ཧྥང་ལི་ཐེན་གྱིས་བརྩམས།

སྒྲོལ་དཀར་ཚེ་རིང་གིས་བསྒྱུར།

 

ནང་ཆོས་ནི་འཛམ་གླིང་གི་ཆོས་ལུགས་ཆེན་པོ་གསུམ་གྱི་ཡ་གྱལ་ཡིན་ལ།  ཧན་ཤར་ནུབ་གཉིས་ཀྱི་དུས་སུ་ཀྲུང་གོར་དར་པ་ནས་བཟུང་ཀྲུང་གོའི་ལོ་རྒྱུས་སྟེང་ཤུགས་རྐྱེན་ཆེན་པོ་བཞག་ཅིང་།  ཀྲུང་གོའི་སྲོལ་རྒྱུན་རིག་གནས་རུའུ་ལུགས་དང་།  ཏའོ་ཅའོ་ཆོས་ལུགས།  ནང་ཆོས་བཅས་གྲུབ་ཆ་ཆེན་པོ་གསུམ་གྱི་ཡ་གྱལ་དུ་གྱུར་པ་མ་ཟད།  རང་གི་ཐུན་མོང་མ་ཡིན་པའི་གཞུང་དོན་དང་བྱེད་ཐབས་ཀྱིས་མི་རྣམས་ཀྱི་ནང་བསམ་པའི་འཚོ་བ་དང་རིག་གནས་ཀྱི་འཚོ་བ་ལ་ཤུགས་རྐྱེན་རྒྱུན་མར་ཐེབས་ཀྱིན་ཡོད།  རང་རྒྱལ་གྱི་ཆོས་ལུགས་ཞིབ་འཇུག་གི་ཁྱབ་ཁོངས་སུ་ནང་ཆོས་ཞིབ་འཇུག་ནི་ཆེས་ཐོག་མར་བྱུང་བ་ཡིན་ལ།  ཞིབ་འཇུག་བྱེད་མཁན་ཆེས་མང་ཞིང་།  ཞིབ་འཇུག་བྱེད་ཚད་ཆེས་མཐོ་བ་དང་།  ཞིབ་འཇུག་ཁྱབ་ཁོངས་ཆེས་ཆེ་ལ།  ཞིབ་འཇུག་དཔྱད་འབྲས་ཆེས་གཡུར་དུ་ཟ་བ་དེ་ཡིན།

རང་རྒྱལ་ལ་དུས་རབས་རིམ་བྱོན་དུ་རྣམ་ཐར་དང་ཆོས་འབྱུང་འབྲི་བར་རྩིས་མཐོང་བྱེད་པའི་སྲོལ་རྒྱུན་ཡོད་ལ།  དེང་གི་རིག་གཞུང་སྨྲ་བའི་སྡེས་སྔ་སྲོལ་རྒྱུད་འཛིན་བྱས་ཏེ།  ཀྲུང་གོའི་ནང་བསྟན་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པ་དེ་དུས་རབས་འདིའི་རིག་གཞུང་སྨྲ་བའི་སྡེའི་ནང་ཆོས་ཞིབ་འཇུག་གི་གནད་གཙོ་བོ་ཞིག་ཡིན།  ཞིབ་འཇུག་གི་དཔྱད་འབྲས་ལས་ཆེས་ཚབ་མཚོན་རུང་བ་ནི་ཐང་ཡོན་ཐོན་(汤用彤)ལགས་ཀྱི་《ཧན་ཝེ་ཅིན་གཉིས་རྒྱལ་རབས་ལྷོ་བྱང་དུས་སྐབས་ཀྱི་ནང་བསྟན་ལོ་རྒྱུས་》(《汉魏两晋南北朝佛教史》)ཞེས་པ་དེ་ཡིན་ལ།  དེབ་འདིའི་བྱེད་ཐབས་ཞིབ་ཚགས་དང་ལྡན་ཞིང་།  ཁུངས་སྐྱེལ་ར་སྤྲོད་ཞིབ་མོ་གནང་ཡོད་ལ།  ཞིབ་བརྗོད་བྱས་པ་ཚགས་དམ་ཞིང་།  ཚིག་སྦྱོར་ཞིབ་ཚགས་དང་ལྡན་ལ།  ལྟ་ཚུལ་གསར་པ་མང་པོ་ཡོད་པས།  རྒྱལ་ཁབ་ཕྱི་ནང་གི་མཁས་པས་བསྔགས་བརྗོད་ཆེན་པོ་ཐོབ་ཅིང་།  དེ་ནི་ཞིབ་འཇུག་གི་ཁྱབ་ཁོངས་འདིའི་ཁྲོད་ཀྱི་གསུང་རྩོམ་གྲགས་ཆེན་ཞིག་ཡིན།  དེ་མིན་སྐུ་ཞབས་ཐང་ལགས་ཀྱི་《སུའེ་ཐང་རྒྱལ་རབས་སྐབས་ཀྱི་ནང་བསྟན་ལོ་རྒྱུས་》 (《隋唐佛教史稿》)ཞེས་པའི་གསུང་རྩོམ་དེ་ནི་སློབ་ཆེན་གྱི་ཁྲིད་ཡིག་ཡིན་པ་གང་ཞིག་ལ།  དེས་ཀྲུང་གོའི་ནང་བསྟན་ཆེས་ཆེར་དར་པའི་དུས་སྐབས་ཀྱི་ལོ་རྒྱུས་སྤྱི་ཁོག་བསྟན་ཡོད།  ཁྲིན་ཐན་(陈坦)གྱིས་བརྩམས་པའི་《明季滇黔佛教考》དང་།   《清初僧诤记》 《释氏疑年录》བཅས་ཀྱང་ཀྲུང་གོའི་ནང་བསྟན་ལོ་རྒྱུས་ལ་ཞིབ་འཇུག་བྱས་པའི་དཔྱད་འབྲས་གཙོ་བོ་ཡིན།  རེན་ཅིས་ཡུས་(任继愈)ལགས་ཀྱིས་གཙོ་སྒྲིག་མཛད་པའི་《ཀྲུང་གོའི་ནང་བསྟན་ལོ་རྒྱུས་》(《中国佛教史》)ལ་བམ་པོ་གསུམ་པར་དུ་བསྐྲུན་ཅིང་།  དེབ་དེ་དངོས་གཙོའི་ལོ་རྒྱུས་ལྟ་ཚུལ་ཀྱིས་མཛུབ་སྟོན་བྱས་ཤིང་།  རྒྱལ་ཁབ་ཕྱི་ནང་གི་ཞིབ་འཇུག་གི་དཔྱད་འབྲས་གསར་པ་དང་གནའ་རྫས་རྟོག་དཔྱོད་ཀྱི་གྲུབ་འབྲས་ཕུན་སུམ་ཚོགས་པོ་བསྡུ་ལེན་བྱས་པ་ལ།  ནང་དོན་ཕུན་སུམ་ཚོགས་ཤིང་ལྟ་ཚུལ་གསར་པ་མང་པོ་ཡོད།  ཏུའུ་ཅིས་ཝིན་(杜继文)གྱིས་གཙོ་སྒྲིག་བྱས་པའི་《སངས་རྒྱས་ཆོས་ལུགས་ཀྱི་ལོ་རྒྱུས》(《佛教史》)ཞེས་པ་ནི་ཀྲུང་གོའི་མཁས་པས་ནང་ཆོས་ཀྱི་འཕེལ་རིམ་ལ་ཕྱོགས་ཡོངས་ནས་ཕྱོགས་བསྡུས་རང་བཞིན་གྱིས་ཞིབ་འཇུག་བྱས་པའི་ཆེད་དེབ་ཐོག་མ་ཡིན།  ཧྲི་ཅིན་པའོ་ཡི་(史金波)《མི་ཉག་གི་ནང་བསྟན་ལོ་རྒྱུས་མདོར་བསྡུས་》(《西夏佛教史略》)ཞེས་པས་ཐང་རྒྱལ་རབས་རྗེས་ཀྱི་ནང་བསྟན་ལོ་རྒྱུས་ཞིབ་འཇུག་གི་སྟོང་ཆ་བསྐངས་ཡོད།  ས་གནས་རང་བཞིན་གྱི་ནང་བསྟན་ལོ་རྒྱུས་ལའང་ཞིབ་འཇུག་བྱེད་མཁན་ཇེ་མང་ཡིན་ཞིང་།   《ཧྥུ་ཅན་གྱི་ནང་བསྟན་ལོ་རྒྱུས་》(《福建佛教史》)དང་།  《ཅང་ཞིས་ཡི་ནང་བསྟན་ལོ་རྒྱུས》(《江西佛教史》)  《ཧང་ཀྲུའུ་ཡི་ནང་བསྟན་ལོ་རྒྱུས》(《杭州佛教史》)  《ཁྲང་ཨན་གྱི་ནང་བསྟན་ལོ་རྒྱུས་》(《长安佛教史》)ལ་སོགས་པའི་བརྩམས་ཆོས་སྐོར་ཞིག་བྱུང་།  ཞའེ་ཁྲུན་ཀོང་(谢重光)དང་པའེ་ཝུན་ཀུའུ་(白文固)གཉིས་ཀྱིས་བརྩམས་པའི་《中国僧官制度史》དང་།  ཀྲང་ཀུང་ཧན་(张弓汉)གྱི་《唐佛寺文化史》   ཧའོ་ཁྲུན་ཝུན་(郝春文)གྱི་《唐后期五代宋初敦煌僧尼的社会生活》བཅས་ནི་བླ་སྤྱི་དཔོན་རིགས་ལམ་ལུགས་དང་།  ནང་པའི་དགོན་པ།  རབ་བྱུང་བའི་འཚོ་བ་བཅས་ཀྱི་ཁྱབ་ཁོངས་ཀྱི་དཔྱད་འབྲས་གཙོ་བོ་ཡིན།  ཉེ་བའི་ལོ་ངོ་ཉི་ཤུའི་ཡུན་ལ་བོད་བརྒྱུད་ནང་བསྟན་དང་གསང་སྔགས་ལ་དཔྱད་པའང་རིམ་བཞིན་ཀུན་གྱིས་དོ་སྣང་བྱེད་ཡུལ་དུ་གྱུར་ལ།  དེ་འབྲེལ་གྱི་གསུང་རྩོམ་སྐོར་ཞིག་བྱུང་ཞིང་།  དེ་ལས་གཙོ་བོ་ནི་ཝང་སིན་(王森)གྱི་《བོད་ཀྱི་ནང་བསྟན་ལོ་རྒྱུས་མདོར་བསྡུས་》(《西藏佛教发展史略》)དང་།  ལེ་ཅན་ཧྥུའུ་(吕建福)ཡི་《ཀྲུང་གོའི་གསང་སྔགས་ལོ་རྒྱུས》(《中国密宗史》)  བསོད་ནམས་ཚེ་རིང་གི་《བོད་ཀྱི་གསང་སྔགས་ལོ་རྒྱུས》(《西藏密教史》)  དཔལ་འབར་རྡོ་རྗེའི་《བོད་བརྒྱུད་ནང་བསྟན་གྱི་ལྟ་གྲུབ་བྱུང་འཕེལ་》(《藏传佛教思想史纲》)བཅས་ལ་རིག་གཞུང་སྨྲ་བའི་སྡེས་རྩིས་མཐོང་ཐོབ་ཡོད།  གནས་བརྟན་སྡེ་པའི་ནང་ཆོས་ཞིབ་འཇུག་གི་ཐད་ལ་ལུའུ་ཡན་(刘岩)གྱི་《ལྷོ་བརྒྱུད་ནང་བསྟན་དང་ཏའེ་རིགས་ཀྱི་རིག་གནས་》(《南传佛教与傣族文化》)དང་།  ཀྲང་ཀུང་ཅིན་(张弓瑾)ཡི་《贝叶文化论》 སོགས་ཡོད་དོ། །

ནང་པའི་གཞུང་དོན་དང་ལྟ་གྲུབ།  དེའི་འཕེལ་རིམ་ལ་ཞིབ་འཇུག་བྱེད་པ་ནི་ཉེ་བའི་ལོ་བརྒྱའི་རིང་གི་ནང་ཆོས་ཞིབ་འཇུག་གི་གཙོ་གནད་ཡིན།  1919ལོར་ཞེ་ཝུའུ་ལིའང་(谢无量)གིས་《ནང་ཆོས་ཀྱི་སྤྱི་དོན་》 (《佛学大纲》)ཞེས་པ་པར་དུ་བསྐྲུན་ཅིང་།  དེའི་རྗེས་སུ་དཔེར་ན་ཅང་ཝེ་ཆའོ་(蒋维乔)ཡི་《ནང་ཆོས་སྤྱི་བཤད་》(《佛学概论》)དང་།  ཧུང་ཁྲན་ཧྭ་(黄忏华)ཡི་《ནང་ཆོས་སྤྱི་བཤད》(《佛学概论》)  ཝང་ཨེན་ཞང་(王恩洋)གི་《ནང་ཆོས་གསལ་འགྲེལ》(《佛学通释》) དབྱིན་ཧྲོན་གྱི་(印顺)《ནང་ཆོས་སྤྱི་བཤད་》(《佛学概论》)བཅས་དང་།  དེ་མིན་ཁོ་བོའི་(方立天)《ནང་བསྟན་མཚན་ཉིད་རིག་པ་》(《佛教哲学》)དང་།  《ཀྲུང་གོའི་ནང་བསྟན་མཚན་ཉིད་རིག་པའི་སྤྱི་དོན་》(《中国佛教哲学要义》)སོགས་ཀྱིས་རིག་གཞུང་ལ་ཤུགས་རྐྱེན་ངེས་ཅན་ཞིག་བཞག་ཡོད།  ནང་པའི་ལྟ་གྲུབ་བྱུང་འཕེལ་སྐོར་གྱི་གསུང་རྩོམ་ལས་ལེ་ཁྲིན་(吕澂)གྱི་《རྒྱ་གར་གྱི་ནང་ཆོས་བྱུང་འཕེལ་རགས་བཤད》(《印度佛学源流略讲》)དང་།  《ཀྲུང་གོའི་ནང་ཆོས་བྱུང་འཕེལ་རགས་བཤད་》(《中国佛学源流略讲》)གཉིས་ནི་རྩེ་གྲ་ཡིན།  སྔ་མས་མ་ལག་དང་ལྡན་པའི་སྒོ་ནས་རྒྱ་གར་གྱི་གདོད་མའི་ནང་ཆོས་དང་།  ཉན་ཐོས་སྡེ་པའི་ནང་ཆོས།  ཐོག་མའི་དུས་ཀྱི་ཐེག་པ་ཆེན་པོའི་ཆོས།  ཐེག་པ་དམན་པའི་ཆོས།  བར་མའི་དུས་ཀྱི་ཐེག་པ་ཆེན་པོའི་ཆོས་དང་མཐའ་མའི་དུས་ཀྱི་ཐེག་པ་ཆེན་པོའི་ཆོས་བཅས་ཞིབ་བརྗོད་གནང་ཡོད་ལ།  ཕྱི་མས་ཀྲུང་གོའི་ནང་ཆོས་ཀྱི་ལོ་ཙཱ་དང་།  བསྟན་བཅོས།  སློབ་དཔོན་གྱི་བཤད་པ།(师说)  གྲུབ་མཐའ།  དར་ཡུལ་དང་ལྟ་གྲུབ་ཀྱི་བྱུང་འཕེལ་སོགས་ཞིབ་བརྗོད་གནང་ཡོད་པ་ལ།  སྔ་གཞུག་ཞིབ་མོ་རྣམ་འཐག་བྱས་ཤིང་།  གོ་རིམ་དང་ལྡན་པར་དཔྱད་པ་གནང་ཡོད་པས་རིག་གཞུང་གི་རིན་ཐང་ཆེས་ཆེར་ལྡན།

གྲུབ་མཐའ་ཞིབ་འཇུག་དང་།  སྒོས་སུ་བསམ་གཏན་པའི་གྲུབ་མཐའ་ལ་ཞིབ་འཇུག་བྱེད་པ་དེ་ཡང་དུས་རབས་འདིར་ཡང་དང་བསྐྱར་དུ་ཚ་རླབས་འཕྱུར།  ཧུའུ་ཧྲི་(胡适)ནི་དེང་རབས་ཀྱི་བསམ་གཏན་པའི་གྲུབ་མཐའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་ཤིང་རྟ་བ་ཡིན་ལ།  ལོ་རབས་20པ་ནས་བཟུང་ཁོང་གིས་སྔ་རྗེས་སུ་《禅学古史考》 《胡适楞伽宗考》 《菩提达摩考》སོགས་བརྩམས་ཆོས་སྤེལ་ཤིང་།  དུས་སྔ་མའི་བསམ་གཏན་པའི་ལོ་རྒྱུས་ལ་ཐུན་མོང་མ་ཡིན་པའི་ལྟ་ཚུལ་བཏོན་པས།  བསམ་གཏན་པའི་ཞིབ་འཇུག་ལ་སྐུལ་འདེད་ཆེན་པོ་བྱས།  དབྱིན་ཧྲོན་(印顺)གྱི་《ཀྲུང་གོའི་བསམ་གཏན་པའི་གྲུབ་མཐའ།—རྒྱ་གར་ནས་ཀྲུང་གོའི་བསམ་གཏན་པའི་བར》(《中国禅宗—从印度到中国禅》)ཞེས་དང་།  ཏུའུ་ཅིས་ཝུན་(杜继文)དང་ཝེ་ཏའོ་རུའུ་(魏道儒)གཉིས་ཀྱི་《ཀྲུང་གོའི་བསམ་གཏན་པའི་གྲུབ་མཐའི་ལོ་རྒྱུས》(《中国禅宗通史》)  ཀུ་ཀྲའོ་ཀུང་(葛兆光)གི་《ཀྲུང་གོའི་བསམ་གཏན་པའི་ལྟ་གྲུབ་ལོ་རྒྱུས—དུས་རབས་དྲུག་པ་ནས་དགུ་པའི་བར》(《中国禅宗思想史—从六世纪到九世纪》)  དབྱང་བཙུན་ཝུན་(杨曾文)གྱི་《ཐང་དང་རྒྱལ་རབས་ལྔའི་དུས་སྐབས་ཀྱི་བསམ་གཏན་པའི་ལོ་རྒྱུས》(《唐五代禅宗史》)  ཝུའུ་ལིས་མེན་(吴立民)་དང་ཞུས་སོན་མེན་(徐荪铭)གྱི་《བསམ་གཏན་པའི་གྲུབ་མཐའི་བྱུང་འཕེལ་ལོ་རྒྱུས》(《禅宗宗派流渊》)  ཕན་ཀུས་མེན་(潘桂明)གྱི་《ཀྲུང་གོའི་བསམ་གཏན་པའི་ལྟ་གྲུབ་བྱུང་འཕེལ》(《中国禅宗思想历程》)  ཧུང་ཞོས་ཕེན་(洪修平)གྱི་《བསམ་གཏན་པའི་ལྟ་གྲུབ་བྱུང་འཕེལ》(《禅宗思想的形成与发展》)སོགས་ཀྱིས་བསམ་གཏན་པའི་ཞིབ་འཇུག་ལ་དཔྱད་འབྲས་ལེགས་པོ་བླངས་ཡོད།  དེ་མིན་གནམ་སྟེགས་པ་དང་།  རྣམ་བཤད་གསུམ་པ་བ།(三论宗)  ཕལ་ཆེན་པ།  དག་ས་པ།   སེམས་ཙམ་པ།(法相唯识宗)བཅས་ཀྱི་ཐད་ལའང་དཔྱད་འབྲས་ཅུང་མང་པོ་ཐོན་ཡོད།

ནང་པའི་མི་སྣ་ལ་ཞིབ་འཇུག་བྱེད་པ་ནི་མཁས་པ་རྣམས་ཀྱིས་དོ་ཁུར་བྱེད་པའི་གཙོ་གནད་ཅིག་ཡིན།  དཔེར་ན་ཧའེ་ཡོན་(慧远)དང་།  སིན་ཀྲའོ།(僧肇)  ཀྲི་ཁའེ།(智凯)  ཧྥ་ཙང་(法藏)  ཧའེ་ནན་(慧能)སོགས་ནང་པའི་ལོ་རྒྱུས་སྟེང་གི་མི་སྣ་གཙོ་བོ་ལ་ཞིབ་འཇུག་བྱེད་ཅིང་།  དེ་དག་ཚང་མར་ཆེད་དེབ་བྲིས་ཡོད་ལ།  ནང་པའི་བན་ཆེན་མོར་རྣམ་ཐར་དཔྱད་བརྗོད་འབྲི་བའང་དར་པའི་སྒང་ཡིན།

ནང་པའི་གཙུག་ལག་དག་སྒྲིག་དང་།  ཁུངས་སྐྱེལ་དག་འབུད།  ཞིབ་འཇུག་བྱེད་པ་ནི་དུས་རབས་རིམ་བྱོན་གྱི་མཁས་པ་དག་གིས་རྩིས་མཐོང་ཆེན་པོ་བྱེད།  དཔེར་ན་ནན་ཅིན་ཅིན་ལིན་དཔར་ཁང་(南京金陵刻经处)གིས་འདེམ་སྒྲིག་བྱས་པའི་《藏要》དང་།  ཁྲིན་ཐན་(陈坦)གྱི་《中国佛教史籍概论)  ལེ་ཁྲིན་(吕澂)གྱི་《ཆོས་ཀྱི་སྡེ་སྣོད་ཆེན་པོའི་དཀར་ཆག་གསར་བསྒྲིགས》(《新编大藏经目录》)  ཧྲི་ཅོན་(石峻)སོགས་ཀྱིས་བསྒྲིགས་པའི་《ཀྲུང་གོའི་ནང་པའི་ལྟ་གྲུབ་གཙུག་ལག་འདེམ་སྒྲིག》(《中国佛教思想资料选编》)  ཧྥང་ཀྭང་ཁྲང་གི་(方广锠)《藏外佛教文献》  《敦煌佛教经录辑校》 《དུས་རབས་བརྒྱད་པ་ནས་བཅུ་པའི་བར་གྱི་ནང་པའི་ཆོས་ཀྱི་སྡེ་སྣོད་ཆེན་པོའི་ལོ་རྒྱུས》(《八至十世纪佛教大藏经史》)  ཁྲིན་ཧྲི་ཆའང་ (陈士强)གི་《ནང་པའི་གསུང་རབ་གསལ་འགྲེལ་》(《佛典精解》)སོགས་ནི་འདིའི་ཕྱོགས་ཀྱི་དཔྱད་འབྲས་གཙོ་བོ་ཡིན།

དུས་རབས་20ལོ་རབས་80པ་ནས་རྒྱལ་ནང་དུ་སྲོལ་རྒྱུན་རིག་གནས་ཀྱི་ཚ་རླབས་འཕྱུར་པ་དང་དུས་མཉམ་དུ།  ནང་པའི་རིག་གནས་ལའང་ཞིབ་འཇུག་བྱེད་པའི་ཚ་རབས་འཕྱུར།  ནང་ཆོས་དང་ཀྲུང་གོའི་རིག་གནས་ཀྱི་འབྲེལ་བ་ལ་ཞིབ་འཇུག་བྱེད་པའི་བརྩམས་ཆོས་བར་སྐབས་ཤིག་ལ་ཆར་ཤུལ་དུ་ཤ་མོ་བརྡོལ་བ་ལྟར་གསུང་རྩོམ་གྲགས་ཆེན་རིམ་པར་བྱུང་།

ནང་ཆོས་ཞིབ་འཇུག་ལ་གྲུབ་འབྲས་མངོན་གསལ་བླངས་ཡོད་མོད།  དེ་ལའང་ཞིབ་འཇུག་ཆེར་མ་བྱས་པ་དང་གནད་དོན་མི་ཉུང་བ་ཞིག་ཡོད་ཅིང་།  ཞིབ་འཇུག་གི་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་ཏུ་གཏོང་དགོས།  ད་ལྟ་ནང་ཆོས་ཞིབ་འཇུག་ཐད་ཀྱི་གནད་དོན་གཙོ་བོ་ནི་ཞིབ་འཇུག་བྱེད་མཁན་ལ་གནད་དོན་གྱི་འདུ་ཤེས་དང་གསར་སྐྲུན་གྱི་འདུ་ཤེས་ཞན་པ་དང་།  ཞིབ་འཇུག་གི་བྱ་བ་ལ་གསར་སྤེལ་གྱི་རང་བཞིན་དཀོན་ཞིང་།  ནང་ཆོས་ཞིབ་འཇུག་གི་དཀའ་གནད་ཀྱི་ཐད་ལ་ད་ལྟའི་བར་དུ་དཔྱད་འབྲས་མངོན་གསལ་མེད་པ།  སུང་རྒྱལ་རབས་རྗེས་ཀྱི་ནང་བསྟན་དང་།  ནུབ་ལྗོངས་(西域)ཀྱི་ནང་བསྟན།  བོད་བརྒྱུད་ནང་བསྟན།  གནས་བརྟན་སྡེ་པའི་ནང་ཆོས།  དག་ས་བ།  ཁྱིམ་གནས་དགེ་བསྙེན་གྱི་ནང་ཆོས།(居士佛教)  བུད་མེད་དད་ལྡན་པའི་ནང་ཆོས།(女众佛教)  མང་ཚོགས་ཀྱི་ནང་ཆོས་སམ་དམངས་ཁྲོད་ཀྱི་ནང་ཆོས།(大众佛教或民间佛教)  ཉམས་ལེན་གྱི་ནང་ཆོས།(修持佛教)  དེང་རབས་ནང་བསྟན་ལ་སོགས་པར་ཞིབ་འཇུག་ཆེན་པོ་བྱས་མེད་པ་མ་ཟད།  ད་ལྟའི་བར་དུ་མ་ལག་དང་ལྡན་ཞིང་ཕྱོགས་ཡོངས་ཁེབས་ལ།  གཏིང་ཟབ་པའི་ཀྲུང་གོའི་ནང་བསྟན་ལོ་རྒྱུས་ཆ་ཚང་ཞིག་བྱུང་མེད།  གནད་དོན་དེ་དག་གི་ཐད་ལ་ནང་ཆོས་ཞིབ་འཇུག་བྱེད་མཁན་དག་གིས་མ་སྐུལ་དང་བླངས་ཀྱིས་འབད་པ་ཆེན་པོས་གསར་སྐྲུན་བྱས་ཏེ།  བརྩོན་པ་སྔར་ལས་བསྐྱེད་རིགས་སོ། །

 

 

དཔེ་ཀློག་འོས་སྦྱོར་དཔེ་ཐོ།

 

[隋]慧远:《大乘义章》大正藏,第44卷。

石峻等编:《中国佛教思想资料选编》(第1-4卷第1册),中华书局,1981-1992年。

赵朴初:《佛教常识答问》法音文库,中国佛教协会,1990年。

印顺《印顺法师佛学著作全集》,23卷,中华书局,2009年。

汤用彤:《汉魏两晋南北朝佛教史》,《汤用彤全集》,第1卷,河北人民出版社,2000年。

吕澂:《印度佛学源流略讲》,《吕澂佛学论著选集》(四),齐鲁书社,1991年。

吕澂:《中国佛学源流略讲》,《吕澂佛学论著选集》(五),齐鲁书社,1991年。

任继愈主编:《中国佛教史》1-3卷,中国社会科学院出版社,1981-1988年。

中国佛教协会编:《中国佛教》1-4册,上海知识出版社,1989年,第五册,中国社会科学院出版社,2004年。

杜继文主编:《佛教史》,中国社会科学院出版社,1991年。

楼宇烈主编:《当代中国宗教研究精选丛书·佛教卷》,民族出版社,2008年。

方立天:《佛教哲学》(修订本),中国人民大学出版社,1991年。

方立天:《中国佛教与传统文化》,上海人民出版社,1999年第3版。

方立天:《中国佛教哲学要义》,中国人民大学出版社,2005年“中国文库”版。