྲི

draw

ཆུ་ཕྲན་བཞུར།

River flows

བཞུར

flow

རེའུ་མིག༡ བོད་ཡིག་གི་བྱ་ཚིག་གི་དབྱེ་བ་རིགས་གཉིས།

གོང་གསལ་གྱི་རེའུ་མིག་ལས། བྱེད་འབྲེལ་ལས་ཚིག་དང་བྱེད་མེད་ལས་ཚིག་ནི་དབྱིན་ཡིག་བྱ་ཚིག་གི་བྱེ་བྲག transitive verbདང intransitive verbགཉིས་དང་ཆ་འདྲ་སྟེ། འབྲི-drawནི་བྱ་བྱེད་ཐ་དད་པའམ་བྱེད་འབྲེལ་ལས་ཚིག་སྟེ། བྱེད་པོ་ཡོད་པས་ལས་སམ་ཡུལpictureཞེས་པ་འདི་ཐད་ཀར་རྗེས་སུ་འཇུག་ཐུབ། བྱ་བྱེད་ཐ་མི་དད་པ་ནི་དཔེར་ན་ཆུ་ཕྲན་བཞུར་ཞེས་པའི་ནང་བཞུར-flow ཆུ་ཕྲན་ནི་སེམས་ལྡན་གྱི་བྱེད་པོ་ཡང་མིན་ལ་བཞུར་ཞེས་པ་བྱ་བ་འདི་ཡང་རང་སྟེང་ལ་བྱུང་བ་ཞིག་ལས་ཡུལ་དང་ལས་གང་ལའང་མི་འཇུག དབྱིན་ཡིག་གི་བརྡ་སྤྲོད་ནང་དུ་གལ་ཏེ་བྱེད་མེད་ལས་ཚིག་དེ་ལས་དང་ཡུལ་ལ་འཇུག་ནུས་པར་བྱ་དགོས་ན་མཚམས་སྦྱོར་གྱི་ཚིག་ཕྲད་འཚམ་པ་དག་བྱེད་མེད་ལས་ཚིག་གི་རྗེས་བཟུང་ན་ད་གཟོད་བྱེད་འབྲེལ་ལས་ཚིག་ཏུ་གྱུརད་ཏོ།། དཔེར flow དེ་བྱེད་འབྲེལ་ལས་ཚིག་ཏུ་འགྱུར་བར་རྗེས་སུ་དབྱིན་གི་ཚིག་ཕྲད into འཇུག་དགོས།

དེ་དང་རིགས་འདྲ་བ་གལ་ཏེ་བོད་ཡིག་གི་བྱེད་མེད་ལས་ཚིག་བྱེད་འབྲེལ་ལས་ཚིག་ལ་འགྱུར་དགོས་ན་སེམས་ལྡན་གྱི་བྱེད་པ་པོ་ཞིག་ལྡན་དགོས་པ་དང་དེར་བསྟུན་གྱི་བྱ་ཚིག་གི་དུས་གསུམ་གྱི་འགྱུར་བའང་ཡོད་དགོས། དཔེར་ན། འཁོར་ལོ་འཁོར།  ཞེས་འཁོར་ནི་བྱེད་མེད་ལས་ཚིག་ཡིན།  བརྗོད་གཞི་འདི་བྱེད་འབྲེལ་ལས་ཚིག་ལ་བཏང་ན་འདི་ལྟར།

བཀྲ་ཤིས་ཀྱིས་འཁོར་ལོ་སྐོར་བཞིན་ཡོད།  Tashi is turning the holy wheel.

 

གཉིས། དབྱིན་ཡིག་གི་བྱ་ཚིག་གི་མཚན་ཉིད་དང་དབྱེ་བ་བཤད་པ།

དབྱིན་ཇི་རྒྱལ་ཁབ་ཀྱི་ཁུ་ལེན་སུ་དབྱིན་ཡིག་ཚིག་མཛོད་ཆེན་པོ(Collins English Dictionary[3])ནི་ཚིག་མཛོད་ཀུན་གྱི་ནང་དབང་ཚད་ཤིན་ཏུ་མཐོ་ལ། དེས་བྱ་ཚིག་ལ་བཞག་ཡོད་པའི་མཚན་ཉིད་ནི་འདི་ལྟར་ཏེ། བྱ་ཚིག་ཟེར་བ་ནི་ཡི་གེའི་ཚོགས་ཤིག་སྟེ། དཔེར་ན། གླུ་ལེན་པ། དྲི་ཚོར་བ། སྐུ་གཤེགས་པ་སོགས་བྱ་ཚིག་ཡིན། བྱ་ཚིག་དེ་དག་ནི་བྱེད་པོ་དང་འབྲེལ་ནས་བྱེད་པ་པོས་གང་ཞིག་སྒྲུབ་པ་དང་ཡང་ན་དོན་རྐྱེན་གང་ཞིག་ལ་བྱེད་པ་པོ་ཞུགས་པ་ཞེས་རགས་ཙམ་མ་གཏོགས་བརྗོད་མེད་མོད། ཕལ་ཆེར་གོང་གསལ་བོད་ཡིག་གི་བྱ་ཚིག་གི་གོ་དོན་དང་འདྲ་བ་རེད། འོན་ཀྱང་དབྱིན་ཡིག་བྱ་ཚིག་ལ་མཚོན་ན་དབྱེ་བ་བཞིར་ཕྱེ་ཡོད་དེ་སོ་སོ་ནི་གཤམ་ལྟར་དབྱིན་ཡིག་གི་ནང་དོན་ལྟར་གང་འཚམ་གྱིས་བོད་ཡིག་ལ་བསྒྱུར་ཡོད། དོན་ལྡན་བྱ་ཚིག(Notional Verb) སྦྲེལ་བྱེད་བྱ་ཚིག(Link Verb)སྨོན་པའི་བྱ་ཚིག( Modal Verb) སྐྱོར་བྱེད་བྱ་ཚིག(Auxiliary Verb) བཅས་བཞི་ཡིན[4]

དོན་ལྡན་བྱ་ཚིག སྦྲེལ་བྱེད་བྱ་ཚིག སྨོན་པའི་བྱ་ཚིག སྐྱོར་བྱེད་བྱ་ཚིག

 

run, bring, come, look be, seem, turn, become may, can, must, should have, do, will
རྒྱུག ཁྱེར་ཡོང་བ། འབྱོར་བ། (མིག་གིས) ལྟ་བ། ཡིན་པ། ཡིན་པར་མངོན་པ། (ཁ་ཕྱོགས)སྒྱུར་བ། འགྱུར་བ། ཆོག་པ། ཐུབ་པ། ངེས་པར་དུ།

དགོས་པ།

བརྗོད་དོན་གསལ་བོར་སྟོན་བྱེད་ཀྱི་ཚིག་གྲོགས་ཀྱི་ནུས་པ་ལས་དམིགས་བསལ་གྱི་ནང་དོན་མེད།

རེའུ་མིག༢  དབྱིན་ཡིག་གི་བྱ་ཚིག་གི་དབྱེ་བ་རིགས་བཞི།

­­­­­­­­­­­­­­རེའུ་མིག་ལས་བསྟན་པ་ལྟར། དབྱིན་ཡིག་གི་བྱ་ཚིག་ལ་དབྱེ་བ་བཞི་སྟེ།

༡ དོན་ལྡན་བྱ་ཚིག་གི་མཚན་དཔེ། I can run      ང་རྒྱུག་ཐུབ།  གསལ་བཤད་བྱ་དགོས་པ་ཞིག་ལ་དངོས་དོན་བྱ་ཚིག་ལ་དངོས་པོ་བདག་གཞན་གཉིས་ཚང་མིན་གྱི་སྒོ་ནས་བྱ་བྱེད་ཐ་དད་པ་དང་མི་དད་པ་གཉིས་སུ་རིགས་དབྱེ་སྟེ། སྐབས་འདིར་རྒྱུག་ཞེས་པའི་བྱ་ཚིག་འདི་ནི་དངོས་པོ་བདག་གཞན་གཉིས་ལས་བདག་ཁོ་ན་ལ་འཇུག་པ་དང་བྱ་བྱེད་ཐ་མི་དད་པའི་རྗེས་སུ་སོང་བས་བོད་ཡིག་བྱ་ཚིག་གི་དབྱེ་བ་དང་ཆ་འདྲ་བར་བྱེད་མེད་ལས་ཚིག་ཀྱང་ཟེར།(The notional verbs are divided into transitive verbs and intransitive verbs. The ‘‘run’’ here is an intransitive verb because there is no object to follow with it) My mother brings me a pair of warm shoes.  ཨ་མས་ང་ལ་ལྷམ་དྲོན་པོ་ཆ་གཅིག་ཁྱེར་ཡོང་།

༢སྦྲེལ་བཤད་བྱ་ཚིག་གི་མཚན་དཔེ།  I am a doctor. ང་ནི་སྨན་པ་ཞིག་ཡིན།She seems a kind girl.  མོ་སེམས་བཟང་ཞིག་ཡིན་པ་འདྲ། She is very beautiful.  མོ་ཧ་ཅང་མཛེས་པོ་འདུག  སྦྲེལ་བྱེད་བྱ་ཚིག(link verb) སྒྲ་བཤད། ཚིག་སྦྱོར་ཕན་ཚུན་སྦྲེལ་བར་བྱེད་པ་དེ། བོད་ཡིག་གི་ཚིག་ཕྲད་དང་འདྲ་བར་ཚིག་སྦྱོར་ནང་ཞུགས་ཚེ་དོན་གསལ་བའམ་མཚམས་སྦྱོར་བ་དང་བརྗོད་བདེ་བར་ཕན་འདོགས་མོད། ཚིག་ཕྲད་དང་མི་འདྲ་ས་ནི་རང་ལ་དོན་ལྡན་པའོ།།

༣ སྨོན་པའི་བྱ་ཚིག་གི་མཚན་དཔེ།    We should accept any responsibilities of this century. ང་ཚོས་དུས་རབས་འདིའི་འགན་འཁྲི་ཡོད་ཚད་དང་དུ་ལེན་དགོས། We must preserve our great conventional customs.ང་ཚོས་ངེས་པར་དུ་ང་ཚོའི་སྲོལ་བཟང་རྒྱུན་འཁྱོངས་བྱེད་དགོས། བོད་ཡིག་གི་ནང་བྱ་ཚིག་གི་ནུས་པ་དང་ཆ་འདྲ་ཡང་བྱ་ཚིག་རང་མིན་པའི་བརྗོད་པ་ཞིག་སྟེ་བྱ་ཚིག་གི་མཐར་སྦྱར་ན་ཐག་ཆོད་པ་དང་རེ་བ་བྱེད་པའི་ནུས་པ་ཡོད་པ་ལ་ལས་ཚིག་རྗེས་མཐུན་པ་ཞེས་འབོད། དབྱིན་ཡིག་ལ་ཡང་དེའི་གོ་ཆོད་པའི་དབྱིན་སྐད་ཀྱིས(modal verb)ཞེས་ལས་ཚིག་རྗེས་མཐུན་པའི་ནུས་པ་དང་འདྲ་ན་ཡང་། འཇུག་ཚུལ་གྱི་ཆ་ནས་ལས་ཚིག་རྗེས་མཐུན་པ་ལྟར་ལས་ཚིག་རྗེས་སུ་མི་འགྲོ་བར་དུས་བརྟག་ཏུ་བྱ་ཚིག་གི་སྔོན་ཏུ་འགྲོ་བས་རྐྱེན། འཇུག་ཚུལ་གྱི་སྒོ་ནས་བོད་ཡིག་ལ་བྱ་ཚིག་སྔོན་མཐུན་པའམ་ལས་ཚིག་སྔོན་མཐུན་པ་ཞེས་བསྒྱུར་ན་ཨེ་འགྲིག་སྙམ།

༤ སྐྱོར་བྱེད་བྱ་ཚིག   I have eaten.  ངས་ཟ་མ་ཟོས་ཟིན། I will set out tomorrow.   ང་སང་ཉིན་ལམ་ལ་ཆས་རྒྱུ་ཡིན། སྐྱོར་བའི་བྱ་ཚིག་ལ་འགྲེལ་བཤད་བྱ་དགོས་པ་ནི་དབྱིན་ཡིག་གི་ཚིག་གྲུབ་ཅིག་ལ་ངེས་པར་ཏུ་བྱ་ཚིག་གཅིག་མ་གཏོགས་ཡོད་མི་རུང་། དེ་ནན་བཤད་བྱེད་པའི་ཆེད་དུ་བྱ་ཚིག་གཅིག་པོ་དེ་ལ་བྱ་ཚིག་གཙོ་བོ(main verb)ཞེས་ཟེར། འོན་ཀྱང་མཚམས་རེ་བརྗོད་དོན་གསལ་པོ་ཡོང་ཆེད་དུ་སྐྱོར་བའི་བྱ་ཚིག(auxiliary verb or helping verb)ཞེས་པ་ཞིག་ཡོད་དགོས།དེས་བརྗོད་དོན་གསལ་བོར་སྟོན་བྱེད་ཀྱི་ཚིག་གྲོགས་ཀྱི་ནུས་པ་ལས་དམིགས་བསལ་གྱི་ནང་དོན་ཅི་ཡང་མེད།

གོང་གསལ་ལས་མཐོང་ཐུབ་པ་ནི་དབྱིན་ཡིག་གི་བྱ་ཚིག་རིགས་བཞི་བོར་ལྟོས་ཟླའི་བོད་ཡིག་གི་ཐ་སྙད་རེ་འཚོལ་རྒྱུ་ཡོད་པ་བཤད་མི་དགོས་མོད། གཙོ་བྱ་ཚིག་རིགས་བཞི་བོ་དེ་དག་གི་ནང་དོན་ལས་འཕྲོས་པའི་ནུས་པ་ནི་བོད་ཡིག་ཐ་སྙད་རེ་རེའི་ནུས་པ་དང་མཐུན་ཞིང་འཚམ་པ་གསལ།དེ་ནི་གཞུག་གི་བྱ་ཚིག་འགྱུར་བའི་ཁྱད་ཆོས་ལ་བརྟག་པའི་སྐབས་སུ་གལ་འགངས་ཤིན་ཏུ་ཆེ།

 

གཉིས་པ། བྱ་ཚིག་གི་འགྱུར་བ་བྱེ་བྲག་པའི་སྐོར།

གཅིག བོད་ཡིག་གི་བྱ་ཚིག་གི་འགྱུར་བ་བྱེ་བྲག་པ་བཤད་པ།

བོད་ཡིག་ཁྲོད་ན་བྱ་ཚིག་གི་འགྱུར་བ་བྱེ་བྲག་ཡོད་པ་དེ་དུས་གསུམ་གྱི་རྗེས་སུ་འགྲོ་ལ། བོད་ཡིག་བྱ་ཚིག་གི་འགྱུར་བས་དུས་ཀྱི་ཁྱད་ཆོས་འཁྲུལ་བ་མེད་པར་བརྗོད་པའི་ནུས་པ་ཡོད། དེ་ནི་རྒྱ་སྐད་ཡིག་དང་མི་འདྲ་བར་དུས་གསུམ་སྟོན་པའི་ཆེད་དུ་མིང་བརྡ་དང་ཡང་ན་ལས་ཚིག་རྗེས་མཐུན་པའི་མིང་སོགས་མ་བཀོལ་ན་དུས་ཀྱི་དབྱེ་བ་འབྱེད་མི་ནུས་སོ།། བོད་ཡིག་བྱ་ཚིག་གི་དུས་སྟོན་པའི་ཁྱད་ཆོས་ནི་དུས་འདས་པ་ལ་བྱ་ཚིག་འདས་པའི་རྣམ་པ་རུ་འགྱུར་བ་དང་དུས་ད་ལྟ་བ་ལ་གང་ཡང་འགྱུར་བ་མ་བྱུང་བའི་བྱ་ཚིག དུས་མ་འོངས་ལ་བྱ་ཚིག་མ་འོངས་པའི་རྣམ་པ་རུ་འགྱུར་བ་རེད། བོད་ཡིག་གི་བྱ་ཚིག་འགྱུར་བའི་ཁྱད་ཆོས་ལའང་ཐུན་མོང་མ་ཡིན་པ་རྣམ་པ་ཞིག་ཡོད་པ་ནི་སྐུལ་ཚིག་དང་དགག་སྒྲ་ལྡན་པའི་སྐུལ་ཚིག་གཉིས་ཡིན། ལྷག་པར་བོད་ཡིག་གི་བྱ་ཚིག་འགྱུར་བའི་རྣམ་པ་གཞན་ཞིག་ཡོད་ཀྱང་ཡོད་དེ། གཟུགས་འགྱུར་བའི་བྱ་ཚིག་དང་གཟུགས་མི་འགྱུར་བའི་བྱ་ཚིག་གཉིས་ཡིན་ལ། གསལ་བཤད་བྱ་དགོས་པ་ཤིག་སྟེ་དགག་སྒྲའི་སྐུལ་ཚིག་ནི་བྱ་ཚིག་ཡོད་དོ་ཅག་ལ་འཇུག་པའི་ངེས་བ་མེད་པའོ།།

གཟུགས་འགྱུར/གཟུགས་མི་འགྱུར་བའི་བྱ་ཚིག འདས་པའི་བྱ་ཚིག

Past tense

བྱེད་པའི་ལས།

 

Present

tense

བྱ་བའི་ལས།

 

Future

tense

སྐུལ་ཚིག
བྲན་དུ བཀོལ འཁོལ བཀོལ ཁོལ
གཞན་ནོར བརྐུས རྐུ བརྐུ རྐུས
ཀུན་གྱི བཀུར བཀུར བཀུར བཀུར
རོལ་མོ་སོགས དཀྲོལ དཀྲོལ དཀྲོལ དཀྲོལ
ཆུ་བོ་སོགས བྲི་ འབྲི འབྲི
རྗེས་སུ འབྲངས འབྲང འབྲང འབྲོངས
སྐྲ་སོགས བྲེགས་པ འབྲེག་པ འབྲེག་པ བྲེགས་པ
སྐད་ཡིག་སོགས སྦྱངས་པ སྦྱོང སྦྱང སྦྱོངས
གཞན་ལ དམད་པ དམོད དམད དམོད
ཡུལ་གཞན་དུ བྲོས་པ འབྲོས་པ འབྲོ་བ བྲོས

རེའུ་མིག༣ བོད་ཡིག་བྱ་ཚིག་གི་འགྱུར་བ་བྱེ་བྲག་པ།[5]

གོང་གི་རེའུ་མིག༣པ་ལས་སྟོན་པ་ལྟར་བོད་ཡིག་བྱ་ཚིག་གི་འགྱུར་བ་ནི་གཙོ་བོ་དུས་གསུམ་གྱི་དབང་དུ་གསུམ་དང་། སྐུལ་ཚིག་དང་དགག་སྒྲའི་སྐུལ་ཚིག་གི་དབང་དུ་གཉིས་ཡོད། དེ་དག་དབྱིན་ཡིག་བྱ་ཚིག་གི་དུས་གསུམ་གྱི་འགྱུར་བ་དང་བསྡུར་ན་འདི་ལྟར།

བྲན་དུ་བཀོལ་ཟིན་པ། -enslaved  བྲན་དུ་འཁོལ་བཞིན་པ། -enslaving  བྲན་དུ་བཀོལ་རྒྱུ -will enslave  གཞན་ནོར་བརྐུས་ཟིན་པ། -steal    གཞན་ནོར་རྐུ་བཞིན་པ། -stealing    གཞན་ནོར་བརྐུ་རྒྱུ -will steal  ཀུན་གྱིས་བཀུར་ཟིན་པ། -esteemed  ཀུན་གྱིས་བཀུར་བཞིན་པ། -esteeming  ཀུན་གྱིས་བཀུར་རྒྱུ། -will esteem  རོལ་མོ་སོགས་བཀྲོལ་ཟིན་པ། -played   རོལ་མོ་སོགས་བཀྲོལ་བཞིན་པ། -playing   རོལ་མོ་སོགས་བཀྲོལ་རྒྱུ། -will play ཆུ་བོ་སོགས་བྲི་ཟིན་པ། -dried  ཆུ་བོ་སོགས་འབྲི་བཞིན་པ། -drying  ཆུ་བོ་སོགས་འབྲི་ལ་ཉེ་བ། -will dry  རྗེས་སུ་འབྲངས་ཡོད་པ། -followed   རྗེས་སུ་འབྲང་བཞིན་པ། -following   རྗེས་སུ་འབྲང་རྒྱུ། -will follow  སྐྲ་སོགས་བྲེགས་ཟིན་པ། -cut   སྐྲ་སོགས་འབྲེག་བཞིན་པ། -cutting   སྐྲ་སོགས་འབྲེག་རྒྱུ། -will cut   སྐད་ཡིག་སོགས་སྦྱངས་ཟིན་པ། -studied   སྐད་ཡིག་སོགས་སྦྱོང་བཞིན་པ། -studying  སྐད་ཡིག་སོགས་སྦྱང་རྒྱུ། -will study  གཞན་ལ་དམད་པ། -swore  གཞན་ལ་དམོད་བཞིན་པ། -swearing   གཞན་ལ་དམད་རྒྱུ། -will swear  ཡུལ་གཞན་དུ་བྲོས་ཟིན་པ། -escaped  ཡུལ་གཞན་དུ་འབྲོས་བཞིན་པ། -escaping   ཡུལ་གཞན་དུ་འབྲོ་རྒྱུ། -will escape དེ་ནང་བཞིན་བོད་ཡིག་དང་དབྱིན་ཡིག་གི་བྱ་ཚིག་གི་དུས་གསུམ་གྱི་འགྱུར་བ་ཡང་བྱ་ཚིག་ཉིད་ཀྱི་འགྱུར་བ་ལས་སྟོན་པ་རེད།

 

2.2 དབྱིན་ཡིག་བྱ་ཚིག་གི་འགྱུར་བ་བྱེ་བྲག་པ་བཤད་པ།

དབྱིན་ཡིག་བྱ་ཚིག་གི་འགྱུར་བའི་རྣམ་པ་མང་པོ་ཡོད་དེ། སྤྱིར་བཏང་ད་ལྟ་བ། བྱེད་བཞིན་ད་ལྟ་བ། འདས་མ་ཐག་པའི་ད་ལྟ་བ། འདས་བཞིན་པའི་ད་ལྟ་བ། སྤྱིར་བཏང་འདས་པའི་ལས་ཚིག འདས་དུས་ཀྱི་བྱེད་བཞིན་པ། འདས་དུས་ཀྱི་འདས་མ་ཐག་པ། འདས་དུས་ཀྱི་འདས་བཞིན། སྤྱིར་བཏང་མ་འོངས་པ། མ་འོངས་པའི་ད་ལྟ་བ། བྱེད་བཞིན་པའི་མ་འོངས་པ། འདས་མ་ཐག་པའི་མ་འོངས་པ་སོགས་ཡོད།[6] འདི་དག་ནི་བོད་ཡིག་ལས་ཚིག་གི་བྱ་བྱེད་ཐ་དད་པའི་དབྱེ་བ་དགུ་ལྡན་དང་བདུན་ལྡན། བྱ་བྱེད་ཐ་མི་དད་པའི་དབྱེ་བ་ལྔ་ལྡན་དང་གསུམ་ལྡན་སོགས་དང་མཚུངས་པ་དཔེར་བརྗོད་དང་བཅས་བཤད་པར་བྱའོ།།

 ད་ལྟ་བའི་རྣམ་པ་བཤད་པ།

༡སྤྱིར་བཏང་ད་ལྟ་བ། The Present Tense བྱ་ཚིག་གི་འགྱུར་རྣམ།

-verb༼མ་གཟུགས།༽ཉེ་ལམ་ཡང་ན་རྒྱུན་ལྡན་དུ་་བྱེད་ཅིང་ཡོད་པའི་བྱ་བ་སྟོན་པའི་དོན་རྐྱེན་བརྗོད་པར་སྤྱིར་བཏང་ད་ལྟ་བ་འཇུག བོད་ཡིག་བྱ་ཚིག་གི་རྣམ་པ་ནི་ད་ལྟ་བའི་རྣམ་པའི་རྗེས་སུ་ལས་ཚིག་རྗེས་མཐུན་པ་འཇུག་པ་སྟེ། དཔེར་ན།

I write a paper.           ངས་དཔྱད་རྩོམ་ཞིག་འབྲི་བར་བྱེད།

They are nation’s athletes. ཁོ་ཚོ་རྒྱལ་ཁབ་ཀྱི་ལུས་རྩལ་པ་རྣམས་རེད།

I like playing basketball. ང་ལག་རྕེ་སྤོ་ལོ་རྕེ་བར་དགའ།

༢ བྱེད་བཞིན་ད་ལྟ་བ།The Present Progressive Tense  བྱ་ཚིག་གི་འགྱུར་རྣམ།  -be+V(ing)

ད་ལྟ་བྱེད་བཞིན་པའི་བྱ་བ་སྤྱོད་པའམ་གནས་བབ་བརྗོད་པར་ད་ལྟ་བྱེད་བཞིན་པའི་བྱ་ཚིག་གི་འགྱུར་རྣམ་བཀོལ་དགོས་པ་རེད། བོད་ཡིག་ལ་བསྒྱུར་ན་ཚིག་གྲོགས་བཞིན་སོགས་སྦྱར་དགོས། (progressive ཞེས་ཀྱི་ནང་དོན་ནི་བྱ་བ་ཞིག་དུས་ཡུན་ངེས་ཅན་ཞིག་ལ་རྒྱུན་འཁྱོངས་བའི་རྣམ་པ་ཅན་ལ་གོ་དགོས། non-progressive ཞེས་པ་འདིས་བྱ་བ་གང་ཞིག་སྟོན་པ་མ་གཏོགས་བྱ་བ་དེ་དུས་ཀྱི་འགྲོས་དང་བསྟུན་རྒྱུན་བསྲིང་བའི་ངེས་པ་རྩ་བ་ནས་མེད།

She is reading. མོས་དཔེ་ཀློག་བྱེད་བཞིན་ཡོད།

We are recently staying at home. ང་ཚོ་ཉེ་ལམ་རང་ཁྱིམ་ན་སྡོད་ཡོད།

I am driving car now. ངས་ད་ལྟ་རླངས་འཁོར་སྐོར་བཞིན་ཡོད།

 

༣འདས་མ་ཐག་པའི་ད་ལྟ་བ།The Present Perfect Tense. བྱ་ཚིག་གི་འགྱུར་རྣམ།

have/has+V(འདས་པ) སྐད་ཆ་བཤད་པའི་དུས་དེར་ལས་གང་དེ་རྫོགས་མ་ཐག་

པའི་དོན་སྟོན་པ་ལ། ཡང་ན་འདས་པའི་དོན་རྐྱེན་གང་རུང་ཞིག་གིས་ད་ལྟར་ཐེབས་པའི་

ཤུགས་རྐྱེན་བརྗོད་པའི་དབང་དུ་འདས་མ་ཐག་པའི་ད་ལྟ་བ་སྟེ། འདས་པའི་ལས་ཚིག་དང་

འབྲེལ་ནས་ད་ལྟའི་དུས་བརྗོད་པ། མྱོང་། ཚར་སོགས་ལས་ཚིག་རྗེས་མཐུན་པ་དང་ལྷན་དུ་

སྦྱོར་བ།

I have been to Lhasa twice.   ང་ལྷ་ས་ལ་འགྲོ་ཐེངས་གཉིས་ཡིན།

She has done work like reporter in previous time.           མོ་སྔོན་ཆད་གསར་འགོད་པ་བྱས་མྱོང་།

I have studied English for 2 years. ངས་དབྱིན་ཡིག་སྦྱངས་ནས་ལོ་གཉིས་རེད།

 

༤འདས་བཞིན་པའི་ད་ལྟ་བ། The Present Perfect Progressive  Tense  :have/has been+V(འདས་ཚིག)  དོན་རྐྱེན་གང་ཞིག་འདས་མ་ཐག་པ་ཡིན་ཡང་དེའི་རྗེས་ཤུལ་ད་དུང་རྫོགས་མེད་པའི་རྣམ་པ་ཅན་ལ་ཟེར།ཡང་ན་མུ་མཐུད་དུ་བྱ་བ་སྒྲུབ་པའོ།། ཟིན་དང་སི་སོགས་ཀྱི་ལས་ཚིག་རྗེས་མཐུན་པ་སྦྱར་བ། དཔེར་ན།

I have been writing letters this morning. ད་ནང་ཞོགས་པ་ནས་ངས་ཡིག་འཕྲིན་བྲིས་བ་ཡིན།

It has been raining for three hours. ཆར་བ་བབས་ནས་ཆུ་ཚོད་གསུམ་བླངས་དང་ཟི།

She has been studying Tibetan for 18 years. མོས་བོད་ཡིག་སྦྱངས་ནས་ལོ༡༨ ་བླངས་དང་ཟི།

 

འདས་པའི་རྣམ་པ་བཤད་པ།

༡ སྤྱིར་བཏང་བའི་འདས་པ། The Past Tenseབྱ་ཚིག་གི་འགྱུར་རྣམ།-V(འདས་པ)

དུས་གསུམ་སྤྱིར་བཏང་པ་དང་། བྱེ་བྲག་པ་སོ་སོའི་སྐབས་ཀྱི་དུས་འདས་པ་སྟོན་པའི་ལས་ཚིག་དང་། བྱ་བྱེད་ཐ་མི་དད་པའི་ཚིག་གྲོགས་ལ་བརྟེན་ནས་སྤྱིར་འདས་དུས་ཀྱི་དོན་རྐྱེན་བརྗོད་པའི་ངག་སྦྱོར་ལ་ཟེར། དཔེར་ན།

I watched this film.   ངས་གློག་བརྙན་འདི་ལ་བལྟས་ཟིན།

I went to school when I was little.       ང་ཆུང་དུས་སློབ་གྲྭ་ལ་འགྲོ་མྱངས་རེད།

She got home. མོས་ཁྱིམ་ལ་འབྱོར་ཟིན།

༢ འདས་དུས་ཀྱི་བྱེད་བཞིན་པ། The Past Progressive Tense བྱ་ཚིག་གི་འགྱུར་རྣམ was/were+Ving   འདས་པའི་དུས་རྗོད་པའི་སྐབས་སུ་ད་ལྟ་བའི་ལས་སྤྱོད་དགོས་པ་ཞིག་སྟེ། དཔེར་ན།

I was watching TV when my mom got home. ཨ་མ་ཁྱིམ་ལ་ལོག་དུས་ངས་བརྙན་འཕྲིན་ལ་ལྟ་བཞིན་ཡོད།

They were playing basketball in the morning yesterday. ཁ་སང་གི་ཞོགས་པར་ཁོ་ཚོ་སྤོ་ལོ་རྕེད་བཞིན་ཡོད།

We were having breakfast when my brother got up. ངའི་ནུ་བོ་མལ་ལས་བླངས་དུས་ང་ཚོ་ཞོགས་ཟས་བཟའ་བཞིན་ཡོད།

 

༣ འདས་དུས་ཀྱི་འདས་མ་ཐག The Past Perfect Tense  བྱ་ཚིག་གི་འགྱུར་རྣམ had+V(འདས་པ)

གོ་དོན། འདས་པའི་དུས་སུ་བྱུང་བའི་དོན་རྐྱེན་གང་ཞིག བྱུང་མ་ཐག་པའི་སྐབས་དེའི་རྗེས་ཤུལ་གྱི་སྣང་ཚུལ་བརྗོད་པའི་རྣམ་པ་ཅན་ཏེ།

He said that he had taken bus in the morning.    ཁོས་བཤད་རྒྱུར་ཁོ་ཞོགས་པར་སྤྱི་སྤྱོད་རླངས་འཁོར་ནང་དུ་བསྡད་ནས་བུད་སོང་ཟེར།

When I woke up, it had already stopped raining. ང་ཡར་སད་དུས་ཆར་བ་འབབ་མཚམས་བཞག་ཟིན་རེད།

My father had left when I got home. ང་ཁྱིམ་ལ་འབྱོར་དུས་ཨ་ཕ་དེའི་སྔོན་ནས་བུད་སོང་ཟི།

 

༤ འདས་དུས་ཀྱི་འདས་བཞིན། The Past Perfect Progressive Tense        བྱ་ཚིག་གི་འགྱུར་རྣམ had been+V(ing) གོ་དོན།  འདས་པའི་དུས་སུ་བྱུང་བའི་དོན་རྐྱེན་གང་ཞིག བྱ་བ་དེའི་མཇུག་རྫོགས་བཞིན་པ་བརྗོད་པའི་རྣམ་པ་ཅན་ཞིག་ཡིན། དེའང་འདས་པའི་བྱ་བ་གཅིག་རྗེས་གཅིག་མཐུད་ནས་བརྗོད་དགོས་ཤིང་། འདས་པའི་ལས་ཚིག་གཉིས་ཀྱིས་དོན་དེ་སྟོན་པ་ཞིག་སྟེ། དཔེར་ན།

The bus had been coming when we waited for 20 minutes yesterday. ཁ་སང་སྐར་མ་ཉི་ཤུ་བསྒུག་རྗེས་སྤྱི་སྤྱོད་རླངས་འཁོར་ད་གཟོད་འབྱོར་ཡོང་ཐ།

She had been learning English 2 years before he joined this course. སློབ་ཁྲིད་འདི་ལ་མ་ཞུགས་པའི་སྔོན་ནས་མོས་དབྱིན་ཡིག་ལོ་གཉིས་ལ་སྦྱངས་ཡོད་ཟི།

My grandma had been working in the farm before my mom was born.

ངའི་ཨ་མ་མ་སྐྱེས་དུས་སྔོན་དག་དག་ངའི་ཨ་ཕྱི་ཞིང་ནང་ན་ལས་ཀ་ལས་བཞིན་ཡོད་ཟི།

  མ་འོངས་བའི་རྣམ་པ་བཤད་པ།

༡ སྤྱིར་བཏང་མ་འོངས་བ། The Simple Future Tense བྱ་ཚིག་གི་འགྱུར་རྣམ།     will/shall+V(མ་གཟུགས)

གོ་དོན། དོན་རྐྱེན་གང་ཞིག་ད་ལྟ་མ་བྱུང་ཡང་མ་འོངས་བའི་དུས་ན་མངོན་ཏུ་འགྱུར་བའི་་རྣམ་པ་ཅན། མང་ཆེ་ཚིག་གྲོགས་རྒྱུ་དང་ཉེ་དང་སོགས་ལ་སྦྱར་བ་རེད།

He will get married.     ཁོ་གཉེན་བསྒྲིག་ལ་ཉེ།

The wandering cat will have a master soon. ཞི་ལ་ལྡོམ་པོ་འདི་ལ་མི་འགྱངས་བར་བདག་པོ་ཡོད་རྒྱུ་རེད།

We shall make efforts for ourselves. ང་ཚོས་རང་ཉིད་ཀྱི་ཆེད་དུ་འབད་བརྩོན་བྱེད་རྒྱུ་ཡིན།

 

༢ བྱེད་བཞིན་པའི་མ་འོངས་པ།The Future Progressive Tense  will/shall be +V(ing)

གོ་དོན། མ་འོངས་པའི་དུས་བརྗོད་པ་དང་ལྷན་ཏུ་བྱེད་བཞིན་པའི་ད་ལྟ་བའི་ལས་ཚིག་སྤྱོད་དགོས་པ་ཞིག་སྟེ། མ་འོངས་བྱེད་བཞིན་པའི་བྱ་སྤྱོད་དང་གནས་བབས་སྟོན་པ། དཔེར་ན།

This time next day I will be sitting in home. སང་ཉིན་ད་མཚངས་ང་རང་ཕ་ཡུལ་ན་ཡོད་རྒྱུ་རེད།

Will you be using your car this evening? དོ་དགོང་ཁྱོའི་རླངས་འཁོར་སྤྱོད་དམ།

I will be playing computer game next day. སང་ཉིན་ངས་གློག་རྡུལ་རྕེད་ཆས་རྕེ་བཞིན་ཡོད་བ་རེད།

༣ འདས་མ་ཐག་པའི་མ་འོངས་པ། The Future Perfect Tense བྱ་ཚིག་གི་འགྱུར་རྣམ།  shall/will+have+V(འདས་ཚིག)

གོ་དོན། མ་འོངས་དུས་སུ་བྱ་བ་གང་ཞིག་བྱས་ཟིན་པའི་རྣམ་པ་བརྗོད་པ་ཞིག མ་འོངས་པའི་ལས་ཚིག་དང་དུས་འདས་པ་སྟོན་པའི་རྐྱེན་གྱི་ཚིག་གྲོགས་ལྷན་ཏུ་སྦྱར་ནས་བརྗོད་དགོས་པ་ཞིག་སྟེ། དཔེར་ན།

You will have reached Lhasa by this time tomorrow. ཁྱོད་སང་ཉིན་གྱི་ད་མཚམས་ལྷ་ས་ལ་སླེབས་ཡོད་ལེ་རེད།

They will have been married for 20 years by then. དུས་སྐབས་དེར་ཁོ་ཚོ་གཉེན་བསྒྲིགས་བྱས་ནས་ལོ ༢༠ ལོན་ཚར་ལེ་རེད།

I will have been accomplished my study career in 5 years. ལོ་ལྔའི་གཞུག་ཏུ་ངས་ངའི་སློབ་སྦྱོང་གི་ལམ་ཁ་བརྒྱུད་ཚར་ལེ་རེད།

 

གསུམ་པ།  བྱ་ཚིག་གི་འགྱུར་བ་དང་དུས་གསུམ་གྱི་འབྲེལ་བ།

3.1 སྤྱིར་བཏང་བའི་དུས་གསུམ་མཚོན་བྱེད་ལ་བྱ་ཚིག་གི་འགྱུར་བ་འཇུག་ཚུལ།

སྤྱིར་བཏང་བའི་དུས་གསུམ་ནི་དུས་འདས་པ་དང་ད་ལྟ་བ་དང་མ་འོངས་པ་བཅས་གསུམ་ལ་གོ་དགོས་ལ། བརྗོད་པ་དང་ཚིག་གྲུབ་གང་ཞིག་ཡིན་ཡང་དུས་གསུམ་གང་རུང་བ་ཞིག་གི་སྒྲོམ་གཞི་ལ་ཚུད་ཡོད། ཡིན་ན་ཡང་སྐད་རིགས་ཡོད་ཚད་ཀྱི་དུས་གསུམ་མཚོན་པའི་རིགས་པ་མི་འདྲ། དམིགས་བསལ་གྱིས་འདིར་བོད་ཡིག་དང་དབྱིན་ཡིག་གཉིས་ལ་མཚོན་ན་དུས་གསུམ་གྱི་ཁྱད་པར་སྟོན་བྱེད་ནི་བརྗོད་པ་ཞིག་གི་ནང་གི་བྱ་ཚིག་འགྱུར་བ་ལ་རག་ལས། དེར་མ་ཟད་བོད་ཡིག་དང་དབྱིན་ཡིག་གཉིས་ལ་མཚོན་ན་སྐད་རིགས་གཞན་པ་དང་འདྲ་བར་དུས་གསུམ་སྟོན་བྱེད་ལ་མིང་ཚིག་ཀྱང་ཡོད་དེ། དཔེར་ན། ཁ་སང་། (yesterday)  དེ་རིང་། (today)  སྐབས་སུ་བབས་པ།། (at the moment)  སང་ཉིན (tomorrow) སོགས་མང་པོ་ཡོད།[7]

སྤྱིར་བཏང་བའི་དུས་གསུམ་མཚོན་བྱེད་ལ་བྱ་ཚིག་གི་འགྱུར་བ་འཇུག་ཚུལ་ནི་བོད་ཡིག་དང་དབྱིན་ཡིག་གཉིས་ཀྱི་ཐུན་མོང་གི་ཁྱད་ཆོས་རེད། བོད་ཡིག་བྱ་ཚིག་གི་བྱ་བྱེད་ཐ་དད་པའི་དབྱེ་བ་དགུ་ལྡན་གྱི་བྱ་ཚིག་གི་མཚན་ཉིད་དེ། བྱེད་པོ་ལས་དང་བྱེད་ལས་བྱ་བའི་ལས།། བྱེད་ལས་མ་འོངས་བྱེད་བཞིན་ད་ལྟ་བ།། འདས་དང་སྐུལ་ཚིག་དགག་སྒྲའི་སྐུལ་ཚིག་ལ།། དབྱེ་བ་དགུ་ལྡན་ལས་ཚིག་ཅེས་བརྗོད་དོ།། དབྱིན་ཡིག་ལ་མཚོན་ན་དུས་ཀྱི་རྣམ་པ་བཅུ་དྲུག་ཅན་དུ་ཡོད་པ་གོང་གསལ་གྱི་ས་བཅད་ལས་སྟབས་བདེ་ངང་གོ་དོན་དང་དཔེར་བརྗོད་དང་བཅས་པ་བཀོད་ཡོད། གཤམ་ནས་བོད་ཡིག་བྱ་ཚིག་གི་དབྱེ་བ(ཡང་ན་སྐབས་འདིར་འགྱུར་རྣམ་ཞེས་བརྗོད་ན་གོ་བདེ་མོ་ཡིན)ཆེས་མང་བའི་འགྱུར་རྣམ་དང་དབྱིན་ཡིག་གི་བྱ་ཚིག་འགྱུར་བ Tense་གཉིས་ཀྱི་ཐུན་མོང་གི་ཁྱད་ཆོས་སྐད་གཉིས་ཀྱི་ལམ་ནས་བསྡུར་བར་བྱ་སྟེ། དཔེར་ན། བཀྲ་ཤིས་ཀྱིས་དཔྱད་རྩོམ་འབྲི། བཀྲ་ཤིས་བྱེད་པ་པོ་དང་། ཀྱིས་ནི་རྣམ་དབྱེ་གསུམ་པ་བྱེད་སྒྲ། དཔྱད་རྩོམ་ཞེས་པ་ནི་ལས་སམ་ཡུལ། འབྲི་ཞེས་པའི་བྱ་ཚིག་གི་དབྱེ་བ་དགུ་ལྡན་འདི་ལྟར་དེ། 1.འབྲི་བར་བྱེད་ཅེས་པ་ནི་བྱེད་པའི་ལས། – Tashi has wrote his paper. 2.བྲི་བར་བྱ་ཞེས་པ་ནི་བྱ་བའི་ལས། – Tashi will write his paper. 3.འབྲི་བར་འགྱུར་ཞེས་པ་ནི་བྱེད་ལས་མ་འོངས་པ། – Tashi will have writing his paper. 4.འབྲི་བཞིན་པ་ཞེས་པ་ནི་ད་ལྟ་བ། – Tashi writes his paper. 5. བྲིས་ཟིན་པ་ནི་དུས་འདས་པ། – Tashi wrote his paper. 6.བྲིས་ཤིག་ཅེས་པ་ནི་སྐུལ་ཚིག 7. མ་འབྲི་ཞེས་བ་ནི་དགག་སྒྲའི་སྐུལ་ཚིག་གཞན་པ་གཉིས་ཀ་ནི 8.བྱེད་པ་དང་། 9.ལས་ཉིད་ཡིན། བྱེད་པ་དང་ལས་གཉིས་བོད་ཡིག་གི་བརྡ་སྤྲོད་ནང་དུ་ལས་ཚིག་གི་དབྱེ་བར་འགྲོ་ཡང་དབྱིན་ཡིག་ལ་བྱེད་པོ་དང་ལས་གཉིས་བྱ་ཚིག་དབྱེ་བར་མི་འགྲོ་པར་སྤྱིར་བཏང་བའི་བྱེད་པ་པོ་དང་ལས་སམ་ཡུལ་གྱི་མིང་ལ་གོ་དགོས་པ་རེད། བོད་ཡིག་གི་ལས་ཚིག་ལ་དབྱེ་བ་དགུ་ཡོད་པས་འདིའི་རིགས་ལ་དབྱེ་བ་དགུ་ལྡན་གྱི་བྱ་ཚིག་ཅེས་བརྗོད། གོང་གསལ་གྱི་ལས་ཚིག་གི་དབྱེ་བ་དང་པོ་དང་གཉིས་པ་གསུམ་པ་དང་བཞི་བ་དང་ལྔ་བ་བཅས་ནི་དུས་གསུམ་གྱི་དབང་དུ་འགྲོ་བ་དང་ཚིག་གྲོགས་སོགས་སྦྱར་ན་དེ་དུས་ཀྱི་རྣམ་པ་མི་འདྲ་བ་ཁྱབ་པ་རེད། གཤམ་ནས་བོད་ཡིག་གི་དུས་གསུམ་གྱི་རྣམ་པ་བརྗོད་པར་བོད་ཡིག་བྱ་ཚིག་གི་འགྱུར་བ་དང་དབྱིན་ཡིག་བྱ་ཚིག་གི་འགྱུར་བའི་རྣམ་པ་སོགས་བོད་དབྱིན་ཡིག་གི་ཐ་སྙད་གཤན་སྦྱར་དང་བཅས་པ་རེའུ་མིག་ལས་གསལ་བར་སྟོན་པར་བྱ།

ཡིག་འཕྲིན་འདི་སང་ཉིན་བསྐྱལ་རྒྱུ་ཡིན། the letter will be sent tomorrow.
ངས་དེ་རིང་ཡིག་འཕྲིན་སྐྱེལ་བཞིན་ཡོད། I send the letter today.
ཡིག་འཕྲིན་དེ་ཁ་སང་བསྐྱལ་ཟིན། The letter was sent yesterday.

                                     བསྐྱལ། སྐྱེལ། བསྐྱལ།

རེའུ་མིག༥ དུས་གསུམ་སྟོན་པར་བྱ་ཚིག་གི་འགྱུར་བ་རིགས་གསུམ།

མི་སུ་ཡིན་རུང་རིམས་ནད་འགོ་རྒྱུའི་ཉེན་ཁ་ཡོད། Whoever, dangerously, will be infected.
རིམས་ནད་མི་དང་མི་བར་འགོ་བཞིན་ཡོད། The virus spreads among people.
མི་མང་པོར་རིམས་ནད་འགོས་འདུག Many people are infected by the virus.

འགོ འགོ འགོས།

རེའུ་མིག༦ དུས་གསུམ་སྟོན་པར་བྱ་ཚིག་གི་འགྱུར་བ་རིགས་གསུམ།

 

གནངས་ཉིན་ངས་དཔྱད་རྩོམ་བྲི་དགོས། I will write my paper the day after tomorrow.
ངས་དཔྱད་རྩོམ་འབྲི་བཞིན་ཡོད། I write my paper.
ངས་ཁ་སང་ནས་དཔྱད་རྩོམ་བྲིས་ཟིན། I wrote my paper the day before today.

བྲི། འབྲི། བྲིས།

རེའུ་མིག༧ དུས་གསུམ་སྟོན་པར་བྱ་ཚིག་གི་འགྱུར་བ་རིགས་གསུམ།

3.2 བྱ་ཚིག་གི་འགྱུར་བ་དེ་དུས་སྟོན་པའི་མིང་དང་ལྷན་ཏུ་འཇུག་ཚུལ།

སྤྱིར་སྐད་ཡིག་ཤིག་ལ་དུས་ཀྱི་རང་བཞིན་བརྗོད་པར་དུས་སྟོན་བྱེད་ཀྱི་མིང་ཚིག་སོགས་ཡོད་དེ། བོད་ཡིག་དང་དབྱིན་ཡིག་གཉིས་ལ་ནི་ཐུན་མོང་གི་དུས་ཀྱི་རང་བཞིན་བརྗོད་པར་བྱ་ཚིག་གི་འགྱུར་བས་མཚོན་ཐུབ་པ་མ་ཟད་སྐད་ཡིག་མང་ཤོས་དང་འདྲ་བར་དུས་སྟོན་བྱེད་པའི་མིང་ཚིག་ཀྱང་ཡོད། བོད་ཡིག་ལ་དུས་ཀྱི་རང་བཞིན་བརྗོད་པའི་ཐ་སྙད་མང་སྟེ། དཔེར་ན། ཁ་སང་ཞེས་པས་དུས་འདས་པ་སྟོན་པ་དང་། དེ་རིང་ཞེས་པས་དུས་ད་ལྟ་བ་སྟོན་པ་དང་། སང་ཉིན་དང་གནངས་ཉིན་སོགས་ཀྱིས་དུས་མ་འོངས་པ་སྟོན། དབྱིན་ཡིག་གི་ཐ་སྙད་དཔེར་ན། yesterday( ཁ་སང་། ) today( དེ་རིང་། ) tomorrow( སང་ཉིན།)  གཞན་དབྱིན་ཡིག་ལ་ད་དུང་མིང་གི་ཚོགས་འདུས་པ་ཡིས་དུས་ཀྱི་རང་བཞིན་མཚོན་པ་ཡོད་དེ། the day after today(དེ་རིང་གི་ཉིན་གཞུག་མ་སྟེ་སང་ཉིན། ) the next day( སང་ཉིན། ) the day before today( དེ་རིང་གི་ཉིན་སྔོན་མ་སྟེ་ཁ་སང་།)ཞེས་པའོ།། ཡང་གོང་གསལ་གྱི་དུས་ཀྱི་རང་བཞིན་སྟོན་པའི་ཐ་སྙད་དག་བྱ་ཚིག་གི་དུས་གསུམ་དང་ལྷན་དུ་ཚིག་གྲུབ་ནང་དུ་འཇུག་ན་འདི་ལྟར་ཡིན་ཏེ། དཔེར་ན།

བཀྲ་ཤིས་སང་ཉིན་སློབ་གྲྭར་འགྲོ་དགོས།    Tashi will go to school tomorrow.

ལྷ་མོ་ཁ་སང་ང་ལ་བལྟ་རུ་ཡོང་།    Lamo visited me yesterday.

 

ངས་དེ་རིང་དཔེ་ཀློག་བྱེད་བཞིན་ཡོད།     I am reading books today.

 

མཐའ་དཔྱད་པའམ་མཇུག་སྡོམ།

བྱ་ཚིག་གི་ཚོགས་ནི་བརྗོད་དོན་ཞིག་གི་རྩ་བའི་གྲུབ་ཆ་ཡིན་ལ་བྱ་ཚིག་མེད་ན་བརྗོད་དོན་མེད་ལ་དུས་གསུམ་དང་འབྲེལ་བའི་བྱ་ཚིག་ནི་བརྗོད་པ་ཞིག་ལ་སྲོག་ཞུགས་པའི་རྐྱེན་ཡིན། སྐད་ཡིག་བྱིངས་ཀྱི་བྱ་ཚིག་གི་མཚན་ཉིད་གཅིག་གྱུར་ཏུ་འགྲོ་ན་ཡང་བྱ་ཚིག་གི་དབྱེ་བ་ནི་མི་འདྲ་བ་ཡོད་པ་གསལ། བོད་ཡིག་གི་བྱ་ཚིག་ལ་མཚོན་ན་བྱ་བྱེད་ཐ་དད་པ་དང་བྱ་བྱེད་ཐ་མི་དད་པ་ཞེས་རིགས་ཆེན་པོ་གཉིས་དང་། ཞིབ་ཕྲར་བྱ་བྱེད་ཐ་དད་པ་ལ་དབྱེ་བ་དགུ་ལྡན་གྱི་ལས་ཚིག་དང་དབྱེ་བ་བདུན་ལྡན་གྱི་ལས་ཚིག བྱ་བྱེད་ཐ་མི་དད་པ་ལ་དབྱེ་བ་ལྔ་ལྡན་གྱི་ལས་ཚིག་དང་དབྱེ་བ་གསུམ་ལྡན་གྱི་ལས་ཚིག་བཅས་ཀྱང་གདའ། འོན་ཀྱང་ཤེས་དགོས་པ་ཞིག་སྟེ་བོད་ཡིག་གི་ལས་ཚིག་གི་་ནང་གསེས་ཀྱི་དབྱེ་བ་བྱེད་པོ་ལས་གཉིས་སྤྱིར་བཏང་བའི་བྱ་བའི་ཚོགས་སུ་མི་འགྲོ་ལ། དབྱེ་བ་དགུ་ལྡན་དང་བདུན་ལྡན་གྱི་ལས་ཚིག་ཞེས་པའི་ལས་དེ་བྱེད་ལས་གསུམ་གྱི་ལས་དང་བྱེད་ལས་ཀྱི་ལས་དང་ལས་ཚིག་གི་ལས་ཞེས་བྱེ་བྲག་པ་སྤྱིར་བཏང་ཡོད་སྙམ། དེ་བཞིན་དུ་དབྱིན་ཡིག་གི་བྱ་ཚིག་ལ་རིགས་ཆེན་པོ་བཞི་ཡོད་དེ། དོན་ལྡན་བྱ་ཚིག་དང་། སྦྲེལ་བྱེད་བྱ་ཚིག་དང་། སྨོན་པའི་བྱ་ཚིག སྐྱོར་བྱེད་བྱ་ཚིག་བཅས་ཡིན་ལ། རིགས་ཆེན་པོ་བཞི་ཡོད་པའི་རྒྱུ་མཚནའང་དོན་ལྡན་བྱ་ཚིག་ལ་གཞིར་བཞག་ནས་དེ་ལས་ལྷག་པའི་བརྗོད་དོན་དང་བྱེད་ནུས་ཆ་ཚང་སྟོན་ཐུབ་པ་ཞིག་ཏུའང་མཆིས། དོན་ལྡན་བྱ་ཚིག་ལ་བྱེ་བྲག་གི་དབྱེ་བ་གཉིས་ཡོད་དེ། བོད་ཡིག་གི་བརྡ་སྤྲོད་རིག་པའི་ནང་གི་བརྡ་ཆད་བྱ་བྱེད་ཐ་དད་པ་དང་བྱ་བྱེད་ཐ་མི་དད་གཉིས་ཀྱི་དོན་བསྒྱུར་བྱས་ཡོད། དེ་ལྟར་བསྒྱུར་ངེས་པའི་རྒྱུ་མཚན་ནི་བོད་ཡིག་གི་བྱ་བྱེད་ཐ་དད་པ་དང་བྱ་བྱེད་ཐ་མི་དད་པ་གཉིས་ཀྱི་རང་བཞིན་དང་ནུས་བ་ལྟོས་ཟླའི་དབྱིན་ཡིག་གི་དབྱེ་བ་དེ་གཉིས་དང་ཕལ་ཆེར་མཚུངས་པས་སོ།། འདིར་ཕལ་ཆེར་ཞེས་ཤོད་དགོས་པ་ནི་བརྒྱ་ཆ་བརྒྱ་ལྟར་མཚུངས་པ་མིན་ལ། བྱ་བྱེད་ཐ་དད་པའི་བྱ་ཚིག་དང་བྱ་བྱེད་ཐ་མི་དད་པ་གཉིས་ལ་བོད་ཡིག་དང་དབྱིན་ཡིག་སོ་སོའི་ནང་འགྱུར་རྣམ་མང་པོ་ཡོད། བོད་ཡིག་གི་བྱ་ཚིག་གི་འགྱུར་རྣམ་དུས་གསུམ་གྱི་དབང་དུ་འགྲོ་བས་དུས་འདས་པའི་རྣམ་པ་དང་། དུས་ད་ལྟ་བའི་རྣམ་པ་དང་། དུས་མ་འོངས་པའི་རྣམ་པ་བཅས་གསུམ། དབྱིན་ཡིག་གི་བྱ་ཚིག་གི་འགྱུར་རྣམ་སྤྱིར་བཅུ་དྲུག་ལྷག་ཡོད་ཀྱང་གཞི་འཛིན་ས་གཙོ་བོ་ནི་སྤྱིར་བཏང་བའི་དུས་གསུམ་ཡིན། བོད་དབྱིན་ཡིག་གཉིས་ཀྱི་བྱ་ཚིག་གི་འགྱུར་རྣམ་ནི་དུས་ཀྱི་རང་བཞིན་བརྗོད་པར་མེད་དུ་མི་རུང་བའི་བྱ་ཚིག་གི་དུས་དང་མཐུན་པའི་འགྱུར་ལྡོག་ཡིན། ཕྱིར་ལྡོག་ནས་བཤད་ན་དུས་ཀྱི་རང་བཞིན་བརྗོད་བྱེད་གཙོ་བོ་ནི་བྱ་ཚིག་གི་འགྱུར་རྣམ་ཡིན་པ་བོད་དབྱིན་ཡིག་གཉིས་ལ་ཁྱབ། ཁྱབ་པ་འདི་ཉིད་ནི་དེང་སང་རྒྱལ་སྤྱིའི་སྐད་ཡིག་གི་དབྱེ་བ་རིགས་ཆེན་པོའི་ནང་གསེས་ཏེ་རྒྱ་བོད་སྐད་རྒྱུད་དང་ཡོབ་ཧིན་སྐད་རྒྱུད་གཉིས་ཀྱི་མཐོང་དཀའ་བའི་མཚུངས་ཆོས་ཞིག་ཀྱང་རེད། བྱ་ཚིག་འགྱུར་བའི་ཁྱད་ཆོས་འདིས་བོད་སྐད་ཀྱི་བརྡ་སྤྲོད་ཚུལ་གྱིས་དབྱིན་ཡིག་ཐད་སྦྱང་བྱེད་ཐུབ་པའི་ནུས་པ་ཡོད་དེ། ང་ཚོའི་ད་ལྟའི་གནས་བབ་དང་འདྲ་བར་ངེས་པར་ཏུ་སྐད་གསུམ་གྱི་འགྱུར་བ་སོགས་དཀའ་ལས་བརྒྱུད་མི་དགོས། སྐད་གསུམ་འགྱུར་བ་ཞེས་པ་ནི་དབྱིན་ཡིག་ལ་སྦྱང་པའི་བོད་ཕྲུག་སློབ་མ་ཚོས་རྒྱའི་སྐད་ཡིག་གི་བརྡ་སྤྲོད་ཀྱིས་དབྱིན་ཡིག་སྦྱང་དགོས་པ་རེད། སྤྱིར་མི་རིགས་ཤིག་གིས་གཞན་སྐད་སྦྱང་བར་དཀའ་ལས་ཡོད། རྒྱུ་མཚན་ནི་རང་སྐད་ཀྱིས་གཞན་སྐད་འགོག་པའི་ནུས་པ་མི་མངོན་པ་ཞིག་ཡོད་པ་སྟེ། སྐད་གསུམ་གྱི་འགྱུར་བས[8]་བློ་ཡུལ་ལས་འདས་པའི་ནང་དོན་རྙོག་འཛིང་དུ་བཏང་ཡོད་པས་འཆད་རྩོམ་ལ་ཤུགས་རྐྱེན་ཐེབས་པ་རེད། སྦྱང་བྱའི་ཁོར་ཡུག་མེད་པ་ལྟ་ཞོག ཐ་ན་རང་སྐད་ཀྱིས་ཐད་སྦྱང་བྱེད་མི་ཐུབ་པ་པར་བོད་ཡིག་དང་དབྱིན་ཡིག་གཉིས་ཀྱི་བར་ངེས་པར་དུ་རྒྱ་ཡིག་རྒྱ་སྐད་ཅིག་བརྒྱུད་པ་ནི་ཆེས་ཐབས་ཟད་དུ་གྱུར་བ་རེད། རྒྱ་རིགས་སློབ་མ་ཚོས་རང་སྐད་ཀྱིས་དབྱིན་ཡིག་ཐད་སྦྱང་བྱེད་ཐུབ་ན་ང་ཚོས་ཅི་ཕྱིར་རང་སྐད་དེ་བོད་ཡིག་གིས་དབྱིན་ཡིག་ཐད་སྦྱོང་བྱེད་མི་ཐུབ། དེར་མ་ཟད་བོད་ཡིག་དང་དབྱིན་ཡིག་གཉིས་ལ་གོང་གསལ་གྱི་གཞན་སྐད་ལ་མེད་པའི་ཁྱད་ཆོས་དང་ཆ་རྐྱེན་འཛོམས་ཡོད་པས་དབྱིན་ཡིག་སྦྱང་ན་དེ་ལས་སྟབས་བདེ་བ་རེད། འདི་ཡང་གཙོ་བོ་དབྱིན་ཡིག་སྦྱང་སའི་བོད་ཡིག་སློབ་གྲྭའི་མང་ཉུང་དང་དགེ་རྒན་རྣམས་ཀྱི་ཆགས་གཞི་དེ་བོད་རང་གི་དགེ་རྒན་ཡིན་མིན་དང་དགེ་རྒན་དང་སློབ་གསོའི་ཞིབ་འཇུག་པ་རྣམས་ཀྱིས་ཁྲིད་ཚུལ་གསར་གཏོད་སོགས་རྐྱེན་སྣ་ཚོགས་ལ་རག་ལས་དགོས་པ་བཅས་སོ།།

 

 

ལྔ་བ། ཟུར་ལྟའི་ཡིག་ཆ་དང་དཔྱད་གཞི།

[1] དམུ་དགེ་བསམ་གཏན།   [M]  《བརྡ་སྤྲོད་བློ་གསལ་དགའ་སྟོན》  མཚོ་སྔོན་མི་རིགས་དཔེ་བསྐྲུན་ཁང་།  2005

[2] མཁྱེན་རབ་འོད་གསལ།  [M]《རྟགས་ཀྱི་འཇུག་པའི་དཀའ་འགྲེལ་གནད་ཀྱི་སྒྲོན་མེ》  གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་།

[3] F.R.Palmer  [M] 《English Verb Tenses and Related Structures》 Longman Group Limited London 1971:P30

[4]叶蜚声 徐通锵  [M]《语言学纲要》北京大学出版社 2010-01-01:P48-59

[5] 陈庆英  [D]《西夏语同藏语词汇之比较》

[6] Jacques, Guillaume, CNAS (CRLAO) and INALCO  [J]《A possible trace of verb agreement in Tibetan》  Himalayan Linguistics, 9(1)  2010 :P234

 

 

[1] སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་སྤེལ་པའི་བོད་ཀྱི་ཐ་སྙད་ཀྱི་ཚིག་མཛོད་ཚད་ལྡན་ཞིག བསྒྲིགས་བཅོས་ཀྱི་འགན་འཛིན་མཁན་སེར་སྨད་དགེ་བཤེས་བློ་བཟང་སྨོན་ལམ།

[2] མཁྱེན་རབ་འོད་གསལ་གྱིས་བརྕམས། གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ནས་འགྲེམ་སྤེལ་བྱས་པའི་རྟགས་ཀྱི་འཇུག་པའི་དཀའ་འགྲེལ་གནད་ཀྱི་སྒྲོན་མེའི་ཤོག་ངོས༡༣

[3] དེང་རབས་ཀྱི་དབྱིན་ཡིག་ཚིག་མཛོད་ཀྱི་གྲས་དབང་ཚད་ཤིན་ཏུ་མཐོ་བའི་ཚིག་མཛོད་ཅིག    ༡༨༡༩HarperCollinsཔར་བསྐྲུན་ཁང་གིས་པར་བ།

[4] Introduced from the book-The English verb, by F.R.Palmer, a professor of Linguistic Science University of Reading.

[5] དཔེར་བརྗོད་དེ་དག་ནི་ཨ་ཁུ་དམུ་དགེ་བསམ་གཏན་གྱིས་བརྩམས་པའི་བརྡ་སྤྲོད་བློ་གསལ་དགའ་སྟོན་གྱི་ནང་དུས་གསུམ་གྱི་རེའུ་མིག་ལས་དྲངས་པའོ།།

[6] དབྱིན་ཡིག་ལ་སྤྱི་བཏང་དུ་དུས་ཀྱི་རྣམ་གཞག༡༦ལྷག་ཡོད། དེ་དག་ནི English Verb Tenses and Related Structures ཞེས་བརྡ་སྤྲོད་ཀྱི་དཔེ་དེབ་ནང་གསལ། སྐབས་འདིར་བོད་ཡིག་དང་བསྡུར་བདེ་བའི་ཆེད་དེའི་ནང་གསེས་ཀྱི༡༢དྲངས་ཡོད་པ།

[7] Introduced from this book; The Only Grammar Book You’ll Ever Need. By Susan Thurman, published from Adams Media in 2003.5.1

[8] སྐད་གསུམ་གཞན་བའི་སློབ་སྦྱོང་བྱེད་ཚུལ་ནི་དེང་གི་བོད་རིགས་སློབ་མའི་སྤྱིའི་སློབ་སྦྱོང་གི་གནད་དོན་མངོན་གསལ་ཅན་ཞིག་སྟེ། བོད་ཡིག་དང་། དབྱིན་ཡིག། རྒྱ་ཡིག་གསུམ་ཡིན། དེ་ལས་རྒྱ་ཡིག་ནི་དབྱིན་ཡིག་ཐད་སྦྱང་ལ་མི་དགོས་པའི་སྐད་རིགས་ཀྱིས་བསམ་བློ་འགོག་པའི་ནུས་པ་ཞིག་ཐོན་འདུག་སྙམ། བོད་ཡིགFརྒྱ་ཡིགEདབྱིན་ཡིག